ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
ཁུལ་ཨུའི་ཧྲུའུ་ཅི་བུ་ཡུས་ཀྲང་པདྨ་རྫོང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛུབ་སྟོན་གནང་།
འབྱུང་ཁུངས།: 2019/11/13

 

       ཟླ11ཚེས11ཉིན་ཁུལ་ཨུའི་ཧྲུའུ་ཅི་བུ་ཡུས་ཀྲང་གིས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དོན་གྲུབ་གཉིས་ཀྱི་སྣེ་ཁྲིད་དེ་ཁུལ་ཨུའི་རྒྱུན་
ཨུ།  དྲུང་ཡིག་ཆེན་མོ་ཧན་ཧའེ་ཧུང་།  ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའམ། ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་སྒྲོལ་མ་
དོན་འགྲུབ་སོགས་རང་རྫོང་གི་སྟག་མཁར་ཞང་དང་གྱི་མཁར་ཞང་དུ་རྟོག་ཞིབ་མཛུབ་སྟོན་གནང་བར་ཕེབས་པ་རེད།  ཁུལ་ཨུའི་རྒྱུན་ཨུ་པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་
དང་། རྫོང་ཨུའི་རྒྱུན་ཨུ། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས།  རྫོང་སྲིད་གཞུང་གི་ཅུས་ཀྲང་གཞོན་པའམ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལྷ་ཆེན་ཚེ་རིང་། རྫོང་སྲིད་གཞུང་གི་
རྫོང་དཔོན་གཞོན་པ་ཀརྨ་སྐྱིད།  རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་ཞི་བཅས་རྫོང་རིམ་པའི་འགོ་ཁྲིད་དང་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྱིས་རྟོག་
ཞིབ་ལ་ཕེབས་རོགས་ཞུས་པ་རེད།
      
ཧྲུའུ་ཅི་བུ་ཡུས་ཀྲང་དང་བཅས་པ་སྟག་མཁར་ཞང་བཅའ་སྡོད་སློབ་ཆུང་དུ་ཕྱིན་ནས། སློབ་གྲྭའི་ཁོར་ཡུག་དང་སློབ་ཁང་། ཟ་ཁང་།  ཉལ་ཁང་སོགས་ལ་དངོས་སུ་
རྟོག་ཞིབ་བྱས་ཤིང་། སློབ་གྲྭའི་གཞི་རྩའི་གནས་ཚུལ་དང་སློབ་ཁྲིད་ལས་དོན་སོགས་ཀྱི་འབྲེལ་ཡོད་སྙན་ཞུ་ནན་ཏན་ངང་གསན་པ་དང་དགེ་སློབ་ཀྱི་དགུན་དུས་དྲོད་ལེན་དང་།
སློབ་གྲྭའི་བདེ་འཇགས་དོ་དམ།   སློབ་གསོ་སློབ་ཁྲིད་སྤུས་ཚད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད།  སློབ་གྲྭར་གནས་པའི་འགྲིམ་འགྲུལ་ཡོ་བྱད་དང་
གཞུང་ལས་མཁོ་ཆས་དཀོན་པའི་དངོས་ཡོད་དཀའ་ངལ་མཐུན་སྦྱོར་ཐག་གཅོད་ཀྱང་གནང་བ་རེད།   ཁོང་གིས་སློབ་ཕྲུག་ཚོའི་ཚུལ་ལྡན་ངང་ཟ་མ་ཟ་བ་དང་གཙང་སྦྲ་དོད་
པའི་ཟ་ཁང་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་སློབ་གྲྭ་གཞན་གྱི་ཕུལ་བྱུང་སློབ་གྲྭའི་རིག་གནས་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་
བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན།  སྤྱི་ཚོགས་ལ་དགའ་ཞེན། ཕ་ཡུལ་ལ་དགའ་ཞེན་བཅས་ཀྱི་སློབ་གསོར་སྔར་བས་
ཤུགས་སྣོན་བརྒྱབ་སྟེ་མི་སྣ་གསོ་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
      
ཧྲུའུ་ཅི་བུ་ཡུས་ཀྲང་དང་བཅས་པས་སྔ་རྗེས་སུ་གྱི་མཁར་ཡུལ་ཚོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཚོང་ཁང་དུ་ཕྱིན་ཅིང་། སྒོ་རྩིས་ཚོང་ཁང་དང་།  གྱོན་ཆས་
ལས་སྣོན་བཟོ་གྲྭ། རྩམ་པ་ལས་སྣོན་བཟོ་གྲྭ།  ཡིག་དཔར་ཁང་སོགས་ལ་དངོས་སུ་རྟོག་ཞིབ་གནང་བ་དང་།  ཁོང་གིས་ཚོང་ཁང་ཁག་གི་ཡོང་འབབ་གནས་ཚུལ་ལ་ཞིབ་ཕྲའི་
རྒྱུས་ལོན་གནང་། ཁོང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་ནི་ཞིང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་ཐབས་
ལམ་གལ་ཆེན་ཞིག་ཡིན་པས་ཞང་ཏང་ཨུ་དང་སྲིད་གཞུང་གིས་བསམ་བློ་སྔར་བས་བཅིངས་འགྲོལ་དང་བསམ་ཕྱོགས་གསར་གཏོད་བྱས་ཏེ་ཡུལ་བབ་དང་བསྟུན་ས་གནས་དེ་
གའི་ཐོན་ལས་ཀྱི་ད་ལྟའི་གནས་ཚུལ་དང་རང་ངོས་ཀྱི་དོན་དངོས་ལ་གཞིགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ལམ་བུ་གསར་པ་
འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
      
གྱི་མཁར་ཡུལ་ཚོའི་སྲིད་གཞུང་དུ།  ཧྲུའུ་ཅི་བུ་ཡུས་ཀྲང་དང་བཅས་པས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་།   གྱི་མཁར་ཞང་དང་སྟག་
མཁར་ཞང་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ། རྫོང་ཨུའིཐོག་མའི་སེམས་འདུན་མི་བརྗེད་པ་དང་།འགན་འཁྲི་བློ་ལ་བརྟན་པོར་ངེས་པའིབརྗོད་དོན་གཙོ་བོའི་
སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གི་ལས་བྱེད་པ། འབྲེལ་གནས་ཚན་པའི་ལས་བྱེད་ལས་བཟོ་བ་དང་དེ་བཞིན་གྱི་མཁར་ཞང་གི་ལས་བྱེད་ལས་བཟོ་ཡོངས་ཀྱིས་
བཞུགས་མོལ་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་གྱི་མཁར་ཞང་དང་སྟག་མཁར་ཞང་གིས་རང་ཞང་གི་དབུལ་ཐར་འགག་སྒྲོལ་དང་།ཐོག་མའི་སེམས་འདུན་མི་བརྗེད་
པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པའིབརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སོགས་ཀྱི་ལས་དོན་ལ་དམིགས་ནས་སྙན་སེང་
ཞུས་པ་དང་ཧྲུའུ་ཅི་བུ་ཡུས་ཀྲང་གིས་ཞང་གཉིས་ཀྱིས་བསྒྲུབས་པའི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་།  
ཁོང་གིས་གཅིག་ནས་གཞི་རིམ་གྱི་རྨང་གཞིའི་ལས་
དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།
རྩ་བ་བསྐྱུར་ནས་ཡལ་གར་འཇུ་མི་རུངབའི་དཔེ་ལྟར།གཞི་རིམ་གྱི་ལས་ཀ་ནི་རྨང་གཞི་ཡིན་ཞིང་། གཞི་
རིམ་གྱི་ལས་ཀ་ཡག་པོ་བསྒྲུབས་ཚེ་ད་གཟོད་ཁུལ་ཡོངས་ཀྱི་ལས་ཀར་གཞི་ནས་གནད་དོན་ཡོང་མི་སྲིད། གཞི་རིམ་གྱི་ལས་དོན་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་
ཞབས་འདེགས་ཞུ་བའི་དམིགས་ཡུལ་སྔར་བས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་ཁེ་ཕན་དོན་ཆུང་མིན་པ་མཐའ་འཁྱོངས་བྱེད་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་
བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ།  དཀའ་སྤྱད་ལས་སྒྲུབ་བྱེད་པ། ཏང་གིས་རང་ཉིད་ལ་སྤྲད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རང་ཉིད་ཀྱི་ལང་ཚོ་ཆུད་
ཟོས་སུ་མི་གཏོང་བ་དང་པདྨའི་ཉམས་མྱོང་སྲ་བརྟན་དུ་གཏོང་དགོས། 
གཉིས་ནི་མཐུན་སྒྲིལ་མཉམ་ལས་ཏན་ཏིག་བྱ་དགོས།  ཁུལ་ཡོངས་དང་ཞིང་ཆེན་ཡོངས། རྒྱལ་ཡོངས་
དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་འཕེལ་རྒྱས་འགྲོ་བ།   རྫོང་ཡོངས་ཀྱི་ཞང་གྲོང9དང་སྲིད་འཛིན་གྲོང་ཚོ32ཀྱི་མང་ཚོགས་ཡོངས་དང་དེ་བཞིན་རྫོང་ཡོངས་ཀྱི་ལས་
བྱེད་ལས་བཟོ་ཚོས་ཐུན་མོང་ཐོག་འབད་བརྩོན་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་
ལ་བསྐྱར་དར་ཡོང་བ་བྱེད་པའི་ཐོག་མའི་སེམས་འདུན་དང་འགན་འཁྲི་བརྗེད་མི་རུང་བ་དང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་བླང་བྱར་ནན་པོར་གཞིགས་དགོས་ཏེངའི་
ལས་གནས་ལ་ངས་འགན་འཁུར་རྒྱུ་ཡིན།ངས་ལས་གནས་ཐོག་བློས་འགེལ་ཆོགཅེས་བཤད། 
གསུམ་ནི་བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་དགོས། བརྗོད་བྱ་གཙོ་
བོའི་སློབ་གསོ་ཁག་གཉིས་པཐོག་མའི་སེམས་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིནབཅས་ཀྱི་སྤྱིའི་བླང་བྱར་དམིགས་
ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནན་ཏན་གྱིས་
བརྟག་དཔྱད་ཞིབ་འཇུག་བྱེད་པ། གནད་དོན་ལ་ཞིབ་དཔྱད་ནན་ཏན་བྱེད་པ། དག་ཐེར་དོན་འཁྱོལ་བཅས་བྱས་ཏེ། མིག་སྔར་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་།
ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ། དམངས་ཀྱི་དོན་དུ་ཁེ་ཕན་གཉེར་བ་དང་། དམངས་ཀྱི་དོན་དུ་འགན་འཁྲི་སྒྲུབ་པའི་
ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་དོན་དུ་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། 
ཞི་ནི་གནོད་འགོག་དང་ཕྱུགས་སྲུང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་
དགོས། 
བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། དུས་ཐོག་ཏུ་འཆར་གཞི་དང་བཀོད་སྒྲིག་བྱེད་པ། དུས་ཐོག་ཏུ་སྐུལ་སློང་དང་བཀོད་སྒྲིག་བྱེད་པ། གནོད་འགོག་དངོས་
ཟོག་གྲབས་གསོག་དང་མང་ཚོགས་ཀྱི་གནོད་འགོག་རྒྱུན་ཤེས་སྐོར་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་ཁངས་ཆག་སོགས་རང་བྱུང་གནོད་འཚེར་ཁ་གཏད་ཀྱི་དངོས་འབྲེལ་
གྲ་སྒྲིག་ལས་དོན་ཁག་སྔ་མོ་ནས་ཡག་པོ་བསྒྲུབ་དགོས། 
ལྔ་ནི་ས་ཁོངས་ཡོངས་ཀྱི་གད་སྙིགས་བཅོས་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དེ་རིང་ང་གྲོང་གསེབ་ཏུ་
སྐྱོད་པའི་ལམ་བར་དུ་སྐྱེ་ཁམས་དོ་དམ་པ་མང་པོ་ཞིག་གིས་གཞུང་ལམ་རྒྱུད་དུ་གད་སྙིགས་འཐུ་བཞིན་ཡོད་པ་མཐོང་བྱུང་།  ལས་ཀ་དེ་ཡག་པོ་བྱས་ཡོད་ཀྱང་མུ་མཐུད་མཐའ་
འཁྱོངས་བྱས་ཏེ་རྒྱུན་གཏན་གྱི་གཙང་སྦྲའི་ལམ་ལུགས་བཟོས་ནས་འཕྲོད་བསྟེན་གྱི་གནས་ཚུལ་ཐོག་མཐའ་བར་གསུམ་དུ་གཙང་ཞིང་གྲལ་འགྲིག་པ་རྒྱུན་འཁྱོངས་ཐུབ་པའི་འགན་
ལེན་བྱས་ཏེ་ཞིང་ཆེན་ཡོངས་སུ་ཁྱོན་ཡོངས་ནས་གད་སྙིགས་མེད་པར་བཟོ་བའི་བྱ་སྤྱོད་ལ་ཉམས་མྱོང་འཚོལ་ཞིབ་དང་ཚོད་ལྟའི་དཔེ་སྟོན་མཁོ་འདོན་བྱེད་དགོས། 
དྲུག་ནི་གྲོང་
ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ཏན་ཏིག་བྱ་དགོས། 
ཞིབ་འཇུག་ནན་ཏན་དང་། ཚན་རིག་དང་མཐུན་པའི་འཆར་འགོད།  གོ་སྐབས་དམ་འཛིན།  འགན་འཁྲི་
འཁུར་ཕོད་པ་བཅས་བྱས་ཏེ་མགོ་ལོག་མཐོ་སྒང་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས།  འབྱོར་ཕྱུག་དང་
འཆམ་མཐུན།   མཛེས་སྡུག་བཅས་ཀྱི་རྣམ་པ་གསར་པའི་མགོ་ལོག་གཏོད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས། 
བདུན་ནི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་
ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། 
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོ་
གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་སྐབས་ཡིན་ཞིང་།   ལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ཀྲུང་ཧྭ་མི་རིགས་རླབས་ཆེན་
བསྐྱར་དར་དེ་འགག་རྩའི་དུས་སྐབས་སུ་གནས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་
བ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་པདྨ་རུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། 

       ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཐོག་མར་ཧྲུའུ་ཅི་ཝུའུ་ཡུས་ཀྲང་དང་བཅས་པ་པདྨ་རྫོང་གི་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་
ཕེབས་པ་དང་འབྲེལ་ང་ཚོའི་རྫོང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། གོམ་སྟབས་རྗེས་མར་པདྨ་རྫོང་གིས་ཁུལ་ཨུའི་ཧྲུའུ་ཅི་བུ་ཡུས་ཀྲང་
གི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་བཀག་ལྟར་དབུལ་ཐར་ཐུབ་པའི་འགན་ལེན་བྱེད་པ་དང་
དུས་མཚུངས། རང་གི་མིག་ལ་སྲུང་སྐྱོབ་བྱས་པ་དང་འདྲ་བར་པདྨའི་ཉམས་མྱོང་སྲུང་སྐྱོབ་དང་སྲ་བརྟན་དུ་གཏོང་བ།ལས་དོན་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་
གཏོང་བ་བཅས་བྱས་ནས་ལས་ཀའི་དམིགས་ཚད་ཁག་དུས་བཀག་ལྟར་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།