ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་གཡང་དཀར་གྱིས་སེ་ལེ་ཐང་གྲོང་རྡལ་གཙོ་གནད་བྱ་བར་རྟོག་ཞིབ་གནང་
འབྱུང་ཁུངས།: 2019/11/12

 

       ཟླ11ཚེས10ཉིན་གྱི་ཕྱི་དྲོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་སེ་ལེ་ཐང་གྲོང་རྡལ་མཉམ་འབྲེལ་ས་ཚིགས་ཀྱི་ཙུའུ་ཀྲང་ལིས་གཡང་དཀར་གྱིས་རྫོང་སྲིད་གཞུང་རྫོང་
གཙོ་གཞོན་པ་ཝང་ཀྲི་ཀང་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་སྐྱིད་གཉིས་ལ་གཞོགས་འདེགས་བྱས་ནས། རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལུའོ་ཁྲའོ་
ཧྥུང་དང་། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་ཚེ་རིང་། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབྱི་ཀྲུང་། རྫོང་ཨུའི་ཏང་གི་སློབ་གྲྭའི་
རྒྱུན་ལས་སློབ་གཙོ་གཞོན་པ་པདྨ་རྒྱལ།  དྲག་ཆས་ཉེན་རྟོག་མགོ་ལོག་ཡན་ལག་རུ་ཁག་གི་རུ་ཆེན་གསུམ་པ་དང་།  དྲག་ཆས་རུ་ཁག་འབྲིང་བ། ལམ་སྲིད་རུ་ཆེན་སོགས་
མཉམ་འབྲེལ་ས་ཚིགས་ཀྱི་ཚན་པ་དང་། གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ།  དབུལ་སྐྱོར་ཧྲུའུ་ཅི་དང་པོ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག
 གྲོང་ཚོ་
ཨུ་ལྷན་གཉིས་ཀྱི་ཚན་པ།  དགོན་སྡེའི་མི་རིགས་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ཆ་སྒྲིག་རོགས་སྐྱོར་གྱི་འགན་འཁུར་བ་བཅས་བསྡུས་བྱས་ཏེ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་
ལེན་གྱི་གནད་དོན་ལྡོག་འདྲེན་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།
      
ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་འཆར་འགོད་ཁུལ་དབྱེ་ཞིབ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཝུའུ་ཅན་ཧའེ་ཡི་གསུང་བཤད་ཀྱི་
དགོངས་དོན་དང་། དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་གྱི་ཚུར་ལན་བརྙན་ལམ་ཚོགས་འདུ།  སྐབས་བཅུ་གཉིས་པའི་ཁུལ་ཨུའི་ཐེངས་ལྔ་པའི་སྐོར་
ཞིབ་དང་རེས་སྐོར་གཉིས་པའི་རྫོང་ཁོངས་སྣོལ་མའི་སྐོར་ཞིབ་ལས་དོན་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན།  ཧྲུའུ་ཅི་ཤ་བོ་སྐྱབསཀྱིས་དབུལ་ཐར་འགག་སྒྲོལ་
ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་གྱི་ཚུར་ལན་བརྙན་ལམ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་ལ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་་་་
དང་། ཚོགས་འདུའི་ཐོག་ཁུལ་རིམ་པའི་དབུལ་ཐར་འགག་སྒྲོལ་གྱི་ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་ཚུར་ལན་བྱས་པའི་རང་རེའི་རྫོང་གི་ཐུན་མོང་རང་བཞིན་གྱི་གནད་
དོན་དང་གསེར་ལེབ་ཐང་གྲོང་རྡལ་གྱི་རང་གཤིས་ཀྱི་གནད་དོན་བརྡ་ཁྱབ་བཏང་བ་རེད།
      
ཚོགས་འདུའི་ཐོག་ཧྲུའུ་ཅི་གཞོན་པ་ལིས་གཡང་དཀར་གྱིས་དུས་སྐབས་འདི་ནི་རྫོང་ཡོངས་ཀྱི་དབུལ་ཐར་གྱི་ཆེས་མཇུག་མཐའི་འགག་རྩའི་དུས་ཡིན་པས། ང་ཚོས་
སླད་ཕྱིན་གྱི་འགག་སྒྲོལ་ལས་འགན་དེ་བས་དཀའ་ངལ་ཆེ་བར་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། དཀའ་ངལ་དང་གནད་དོན་དེ་བས་མངོན་གསལ་དོད་པ་དང་
དོན་དངོས་དང་མཐུན་པ་བྱེད་དགོས། ང་ཚོས་དུས་བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་དབུལ་སྒྲོལ་མཐའ་འཁྱོངས་དང་
དབུལ་སྒྲོལ་བསྐྱར་ལོག་མི་བྱེད་པ་བཅས་ཀྱི་ཆེད་དུ་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་དགོས་ཏེ།  སྔར་ཁས་བླངས་པའི་དམ་བཅའ་དངོས་སུ་ལག་བསྟར་བྱེད་དགོས། ཁོང་
གིས་གཅིག་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་སྟབས་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས་ཚང་མས་
ངེས་པར་དུ་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས་པ་ལས་ལྷོད་གཡེང་མི་བྱེད་པར་་སླར་ཡང་ཤུགས་བརྒྱབ་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་མཐའ་གཅིག་ཏུ་
ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།  གཉིས་ནས་ཆད་ལུས་ཡོད་མེད་ཞིབ་བཤེར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞན་ཆ་སེལ་དགོས།མཐའ་མའི་གདོང་
མཆོང་གི་དུས་མཚམས་སུ་སླེབས་སྐབས་ལྷོད་གཡེང་གི་བསམ་བློ་དེ་གཏན་འགོག་བྱས་ནས་དག་ཐེར་ལས་དོན་དེ་དབུལ་ཐར་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་
ཏེ་དམ་འཛིན་ལྷོད་མེད་དང་གཅིག་ཤེས་ཀུན་གྲོལ་གྱིས་བྱ་ཐབས་བཟོ་བ་དང་། ཚད་གཞི་དང་རེའུ་མིག་ལ་གཞིགས་ནས་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱེད་པ།
དག་ཐེར་བྱས་ཟིན་པའི་གནད་དོན་ལ་མུ་མཐུད་དོ་ཁུར་བྱེད་པ། རྟག་ཏུཕྱིར་
ལྟབཅས་བྱེད་དགོས། གསུམ་ནས་ཆ་འཕྲིན་ཞིབ་བསྡུར་ལ་ཤུགས་སྣོན་བྱས་ནས་གྲངས་
གཞིའི་སྤུས་ཚད་མཐོ་རུ་གཏོང་དགོས།  དམིགས་ཀྱིས་དུད་ཚང་དབུལ་པོའི་ཁོངས་གཏོགས་ཀྱི་ཆ་འཕྲིན་དངདེབ་གསུམ་དང་བྱང་བུ་གཅིག རེའུ་མིག་གཅིགསོགས་ཀྱི་
ཆ་འཕྲིན་བསྡུར་བ་བྱས་ནས་གྲངས་གཞིའི་ཆ་འཕྲིན་གྱི་ནོར་འཁྲུལ་ཤེས་རྟོགས་ཐུབ་པ་བྱས་ཏེ་དུས་ཐོག་ཏུ་རོགས་སྐྱོར་འགན་འཁུར་བ་དུད་ཚང་དུ་བསྐྱོད་ནས་དག་ཐེར་བྱ་
རྒྱུར་ལྟ་སྐུལ་བྱས་ཏེ་ཆ་འཕྲིན་གྱི་གྲངས་གཞི་གཅིག་མཐུན་དང་ཆ་འཕྲིན་གྱི་གྲངས་གཞི་བདེན་པ་དང་བློས་འགེལ་ཆོག་པ།  ཚོད་བགམ་ཐེག་ཐུབ་པ་བྱེད་དགོས།  བཞི་ནས་
རོགས་སྐྱོར་ལས་དོན་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས།   རོགས་སྐྱོར་འགན་འཁུར་བ་ཡོངས་ཀྱིས་མུ་མཐུད་སེམས་ནུས་ཡོད་རྒུ་
བཏོན་ནས་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་ཆ་སྒྲིག་རོགས་སྐྱོར་དང་། ཡིག་ཚགས་དཔྱད་གཞི་ལེགས་སྒྲིགསྲིད་ཇུས་སྒྲོག་འགྲེལ། ཁོར་ཡུག་འཕྲོད་བསྟེན། བདེ་འཇགས་
ཀྱི་སྡོད་ཁང་ནང་སྡོད་པ་སོགས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་བསྒྲུབས་ཏེ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པར་
བརྩོན་དགོས། ལྔ་ནས་ཕན་འབྲས་ངོ་མ་དང་འཐུས་སྒོ་ཚང་བའི་ཞིབ་བཤེར་དཔྱད་གཞིར་བརྟེན་ནས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དབུལ་སྒྲོལ་ཞིབ་བཤེར་ལ་བསུ་བ་ཞུ་
དགོས།
      
ཚོགས་འདུའི་ཐོག་ད་དུང་སྐབས་བཅུ་གཉིས་པའི་ཁུལ་ཨུའི་རེས་སྐོར་ལྔ་པའི་རྫོང་ཁོངས་ཀྱི་སྐོར་ཞིབ་དང་རེས་སྐོར་གཉིས་པའི་རྫོང་ཁོངས་སྣོལ་མའི་སྐོར་ཞིབ་སེ་ལེ་
ཐང་གྲོང་རྡལ་གྱི་འབྲེལ་ཡོད་གཞོགས་འདེགས་གྲ་སྒྲིག་ལས་དོན་ཐད་བཀོད་སྒྲིག་བྱས་པ་རེད།

 

 

 

 

 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།