ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> པདྨའི་ཡུལ་སྐོར།
བོད་ཡུལ་གྱི་ཟས་མཆོག་གསོལ་སྟོན་དང་པོ་སྟེ། པདྨའི་ཡུལ་དཔོན་གྱི་གསོལ་སྟོན།
འབྱུང་ཁུངས།: 2019/11/13

 

       པདྨ་ནི་མགོ་ལོག་ཁག་གསུམ(果洛柯森)གྱི་འབྱུང་ཡུལ་དང་། ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་འོད་སྟོང་འབར་བའི་རིག་གནས་དང་ཐུན་མོང་མ་ཡིན་པའི་བཟའ་
བཏུང་གི་རིག་གནས་སོགས་སྐྱེད་སྲིང་བྱས་ཡོད། དཔེར་ན། པདྨའི་ཡུལ་དཔོན་གསོལ་སྟོན
(土司宴)ནི་ཁྱད་ཆོས་ལྡན་པའི་དམིགས་བསལ་གྱི་གསོལ་སྟོན་ཞིག་ཡིན། དེར་ས་
གནས་མང་ཚོགས་ཀྱིས་བོད་ཟས་ཞིམ་ཟས་ལས་རིགས་ཁྲོད་ཀྱིཟས་རིགས་སྣ་འཛོམས་ཀྱི་གསོལ་སྟོནཞེས་ཀྱང་བརྗོད་ཀྱི་ཡོད།  དེ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་
པ་མ་ཟད་རྒྱུ་ཆ་འདེམས་པ་ལའང་དོ་སྣང་གལ་ཆེན་བྱས་ཡོད།

        
      
པདྨའི་ཡུལ་དཔོན་གྱི་གསོལ་སྟོན་དེའི་མིང་གཞན་ལ་ནོར་གནག་གི་གསོལ་སྟོན་ཡང་ཟེར། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན།  ཡུལ་དཔོན་གྱི་གསོལ་སྟོན་དེ་ནི་
མིང་རྒྱལ་རབས་སྐབས་སུ་ཁུངས་གཏུགས་ཡོད། སྤྱི་ལོའི་དུས་རབས14པའི་དུས་མཇུག་ཏུ། མགོ་ལོག་ཁག་གསུམ་གྱི་མེས་པོ་ཀྲུའུ་དབང་འབུམ་རྒྱལ
(·安本嘉)དང་གླིང་
ཚོ་བའི་བར་འགལ་ཟླ་བྱུང་བའི་རྐྱེན་གྱིས།  ཁོང་གི་རྨི་ལམ་དུ་ཨ་མྱེས་རྨ་ཆེན་གནས་རིསཤར་ཕྱོགས་ཀྱི་ཨ་ཞང་མདུན་དུ་སོང་ན་བྱ་གཞག་ཆེན་པོ་འགྲུབ་ཐུབཅེས་པའི་
དགོངས་པ་བསྟན། དེ་ནས་ཁོང་གིས་ཁྱིམ་མི་ཚང་མ་ཁྲིད་དེ་ཨ་ཞང་གི་མདུན་དུ་སྐྱབས་བཅོལ་དུ་སོང་།  (ད་ལྟ་གྱི་མཁར་ཞང་གི་མངའ་ཁོངས)ཨ་ཞང་གིས་མཁར་གོང་ལུག་
རྣ་རིང་མོ
(长工乐那壤莫)ཞེས་པའི་ས་དེ(ད་ལྟ་གྲུབ་ཆེན་ཞང་གི་མངའ་ཁོངས)ཁོ་ཚོར་ལ་བྱིན་ཏེ་ཁྱིམ་གཞིས་ཆགས་སུ་བཅུག་པ་རེད།  ཕྱིས་སུ་ཁོང་གི་བློ་རིག་པ་དང་
བསམ་པའི་འཐབ་རྩོད། དམག་ཐབས་བཟང་པོ་སོགས་ལ་བརྟེན་ནས་ཀྲུའུ་ཚང་ཚོ་བ་སྙན་གྲགས་རྒྱས་ཞིང་དར་རྒྱས་གོང་འཕེལ་སོང་། སྐབས་དེར་ཡུལ་དེའི་ཚོ་བའི་ཕྲག་དོག་
ཐེབས་ནས་མཉམ་འབྲེལ་གྱིས་དམག་མངགས་ནས་ཀྲུའུ་ཚང་ཚོ་བ་ལ་ཚུར་རྒོལ་བྱས།  མཐར་ཀྲུའུ་ཚང་ཚོ་བས་ཡུལ་དེའི་ཚོ་བ་ཕམ་པར་བྱས། དེ་ནས་བཟུང་རང་ཉིད་རྒྱལ་པོ་
ཡིན
(མགོ་ལོག་ཞེས་པའི་མིང་དེ་ཐོགས་པ་ཡིན)ཞེས་རྡོ་ཁོག་ཆུ་བོའི་འགྲམ་རྒྱུད་དང་སྨར་ཁོག་ཆུ་བོའི་འགྲམ་རྒྱུད་ཀྱི་ས་ཆ་དབང་སྒྱུར་བྱས། ཀྲུའུ་དབང་འབུམ་རྒྱལ་གྱིས་ལྷ་ཡི་
དགོངས་པ་དང་མཐུན་སོང་སྙམ་ནས་ཐུགས་རྗེ་ཆེ་ཞུ་ཆེད།    ཁོང་གིས་སྐུ་དངོས་སུ་ནོར་ཁྱུ་ཡོངས་ལས་གཟུགས་སྟོབས་ཆེ་ཤོས་ཀྱི་ནོར་གནག་བཤས་ནས་མགོ་ཧྲིལ་བོ་ལྷ་ལ་
མཆོད་པ་ཕུལ་བ་དང་། ལྷག་མ་རྣམས་ཟས་ཞིམ་པོ་བཟོས་ནས་མི་སེར་རྣམས་ལ་བཟའ་རུ་བཅུག་པ་རེད། ཡུལ་དཔོན་གསོལ་སྟོནཞེས་པའི་མིང་དེའང་འདི་ལྟར་ཐོགས་
པ་ཡིན།

           
      
པདྨ་ནི་ས་མཐོ་ཞིང་ས་ཁམས་ཁོར་ཡུག་དམིགས་བསལ་ཅན་ཡིན་པའི་དབང་གིས་འབྲི་གཡག་ནི་ས་གནས་མང་ཚོགས་ཀྱི་སེམས་སུ་གཞན་ཤིག་གིས་ཚབ་བྱེད་ཐབས་
བྲལ་བའི་སྲོག་ཆགས་ཤིག་ཡིན་པས། མཐོ་སྒང་གི་གྲུ་གཟིངས
(高原之舟)དང་མཐོ་སྒང་གི་ནོར་བུ(高原之宝)མཐོ་སྒང་གི་བླ་སྲོག(高原之魂)ཡིན་ཞེས་བརྗོད་ཀྱིན་
ཡོད།  འབྲི་གཡག་གིས་བོད་རིགས་མི་དམངས་ལ་ཆེས་གཞི་རྩའི་འཚོ་གནས་འགན་སྲུང་འདོན་སྤྲོད་བྱས་ཡོད་པ་མ་ཟད།  དེའི་གཟུགས་པོ་ཡོངས་རྫོགས་རིན་པོ་ཆེ་ཡིན་ཞིང་།
རིན་པོ་ཆེ་ཚང་མ་སྒེར་སེམས་མེད་པའི་སྒོ་ནས་བོད་རིགས་མང་ཚོགས་ལ་ཕུལ་བ་དང་མཐོ་སྒང་མི་དམངས་ཀྱི་ཟས་གོས་འདུག་གསུམ་དང་སྐྱེལ་འདྲེན།  དེ་བཞིན་རྨོ་འདེབས།
སྨན་བཅོས། རོལ་རྩེད་སོགས་ཀྱི་ཐད་ལ་ཕན་ཡོན་ཆེན་པོ་ཡོད་པ་མ་ཟད། སྐྱེས་པ་ནས་ཤི་བའི་བར་དུ་ཡོད་ཚད་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བཤད་ཆོག   དང་ཐོག་པདྨ་ནི་
འབྲོག་ལས་རྐྱང་རྐྱང་གི་ས་ཁུལ་ཞིག་ཡིན་ལ།   རང་བཞིན་གྱིས་འབྲི་གཡག་དེ་པདྨ་མི་དམངས་ཀྱི་སེམས་སུ་དམིགས་བསལ་ཅན་གྱི་དོན་སྙིང་ལྡན་པ་དང་།  ཡུལ་དཔོན་གྱི་
གསོལ་སྟོན་དེ་ཡང་འབྲི་གཡག་གི་ཤ་གཙོ་བོ་བྱས་ནས་ཞོར་དུ་གཞན་ཁུ་བ་དང་བཏུང་བྱའི་སྐོར་ཕལ་བ་བྱས་ནས་བསྒྲིགས་ཡོད།  ཟས་རིགས་གཙོ་བོ་ཆེ་བ་ལྔ་དང་གཞན་ཟས་
སྣ་སུམ་ཅུ་ཡིས་གྲུབ་ཡོད་པ་དེར་ཟས་རིགས་གཙོ་བོ་དང་ཟས་རིགས་ཕལ་བ།  སྟབས་བདེ་ཟས་རིག་སྐོར་དང་།  ཁུ་བ་དང་བཏུང་བྱའི་རིགས་སོགས་འདུས་ཞིང་། ཟས་རིགས་
གཙོ་བོའི་རིགས་ནི་འབྲི་གཡག་གི་མགོ་དང་བྲང་ཤ།  སྒལ་ཚིགས་ཀྱི་ཤ།  རྩིབ་མའི་ཤ། མར་གྱི་མེ་ཏོག  རྩམ་པ
(ནས་ནག་དང་ནས་དཀར)།  གོར་དམར་སོགས་ཡིན།  ཟས་
རིགས་ཕལ་བ་ནི་སྡེར་མའི་ནང་གི་ཟས་རིགས་ཆུང་བ་སྣ་འཛོམས། ཨ་ཁའི་ཤ་མོག བག་བསྲེགས་གོ་རེ། ལུག་གྲོད་ཤ་མོག་སྤུས་ལེགས
(精品羊肚菌)ཅན། སྟག་ཤའི་ལག་
མོགཟོག་གི་ཤ་རྒྱུ། ཟོག་གི་ཁྲག་རྒྱུ། ཟོག་ལྕེ། ཟོག་སྙིང་། ཟོག་གི་ཕོ་བ། ཟོག་གི་ལྷ་ངའི་རུས་པ། ཟོག་གི་མཆེར་ལྡུག་སོགས་ཡོད།  ཁུ་བའི་རིགས་ཀྱི་རྒྱུ་ཆ་གཙོ་བོ་ནི་པདྨའི་བེ་ཤའི་
ཁུ་བ
班玛松茸汤ཡིན། སྟབས་བདེ་ཟས་རིགས་ཀྱི་སྐོར་ནི་གཙོ་བོ་ཤ་སྐམ་དང་། འབྲི་ཞོ། འོ་རིགས་ཞིམ་ཟས།  གྲོ་མ། བོད་ཀྱི་སྟབས་བདེའི་མངར་ཟསཆུར་བས་
བཟོས་པའི་སྟབས་བདེའི་མངར་ཟས། གྲོ་མས་བཟོས་པའི་སྟབས་བདེའི་ཞིམ་ཟས། མར་གྱིས་བཟོས་པའི་སྟབས་བདེའི་ཞིམ་ཟས།
དང་རྩམ་པ་སོགས་ཡོད། བཏུང་བྱའི་རིགས་
ལ་གཙོ་བོ་ནས་ནག་གི་ཆང་དང་པདྨའི་གངས་ལྗོངས་བོད་ཇ།  འོ་ཇ།  དཀྲུག་ཇ་སོགས་ཡོད།  གོང་གི་ཟས་རིགས་འདི་དག་གི་རྒྱུ་ཆ་ཚང་མ་གཟབ་ནན་ངང་ལས་སྣོན་དང་
གཡོས་སྦྱོར་ཞིབ་ཚགས་བྱས་ནས་འདེམས་དགོས་པ་དང་།  ཟས་རིགས་གི་རྒྱུ་ཆ་འདེམས་པ་དང་འཐོག་པ། རླངས་བཙོ། བཙོ་བ།  སྣུམ་ནང་དུ་བཙོ་བ། སྐམ་པ། བསྙལ་བཟོ་
བྱེད་པ་སོགས་ཀྱི་ལས་རིམ་རབ་དང་རིམ་པ་བརྒྱུད་ནས་གསོལ་སྟོན་གྱི་ཟས་རིགས་སྒྲོག་ཙེ་གང་པོ་དཀར་ཟས་དང་དམར་ཟས་གཉིས་ཀྱི་སྡེབ་སྒྲིག་བྱས་ནས་ཟས་བཅུད་འཛོམས་
པ་དང་། ཚ་གྲང་འཕྲོད་མཐུན་གྱི་ཟས་མཆོག་ཞིམ་པོ་ཞིག་གྲུབ་ཡོད་པ་དེས་མི་རྣམས་ཀྱི་ཟས་ཟ་འདོད་ཀྱི་རེ་བ་སྐོང་ཡོད་པ་མ་ཟད། དུས་མཚུངས་སུ་མཐོ་སྒང་གི་མི་རྣམས་ལ་
མཁོ་བའི་ནུས་ཚད་ཁ་གསབ་ཀྱང་བྱེད་ཐུབ་ཡོད།

        
     
ཡུལ་དཔོན་གྱི་གསོལ་སྟོན་གཟབ་རྒྱས་ངང་ཚོགས་ན་སྒྲོག་ཙེ་གཅིག་གི་ཐོག་འབྲི་གཡག་ཧྲིལ་པོ་གཅིག་དགོས་པ་མ་ཟད། ད་དུང་སྡེབ་སྦྱོར་གྱི་རྒྱུ་ཆ་རྩ་ཆེན་མང་པོ་ཡང་
འདེམས་སྐོར་བྱེད་དགོས་པས་རིན་ཐང་ཧ་ཅང་ཆེན་པོ་ཡོད།   པདྨའི་སྲིད་དབང་མ་བཙུགས་གོང་ལ་ཡུལ་དཔོན་གྱི་གསོལ་སྟོན་དེ་ཚོ་བའི་འགོ་དཔོན་གཡུལ་འགྱེད་རྒྱལ་ཁའི་
ངང་ཕྱིར་ལོག་པའམ་ཡང་ན་གཉེན་སྒྲིག་བྱས་ན་ད་གཟོད་གསོལ་སྟོན་བཤམས་ནས་དགའ་སྐྱིད་ལ་རོལ་པ་རེད།     མི་སེར་དཀྱུས་མ་ཞིག་ཡིན་ན་ཡུལ་དཔོན་གྱི་གསོལ་སྟོན་
བཤམས་པའི་ནུས་པ་མེད་པ་མ་ཟད། ཡུལ་དཔོན་གྱི་གསོལ་སྟོན་བཤམས་པའི་དབང་ཆ་དེ་བས་ཀྱང་མེད། འོན་ཀྱང་པདྨ་བཅིངས་འགྲོལ་ཐོབ་པའི་རྗེས་དང་ལྷག་པར་དུ་བཅོས་
བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ཆད་ནས་སྤྱི་ཚོགས་དང་དཔལ་འབྱོར་ཉིན་རེ་བཞིན་འཕེལ་རྒྱས་སོང་བ་དང་བསྟུན། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་
རྒྱུན་ཆད་མེད་པར་ཇེ་མཐོ་རུ་སོང་བ་དང་། མང་ཚོགས་ཀྱིས་བློ་གྲོས་དང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་ཤང་གྲོང་ཁག་ཅིག་གིས་ཞིང་ལས་གཉེར་གྱིན་ཡོད་པས་སྐྱེ་
དངོས་ཀྱི་རིགས་མང་པོ་བཏབ་ནས་དངོས་པོ་དང་ཟས་རིགས་གི་རྒྱུ་ཆ་སྔར་བས་ཕུན་སུམ་ཚོགས་པ་ཡོད། ད་ལྟ་ཡུལ་དཔོན་གྱི་གསོལ་སྟོན་བཤམས་པའི་ཟས་རིགས་ཀྱི་ནང་དུ་སྔོ་
ཚལ་དང་ཤིང་འབྲས་ཁག་མང་པོ་ཤིག་བསྣན་ཡོད་པ་མ་ཟད། ཟས་རིགས་གི་རྒྱུ་ཆ་དང་ལས་སྣོན་བཟོ་རྩལ་སོགས་བཟང་པས་ཡུལ་དཔོན་གྱི་གསོལ་སྟོན་བཤམས་པ་དེ་བས་ཀྱང་
ཕུན་སུམ་ཚོགས་པ་ཡིན།  ས་གནས་མང་ཚོགས་ཀྱིས་ཀྱང་དུས་ཆེན་དང་ཡང་ན་གཉེན་སྒྲིག་བྱེད་སྐབས་ཡུལ་དཔོན་གྱི་གསོལ་སྟོན་བཤམས་ནས་མགྲོན་པོ་བསུ་བཞིན་ཡོད།  དེ་
བས་ཡུལ་དཔོན་གྱི་གསོལ་སྟོན་བཤམས་པ་དེ་ལ་པདྨ་མང་ཚོགས་ཀྱི་ནང་མི་མཉམ་འཛོམས་དང་སྤྱི་ཚོགས་འཆམ་མཐུན་ཡོང་པའི་མཚོན་བྱེད་ཡིན་ཞེས་ཀྱང་བརྗོད། ད་ལྟ་ཡུལ་
དཔོན་གསོལ་སྟོན་ཞིག་བཤམ་ན་ཟས་རིགས་ཀྱི་རྣམ་གྲངས་ཆེ་བ་ལྔ་དང་ཟས་སྣ་སོ་བརྒྱད་ཡོད་པ་ལས་ཟས་རིགས་གཙོ་བོ་དང་ཕལ་པའི་ཟས་སྣ་ལ་འགྱུར་ལྡོག་བྱུང་མེད། འོན་
ཀྱང་ཁུ་བའི་རིགས་དང་སྟབས་བདེའི་ཟས་རིགས་ཀྱི་ནང་དུ་རྒྱུ་ཆ་ཅུང་ཙམ་ཁ་སྣོན་བྱས་ཡོད་པ་དེ་པེ་མོ་ཞོ་ལིའི་ཁུ་བ། སྐྱུར་ཚལ་ཁུ་བ། ནས་ཐུག  སྲན་ཉོག པདྨའི་ཞོག་ཁོག
པདྨའི་ལ་ཕུག པདྨའི་ཀྲོ་མ་ཀྲུ
(班玛西红柿)སོགས་ཡོད།
    
    


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།