ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་པདྨའི་མགྲོན་ཁང་གིས་ཕྱི་ཕྱོགས་སུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ།
འབྱུང་ཁུངས།: 2019/11/17

 

     ཟླ11པའི་ཚེས16ཉིན། པདྨ་རྫོང་གི་པདྨའི་མགྲོན་ཁང་དངོས་སུ་སྒོ་ལས་གཉེར་བྱེད་འགོ་ཚུགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་
རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དབང་འབུམ་ཚེ་རིང་། རྫོང་སྲིད་གྲོས་ཀྱི་ཀྲུའ་ཞི་ཀྲང་ཨན་སའེ། དེ་བཞིན་སེ་ལེ་ཐང་གྲོང་རྡལ་དང་ལྕགས་རི་
ཐང་ཞང་།  རྫོང་ཐད་གཏོགས་ལས་ཁུངས་དང་། ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་ཀྱི་ལས་བྱེད་པ།  དེ་མིན་རྫོང་སྣེ་ལེན་ཁང་གི་ལས་བཟོ་བ་ཡོངས་དང་པདྨའི་
སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་མི་སྣ་བཅས་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།
     
མཛད་སྒོའི་སྟེང་ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབང་འབུམ་ཚེ་
རིང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཨན་སའེ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་གཡང་དཀར་བཅས་ཀྱིས་པདྨ་རྫོང་པདྨའི་མགྲོན་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད། རྫོང་
སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་ཞིན་གྱིས་རྫོང་གི་ཚན་ཁག་ཆེན་པོ་བཞི་དང་དེ་བཞིན་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ཏེ་ཡང་བསྐྱར་པདྨའི་
མགྲོན་ཁང་སྒོ་འབྱེད་ཐུབ་པ་ལ་རྟེན་འབྲེལ་ཞུས་ཤིང་། པདྨའི་མགྲོན་ཁང་དེ་པདྨ་རྫོང་གི་མགྲོན་ཁང་ལས་རིགས་ཀྱི་སྤུས་རྟགས་རྙིང་པ་ཞིག་ཡིན་པའི་ངོས་ནས1993ལོར་
བཙུགས་པ་དང་ལོ་ངོ26རིང་གི་དཀའ་སྡུག་བརྒྱུད་དེ་པདྨ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་ལ་བདེན་དཔང་བྱས་ཡོད་ཅིང་།
ད་ལྟ་གནས་སྤོས་སྒྱུར་བཀོད་བྱས་པ་བརྒྱུད་པདྨའི་མགྲོན་ཁང་གསར་བ་སྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་པ་དེས་པདྨ་རྫོང་གི་ཡུལ་སྐོར་བཟའ་བཏུང་ལས་རིགས་འཕེལ་རྒྱས་
ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ་གསོ་སྦྱོང་ལས་ཞུགས་དང་ངལ་ལས་གཞན་སྒྱུར་བྱས་ནས་ཕྱུག་འགྱུར་འབབ་འཕར་གཞི་གཅིག་ཅན་གྱི་དངོས་ཚན་དབུལ་སྐྱོར་ཐོན་ལས་
གཉིས་པར་འགྱུར་ངེས་རེད་ཞེས་བསྟན།
    
པདྨ་རྫོང་གི་དེ་སྔའི་པདྨའི་མགྲོན་ཁང་ནི1993ལོར་སྐྲུན་པ་དང་རྫོང་སྲིད་གཞུང་གི་ར་སྐོར་ནང་དུ་གནས་ཤིང་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ
5700ཡོད་ལ་དེར་ཁྱོན་མགྲོན་ཁང41དང་མལ་ཁྲི76ཡོད་ཅིང་།  གཙོ་བོ་པདྨ་རྫོང་གི་ཕྱི་ནང་གི་མགྲོན་པོ་སྣེ་ལེན་དང་དེ་བཞིན་ཕྱི་ཕྱོགས་སུ་ཞག་སྡོད་གཉེར་སྐྱོང་
སོགས་ཞབས་ཞུའི་ལས་དོན་ཁག་སྤེལ་ནས། པདྨ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།
 ད་ལྟ་པདྨའི་མགྲོན་ཁང་གི་
སྔོན་གྱི་ཐོག་ཁང་གི་སྒྲིག་གཞི་རྙིང་རལ་དུ་གྱུར་བ་དང་མུ་མཐུད་དུ་ལས་གཉེར་བྱེད་པར་མི་འོས་པར་བརྟེན་མགྲོན་ཁང་གི་དཔལ་འབྱོར་ཕན་འབྲས་མུ་མཐུད་དུ་འདོན་སྤེལ་
བྱ་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད་པདྨའི་མགྲོན་ཁང་དེ་གངས་ལྗོངས་བོད་ཇའི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་གནས་སྤོར་
བྱས་པ་དང་གནས་སྤོར་སྒྱུར་བཀོད་བྱས་རྗེས་ཀྱི་པདྨའི་མགྲོན་ཁང་གི་འཛུགས་སྐྲུན་ལ་སྨི་ངོས་གྲུ་བཞི་མ3800ཡོད་པ་དང་། ཚད་ལྡན་གྱི་མི་གཉིས་སྡོད་སའི་ཁང་པ35
དང་། རྒྱས་སྤྲོས་ཆེ་བའི་ཁང་པ3དང་མལ་ཁྲི74མགྲོན་ཁང་གིས་རང་འདེམས་ཟ་ཁང་དང་། ཅོག་ཟས་ཟུར་བཞུགས་ཁང་། གངས་ལྗོངས་བོད་ཇ་ཐོན་རྫས་འགྲེམས་སྟོན་ཁང་
དང་གངས་ལྗོངས་བོད་ཇ་རོལ་མྱོང་ཁང་སོགས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
    
མཛད་སྒོ་མཇུག་སྒྲིལ་རྗེས་ཚང་མས་པདྨ་རྫོང་པདྨའི་མགྲོན་ཁང་གི་བཟའ་བཏུང་དང་ཞག་སྡོད་ཚང་བའི་སྒྲིག་བཀོད་དང་དེ་བཞིན་གངས་ལྗོངས་ཇ་ཐོན་རྫས་་་་
འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་ཏེ་སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་པདྨའི་མགྲོན་ཁང་གི་སྒྲིག་སྲོལ་ལམ་ལུགས་བཙུགས་པ་དང་། སྒྲིག་བཀོད་སྒྲིག་ཆས་གསར་སྒྱུར། ཞབས་
ཞུའི་བརྒྱུད་རིམ་ཚད་ལྡན་བཅས་ལ་ཁས་ལེན་གནང་པར་མ་ཟད་པདྨའི་མགྲོན་ཁང་གི་འཕེལ་རྒྱས་ཐད་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་པ་རེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།