ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་པདྨ་རྫོང་དུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།
འབྱུང་ཁུངས།: 2019/11/20

 

       རྫོང་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིའདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་།  ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོ

བྱེད་དགོས་པ་གཉིསདོན་འཁྱོལ་བྱས་ཏེ། སྔར་བས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་རྒྱུར་ཁྲིད་སྟོན་བྱེད་

ཆེད། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར་དུ། ཟླ11བའི་ཚེས20ཉིན།  པད་རྫོང་གིས་ཞིང་ཏང་ཨུའིསྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་།  ཞིང་ཆེན་ཏང་
ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རན་ཡན་ཀའོ་གོ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རན་གཞོན་པ་ཝང་ཧྥུང་དབྱིང་དང་། ཞིང་ཆེན་ཏང་
ཨུའི
་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁྲུའཡི་ཀྲུའུ་རན་ཁོའོ་ཡོན་ཀྲང་ཅན་ཅོན་བཅས་རྫོང་ཡོངས་ཀྱི་ལས་བྱེད་ལས་བཟོ་བར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་
ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་སྒྲོག་འགྲེལ་བྱེད་པར་གདན་འདྲེན་ཞུས་པ་རེད།
      
རྒྱ་ཆེའི་ལས་བྱེད་ལས་བཟོ་བར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་ཆེད། ཆེད་
དོན་ཟུར་ཁྲིད་ཚོགས་འདུ་དེ་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད། 
རྫོང་གི་རྫོང་རིམ་པ་གཞོན་པ་ཡན་གྱི་གོ་ཁྲིད་ལས་བྱེད་པ་དང་།  རྫོང་ཨུའི་སྡེ་
ཁག་སོ་སོ
་དང་རྫོང་ཐད་གཏོགས་ལས་ཁུངས།  ཞིང་ཆེན་གྱི་རྫོང་སྡོད་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཏང་ཡོན་ལས་བྱེད་པ་བཅས་རྫོང་གི་
ཚོགས་ར་གཙོ་བོར་ཚོགས་ཞུགས་
བྱས།   ང་གྲོང་རྡལ་གྱི་རྫོང་རིམ་པ་གཞོན་པ་ཁག་གཅིག་གི་མཉམ་འབྲེལ་ས་ཚིགས་ཀྱི་གོ་ཁྲིད་དང་ང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་
གཞུང་གི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་
བ་ཡོངས།  སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གི་ཁོངས་མི་དང་དགོན་སྡེའི་དམངས་དོན་ཨུ་ལྷན་གྱི་ཁོངས་མི་རྣམས་ཞང་གྲོང་
རྡལ་ཁག་གི་ཡན་ལག་ཚོགས་རར་ཚོགས་ཞུགས་
བྱས་པ་དང་། ཐེངས་འདིའི་ཚོགས་འདུ་ལ་རྫོང་དང་ང་། སྡེ་བ་བཅས་ཁྱོན་ མི600ལྷག་ཙམ་ཞུགས་ཤིང་ ཚོགས་འདུ་ལ
ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའིརྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིསའགོ་འཛིན་གནང་བ་རེད།
      
ཞིང་ཏང་ཨུའིསྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་།  ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རན་ཡན་ཀའོ་གོཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་
ཕི
གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་
ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི
ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགསལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་
དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་
རབ་དང་རིམ་པའི་སྐོར་
གྱི་ཆོད་དོན
ལ་དམིགས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཀྲུང་
གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་རྒྱས་བཤད་གཏིང་ཟབ་གནང་བ།   ཚང་
འཛོམས་གྲོས་ཚོགས་ཐོག
ཆོད་དོནནང་བཏོན་པའི་སྤྱིའི་བླང་བྱ་དང་།  སྤྱིའི་དམིགས་འབེན།  གཙོ་གནད་ལས་འགན་བཅས་ལ་རྒྱུད་རིམ་ལྡན་པའི་འགྲེལ་བཤད་གནང་
བ་མ་ཟད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་
ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་
སྐྱིད་བཅས་ཡོང་བ་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད།
  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་
ཐེངས་གཅིག་ལ་བརྟེན་ནས་གནད་དོན་གལ་ཆེན་དག་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་ནི་ཆབ་སྲིད་དང་། ཁྱོན་ཡོངས། འཐབ་ཇུས་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་
བསམ་གཞིག་བྱས་ཏེ་མིག་སྔར་གཞི་ཚུགས་པ་དང་རྒྱང་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།   རིམ་པ་ཁག་གི་ཏང་ཨུ་ཡིས
(ཏང་
ཙུའུ)ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་འོག་རང་ས་ཁུལ་དང་། ལས་ཁུངས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལམ་ལུགས་གསར་གཏོད་དང་
བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གིས་ཁ་གསལ་བཟོས་པའི་རྒྱལ་ཁབ་བཅོས་སྐྱོང་གི་འཕྲལ་མཁོའི་ལམ་ལུགས་དང་མི་དམངས་

ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་སྐོང་བར་དགོས་ངེས་ཀྱི་ལམ་ལུགས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཏེ་ཕྱོགས་ཁག་

གི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གི་ལས་ཁུངས་སོ་སོས་ལམ་ལུགས་གསར་གཏོད་དང་

བཅོས་སྐྱོང་ནུས་པ་འཛུགས་པར་ཧུར་བརྩོན་དང་རང་འགུལ་བྱ་དགོས་ལ།   ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལམ་ལུགས་ཀྱི་གཏན་

འབེབས་ལ་བརྩི་སྲུང་ཡང་བྱེད་དགོས་ཤིང་། སྒྲིག་སྲོལ་མི་བརྩི་བ་དང་། སྒྲིག་ཁྲིམས་མི་སྲུང་བ། སླ་བཅོས་དེ་བས་ཀྱང་བྱེད་མི་རུང་བ། གནད་འགག་ནི་ཚང་འཛོམས་གྲོས་ཚོགས་

ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་པ་དེ་རེད།

       ཤ་བོ་སྐྱབས་ཀྱིས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་

ཅུན་གྱིས་ཟླ11ཚེས8ཉིན་རྨ་ལྷོ་ཁུལ་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་བཏོན་པའི་སློབ་

སྦྱོང་ནན་ཏན་དང་། དྲིལ་བསྒྲགས་རྒྱ་ཁྱབ། རྒྱུན་མཐུད་གཏིང་ཟབ་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་མཚོ་སྔོན་དུ་དོན་འཁྱོལ་ཐུབ་རྒྱུར་

སྐུལ་འདེད་གཏོང་དགོས་པའི་བླང་བྱ་ལྟར་དུ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་།  དྲིལ་བསྒྲགས།

ལགབསྟར་བཅས་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་དོན་ཆེན་ཨང་དང་པོ་དང་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་དགོས་

པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་

ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་

གལ་ཆེན་དངཆོད་དོནགྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་ཏན་ཏིག་བྱེད་དགོས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་

ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆར་གོ་བ་གཏིང་ཟབ་བླངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་རང་རྟོན་ཇེ་

བརྟན་དུ་གཏོང་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་

དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། སྤྱིའི་དམིགས་འབེན། གཙོ་གནད་ལས་འགན་བཅས་ཁོང་དུ་ཡང་དག་ཆུད་

པར་བྱས་ཏེ།  སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་།  སེམས་ལ་འཆང་བ། དོན་དངོས་ཀྱི་ཁྲོད་དུ་སྐྱོད་པ་བཅས་བྱེད་

དགོས་པའི་བྱང་བྱ་བཏོན།

       ཟུར་ཁྲིད་ཚོགས་འདུ་རྫོང་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་།  རྫོང་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའོ་ཡོན་པང་གིསད་སོ་མའི་ཀྲུའུ་

ན་ཡན་ཀའོ་གོ་ལགས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྐོར་གྱི་འགྲེལ་བཤད་ཉན་རྗེས་ཕན་པ་ཆེན་པོ་ཐོབ་སོང

ཞེས་བཤད་པ་དང་། གོམ་སྟབས་རྗེས་མར་ང་ཚོས་འཇོན་ཐང་མི་སྣ་འཐེན་སྐོང་བྱས་ནས་རྫོང་དང་ཞང་རིམ་པ་གཉིས་སུ་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས་རིམ་པ་དང་

རིགས་དབྱེ་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་ལས་ཁུངས་དང་། སློབ་གྲྭ དམག་

སྒར།   ཁེ་ལས་བཅས་སུ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་རྫོང་ཡོངས་སུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་

དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱེད་རྒྱུ། རྫོང་ཨུ་གཞུང་ལས་ཁང་གི་ལས་བྱེད་པ་སངས་རྒྱས་སྒྲོལ་མས་ཞིང་ཆེན་ཏང་ཨུས་

སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆེད་དོན་ཟུར་ཁྲིད་བྱས་པ་བརྒྱུད་ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་

ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་།    དགེ་མཚན་ལྡན་པའི་

ལེགས་ཆ་དེ་པདྨ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་གཏིང་ཟབ་བྱུང་ཞིང་། དུས་རབས་གསར་པའི་ན་གཞོན་

ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཉམས་ལེན་འབད་སྒྲུབ་དང་ལམ་ལུགས་རང་རྟོན་ཇེ་བརྟན་དུ་བཏང་ནས་རང་རྟོགས་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང

ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱི་དད་མོས་བྱེད་མཁན་དང་ལག་ལེན་པ་ཞིག་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་་་་་

འདེད་གཏོང་དགོས་ཞེས་བཤད་པ་རེད།

 

 

 

 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།