ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས2019ལོའི་དབུལ་ཐར་འགག་སྒྲོལ་ཞིང་ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་བྱ་བའི་གྲོས་ཚོགས་བསྡུས།
འབྱུང་ཁུངས།: 2019/11/17

 

       ཟླ11པའི་ཚེས17ཉིན།  པདྨ་རྫོང་གིས2019ལོའི་དབུལ་ཐར་འགག་སྒྲོལ་ཞིང་ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་བྱ་བའི་གྲོས་ཚོགས་བསྡུས།  ཞིང་ཆེན་

དབུལ་སྐྱོར་གསར་སྤེལ་ཅུས་ཏང་ཙུའུ་ཡི་ཁོངས་མི་མཚོ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རིན་ཝང་ཏ་ཅུན་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཕྱི་རྒྱལ་

བོད་རིགས་སྤུན་ཟླའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་མཁའ་འགྲོ་ཚེ་རིང་།   ཞིང་ཆེན་གཙོ་གནད་ལས་རིགས་ལག་རྩལ་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན་ལི་ཨེར་ཆང་།
ཡུལ་ཤུལ་ཁུལ་དམངས་སྲིད་ཅུས་མཁར་གྲོང་དམའ་སྐྱོང་ཁོའོ་ཁོའོ་ཀྲང་རིན་ཆེན་ནོར་བུ།   མི་དམངས་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་ཡིད་རྟོན་དོ་དམ་ཁྲུའུ་ཡི་
ཀྲུའུ་རིན་གཞོན་པའི་ཁོའོ་ཡོན་ཀུའོ་ཧྥེང་ཡུས་དང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཀྲུའུ་རིན་གཞོན་པའི་ཁོའོ་ཡོན་ཏིན་ཀོའུ་ཆིང་། ཁུལ་
སྡོད་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་ཧོང་པིང་ཞུང་བཅས་གྲོས་ཚོགས་ལ་ཞུགས་པ་རེད། ཁུལ་ཨུའི་རྒྱུན་ཨུའམ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་དམངས་ཆེན་ཀྲུའུ་
རིན་དབང་འབུམ་ཚེ་རིང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཨན་སའེ། གཞན་ཡང་རྫོང་ཨུའི་རྒྱུན་ཨུ་རྣམས་དང་ཞང་གྲོང་རྡལ་ཁག རྫོང་ཨུའི་སྡེ་ཁག་སོ་སོ་དང་།  རྫོང་ཐད་
གཏོགས་ལས་ཁུངས་དང་ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས་ཤིང་།   རྫོང་སྲིད་གཞུང་རྫོང་དཔོན་གཞོན་པ་ཀྲང་
ཞིན་གྱིས་གྲོས་ཚོགས་ལ་འགོ་འཛིན་གནང་།
      
ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་ལས་དོན་ཚན་ཆུང་གིས་པདྨ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་དངོས་བྲིས་གློག་བརྙན་ལ་བལྟས་པ་དང་།
རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་གཡང་དཀར་གྱིས་དབུལ་ཕོངས་སྡེ་བ་ལས་ཕྱིར་འབུད་དང་། དབུལ་ཕོངས་མི་འབོར་དབུལ་ཐར།  ཕྱིར་འབུད་སྡེ་བ་བཅས་དམིགས་ཚད་དྲུག་
དང་དེ་བཞིན་ཀྲུང་དབྱང་སྐོར་ཞིབ་ཀྱིས་ཕྱིར་སྒྲོན་གནད་དོན་དག་ཐེར་སོགས་ཕྱོགས་དྲུག་ལ་དམིགས་ནས་པདྨ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་དོན་གྱིས་བླངས་པའི་ཕན་
འབྲས་དང་དེ་བཞིན་མིག་སྔར་གནས་པའི་དཀའ་ངལ་དང་གོམ་སྟབས་རྗེས་མའི་བྱ་བའི་འཆར་གཞི་སྙན་ཞུ་ཞུས་པ་རེད།
      
ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་ལས་དོན་ཚན་ཆུང་གི་ཚན་གཙོའམ།     ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཏང་ཙུའུ་ཡི་ཁོངས་མི།
མཚོ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རིན་ཝང་ཏ་ཅུན་གྱིས་པདྨ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་དངོས་བྲིས་གློག་བརྙན་དང་དབུལ་ཐར་འགག་སྒྲོལ་དཔྱད་ཞིབ་ལས་དོན་ལ་
དམིགས་གཏད་རང་བཞིན་གྱི་མཛུབ་སྟོན་བསམ་འཆར་བཏོན་ཏེ། 
གཅིག་ནས་ཐེངས་འདིའི་དཔྱད་ཞིབ་ལྟ་སྐུལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས།
ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་ཡིས་དབུལ་ཐར་འགག་སྒྲོལ་དེ་གཅིག་བསྡུས་ཀྱི་གནས་བབ་ཐོག་བཞག་ནས་ལོ་འཁོར་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་ལ་དཔྱད

ཞིབ་ལྟ་སྐུལ་བྱ་རྒྱུ་ནི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་ཕྱོགས་ཡོངས་ནས་ཞིབ་བཤེར་
བྱེད་པ་ཞིག་ཡིན་ལ། རིམ་པ་ཁག་གི་ལོ་འཁོར་གྱི་དབུལ་ཐར་འགག་སྒྲོལ་ལས་དོན་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་པ་ཞིག་ཀྱང་ཡིན་པས། རིམ་པ་ཁག་
གི་ལས་བྱེད་པས་དཔྱད་ཞིབ་ལྟ་སྐུལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་ཁས་ལེན་གང་ལེགས་བྱེད་དགོས།
  གཉིས་ནས་དཔྱད་ཞིབ་ལྟ་སྐུལ་གྱི་གཙོ་གནད་ཁོང་དུ་ཆུད་
་བྱེད་དགོས། དམིགས་ཚད་ཕྱོགས་སྟོན་དང་ གནད་དོན་ཕྱོགས་སྟོན། མཇུག་འབྲས་ཕྱོགས་སྟོན། བཅས་རྒྱུན་འཁྱོངསདང་། བྱ་བའི་ཕན་འབྲས་དང་རོགས་སྐྱོར་ཕན་
འབྲས།
 དབུལ་ཐར་ཕན་འབྲས། བཅས་འབུར་ཐོནཡོང་བ་དང་།  དོན་འཁྱོལ་གསུམ་དང་གནད་འཁེལ་གསུམ། འགན་སྲུང་གསུམ་བཅས་ལ་དམ་པོར་དམིགས་ནས་ཀྲུང་
དབྱང་གི་ཆེད་
དོན་སྐོར་ཞིབ་ཀྱིས་ཕྱིར་ལྟས་ཞིབ་བཤེར་བྱེད་སྐབས་གནད་དོན་གང་ཡང་མི་ཐོན་པཁག་ཐེག་བྱེད་དགོས། གསུམ་ནས་སྤྱོད་ཚུལ་དང་སྒྲིག་ཁྲིམསལ་དཔྱད་
ཞིབ་
དང་ལྟ་སྐུལ་ནན་མོབྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་དེ་དཔྱད་ཞིབ་ལྟ་སྐུལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་སོ་སོ་ཁྱབ་པ་བྱས་ནས་བསམ་
བློའི་ཐོག་གཟབ་ནན་
ང་མཁྲེགས་སར་གཏུག་ནས་དབུལ་ཐར་སྤུས་ཚད་ལ་ལག་ལེན་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས།
      
ཚོགས་འདུའི་ཐོག་ཁུལ་ཨུའིརྒྱུན་ཨུའམརྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབསཀྱིས་གསར་བརྗེའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། ནགས་ཁྲོད་དཔལ་འབྱོར་ཐོན་ལས་
འཕེལ་རྒྱས།
 སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ནས་ཞིབ་ཕྲའི་ཁ་གསབ་གསལ་བཤད་བྱས་པ་རེད། ཞིང་ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་ལས་དོན་
ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱ་རྒྱུའི་ཐད་ཞིབ་ཕྲ
འི་བླང་བྱ་བཏོན་ཏེ།   རྫོང་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་
གཏོང་བ་དང་།
 ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འབྲེལ་མཐུད་གཞོགས་འདེགས་ལ་དོ་སྣང་བྱེད་པ། རང་རྫོང་གི་དབུལ་ཐར་འགག་སྒྲོལ་ཞིང་ཆེན་རིམ་པའི་
དཔྱད་ཞིབ་རྩིས་ལེན་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་ངང་
སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས་ཤིང་། རྫོང་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པས་ཚད་གཞི་
སྔར་བས་མཐོ་བ་དང་བླང་བྱ་སྔར་བས་གཟབ་ སྔར་བས་ཞིབ་ཕྲའི་བཀོད་སྒྲིག སྔར་བས་དངོས་ཡོད་ཀྱི་བྱ་ཐབས་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་དཔྱད་ཞིབ་ལ་
གཞོགས་འདེགས་དང་རྩིས་ལེན་གྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་ནས་རང་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་དོན་དེ་ལོ་རྒྱུས་དང་མི་དམངས་ཀྱིཉམས་སད་ཐེག་ཐུབ་
ཁག་ཐེག་བྱེད་དགོས། ཞང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་མཐུད་ལ་དོ་སྣང་བྱེད་པ།  རང་འགུལ་གྱི་བྱ་སྤྱོད
བཅས་བྱེད་དགོས་པ་མ་ཟད།
 ལྷག་པར་ཏུ་གྲུབ་འབྲས་དར་སྤེལ་དང་། རྒྱུན་མཐུད་འབད་འཐབ་བྱེད་པ་བཅས་ཀྱི་ཐོག་ནས་དཔྱད་ཞིབ་རྩིས་ལེན་ཚན་ཆུང་ལ་པདྨའིརྒྱ་ཆེའི་
ལས་བྱེད་དང་
མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་དང་བྱ་བའི་སྤྲོ་སེམས་གང་ལེགས་མངོན་པར་བྱས་ཏེ་རང་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་དོནབདེ་བླག་ངང་ཞིང་
ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་
ཐུབའི་ཁག་ཐེག་བྱེད་དགོས།
        
ཚོགས་འདུ་གྲོལ་རྗེས་ཞིང་ཆེན་རིམ་པའི་དཔྱད་ཞིབ་རྩིས་ལེན་ལས་དོན་ཚ་ཆུང་དང་བཅས་པས་དབུལ་ཐར་འགག་སྒྲོལ་གྱི་དཔྱད་ཡིག་ལྟ་ཀློག་བྱེད་པ་དང་སྤྱི་
མཐུན་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཡིག་ཚགས་ཁང་ལ་ཞིབ་བཤེར་བྱས་པ་རེད།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།