ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས2019ལོའི་དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་གྱི་ཕྱིར་སྒྲོན་བརྙན་ལམ་གྲོས་ཚོགས་བསྡུས།
འབྱུང་ཁུངས།: 2019/11/11

 

       ཟླ11པའི་ཚེས10ཉིན། པདྨ་རྫོང་གིས2019ལོའི་དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་གྱི་ཕྱིར་སྒྲོན་བརྙན་ལམ་གྲོས་ཚོགས་དེ་རྫོང་གི་

ཏང་སྲིད་ཕྱོགས་བསྡུས་ཐོག་ཁང་ལྔ་བའི་བརྙན་ལམ་གྲོས་ཚོགས་ཁང་དུ་འཚོགས་པ་རེད།    ཁུལ་དབུལ་སྐྱོར་གསར་སྤེལ་ཅུའི་ཏང་ཙུའུ་ཧྲུའུ་ཅི་པད་མ་ཚེ་བརྟན་དང་ཁུལ་

དབུལ་སྐྱོར་གསར་སྤེལ་ཅུས་ཅུས་ཀྲང་གཞོན་པ་ཧན་ཧྲང་ཅུན།  ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྲུའུ་རིན་ཁོ་ཡོན་ཉི་མ་ཚེ་རིང་དང་། ཁུལ་བཟོ་འཕྲིན་ཅུས་ཚོང་དོན་ཁོ་ཁོ་

ཀྲང་ཚེ་རིང་བསོད་ནམས།  ཞོན་ཧྭ་རྫོང་ཀ་རིང་ཞང་ཏང་ཨུའི་ཨུ་ཡོན་ནམ་སྒྲིག་ཨུའི་ཧྲུའུ་ཅི་དོན་འགྲུབ་དང་རྨ་སྟོད་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཅུས་ཀྲང་གཞོན་པ་

བསོད་ནམས་ཡར་འཕེལ།   རྨ་སྟོད་རྫོང་མཛོ་རྒན་རྭ་བ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་པད་མ་ལྷ་རྒྱལ།  རྨ་སྟོད་རྫོང་དབུལ་ཐར་འགག་སྒྲོལ་བཀོད་འདོམས་པུའི་འགན་

འཁུར་བ་གུ་རུ་རྒྱལ།  ཁུལ་ནགས་ཚལ་རྩྭ་ཐང་ཅུས་ལས་བྱེད་པ་དབང་ལོ།   ཧུའུ་ཀྲུའུ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ལས་བྱེད་པ་པའོ་ཀོང་ཞིན།   རྨ་སྟོད་རྫོང་འཕྲོད་

བསྟེན་བདེ་ཐང་ཅུས་ལས་བྱེད་རྟ་མགྲིན་བཅས་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་འབྲེལ་ཏེ་དཔྱད་ཞིབ་རྩིས་ལེན་བྱས་

པའི་གནས་ཚུལ་ཕྱིར་སྒྲོན་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུའམ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་དབང་འབུམ་ཚེ་རིང་།  རྫོང་སྲིད་

གྲོས་ཀྱི་ཀྲུའུ་ཞུ་ཀྲང་ཨན་སའེ་དང་དེ་བཞིན་རྫོང་ཨུའི་རྒྱུན་ཨུ་རྣམས་དང་སྡེ་ཁག་སོ་སོ།   རྫོང་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ལས་ཁུངས་

སོ་སོའི་འགན་འཁུར་གཙོ་བོ་བཅས་རྫོང་གི་ཚོགས་ར་གཙོ་བོའི་ནང་ཚོགས་ཞུགས་བྱས་ཡོད་པ་དང་། ཞང་གྲོང་རྡལ་སོ་སོའི་རྫོང་རིམ་པའི་འབྲེལ་གནས་མགོ་ཁྲིད་དང་ཞང་

ཡོངས་ཀྱི་ལས་བྱེད་ལས་བཟོ། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་ཁག་གི་ཁོངས་མི། ཆ་སྒྲིག་རོགས་སྐྱོར་འགན་འཁུར་མི་སྣ་དང་དེ་བཞིན་སྡེ་བའི་ཨུ་གཉིས་ཀྱི་ཚན་ཁག་

དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཁོངས་མི་བཅས་ཞང་གྲོང་རྡལ་ཁག་གི་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས་ཡོད་ཅིང་ཐེངས་འདིའི་ཚོགས་འདུ་ལ་ཁྱོན་སྡོམ་མི900

ལྷག་ཞུགས་ཡོད་པ་རེད།

       ཁུལ་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ།   ཟླ11ཚེས2ནས་ཚེས10ཉིན་བར་དཔྱད་ཞིབ་ཚན་ཆུང་དང་

བཅས་པས་དབུལ་ཕོངས་སྡེ་བ་ནས་ཕྱིར་འཐེན་བྱེད་པ་དང་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱེད་པའིདབུལ་སྒྲོལ་དམིགས་ཚད་ཁག་དྲུགལ་ནན་མོར་གཞིགས་ནས།

ལུགས་མཐུན་དྲང་གཞག་དང་དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་ལ་བརྟེན་ནས་ཡུལ་དངོས་སུ་ལྟ་ཞིབ་དང་། ཁྱིམ་ཚང་དུ་བསྐྱོད་དེ་བརྟག་དཔྱད། དཔྱད་ཡིག་ལྟ་ཞིབ།

སྡེ་བ་རིམ་པའི་ལས་བྱེད་པར་གླེང་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམལ་དམིགས་ནས་ཚགས་འཇུག་བྱང་འགོད་

ཁྱིམ་ཚང་དང་། ཚགས་འཇུག་བྱང་འགོད་མིན་པའི་ཁྱིམ་ཚང་། དབུལ་ཐར་བྱས་ཟིན་པའི་ཁྱིམ་ཚང་གི་ཁྱིམ་མི། ཁྱིམ་ཚང་གི་ཡོང་འབབ། འཐུང་ཆུའི་བདེ་འཇགས། དབུལ་

སྐྱོར་བྱེད་ཐབས་དོན་འཁྱོལ་ཡོང་བ།  དབུལ་སྐྱོར་སྲིད་ཇུས་ཀྱི་ཤེས་རྟོགས་ཚད།  རྗེས་མཐུད་དབུལ་སྐྱོར་འཆར་གཞི།  དབུལ་སྐྱོར་འགན་འཁུར་བ་དང་མཁྲེགས་ཆས་སྒྲིག་

བཀོད་འཛུགས་སྐྲུན།   དབུལ་སྐྱོར་སྲིད་ཇུས་བློ་ཡིད་ཚིམ་ཚད་སོགས་ཀྱི་ཐད་ལ་ཞིབ་ཕྲའི་ཞིབ་བཤེར་བྱས་པ་རེད།  བར་སྐབས་སུ་འབྲོག་པ་མང་ཚོགས་ལ་ཐོན་སྐྱེད་དང་

དབུལ་ཐར་སྐོར་ནས་གླེང་སྟེ་དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མིན་པའི་ཁྱིམ་ཚང་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བློ་ཡིད་ཚིམ་ཚད་ཞིབ་ཕྲའི་རྒྱུས་ལོན་གནང་

བ་དང་ཁོང་ཚོས་དབུལ་སྐྱོར་ལས་དོན་ལ་བཏོན་པའི་བསམ་འཆར་དང་ལྟ་སྟངས་ལ་ནན་ཏན་གྱིས་ཉན་པ་རེད།   ཞིབ་བཤེར་རྩིས་ལེན་བྱེད་པའི་རྒྱུ་རིམ་ཁྲོད་ཁྱོན་སྡེ་བའི

ཨུ་ལྷན་གཉིསཀྱི་བཞུགས་མོལ་ཚོགས་འདུ་ཐེངས14འཚོགས་པ་དང་དབུལ་ཕོངས་སྡེ་བ6དང་དབུལ་ཕོངས་མིན་པའི་སྡེ་བ11ལ་བཅར་འདྲི་དང་བརྟག་དཔྱད་

བྱས་པ་རེད། སྤྱིར་བཏང་ཞིང་ཁྱིམ་དང་ཚགས་འཇུག་བྱང་འགོད་ཁྱིམ་ཚང1967ཡོད་ལ(དེའི་ཁྲོད2019ལོར་དབུལ་ཐར་ཁྱིམ་ཚང574ལ་འཐེན་བཤེར་བྱས་པའི་

བསྡུར་ཚད60%ཡིན་པ་དང་། 2016ལོ་ནས2018ལོ་བར་དབུལ་ཐར་ཁྱིམ་ཚང49ཡི་འཐེན་བཤེར་བྱས་པའི་བསྡུར་ཚད5%ཡིན། ཚགས་འཇུག་བྱང་འགོད་

མིན་པའི་ཁྱིམ་ཚང1344ལ་འཐེན་བཤེར་བྱས་པའི་བསྡུར་ཚད31%ཡིན་པ་རེད།)

            ཕྱིར་སྒྲོན་ཚོགས་འདུའི་ཐོག་དཔྱད་ཞིབ་ཚན་ཆུང་གིས་བསྟན་དོན།པདྨ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བློ་

བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག2019ལོའི་དབུལ་ཐར་འགག་སྒྲོལ་ལས་དོན་དེ་རྫོང་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དངོས་

སྒྲུབ་བྱས་པ་བརྒྱུད་དབུལ་ཕོངས་སྡེ་བ་ཕྱིར་འཐེན་དང་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་བྱ་རྒྱུ་ཚང་མ་འབྲེལ་ཡོད་དམིགས་ཚད་དུ་སླེབས་ཡོད།  གནད་འཁེལ་དབུལ་སྐྱོར་

དང་གནད་འཁེལ་དབུལ་ཐར་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་བྱ་ཐབས་མང་པོ་ཡོད་པ་དང་། བྱེད་སྟངས་ཡག་པོ་དང་བྱ་བའི་ཕན་འབྲས་མངོན་གསལ་ལྡན་པ།  ནུས་

ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྣམ་པ་དགའ་འོས་པ་ཞིག་ཡོད། ད་ལོར་ཤུལ་དུ་ལུས་པའི་དབུལ་ཕོངས་སྡེ་བ6དབུལ་ཐར་བྱེད་པ་དང་

ཁྱིམ་ཚང957ཡི་མི3604ཚང་མ་དབུལ་ཐར་བྱས་ནས་དབུལ་བོ་འགྱུར་ཚད3%ནང་ཚུན་དུ་ཆག་པ་དང་དབུལ་བོ་དབུལ་རྐྱང་མེད་པར་བཟོས་ཏེ་སྤྱི་ཡོངས་ནས་

དབུལ་ཐར་ཞྭ་མོ་ཕུད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ལ།   དུས་མཚུངས་སུ་དེར་གནས་པའི་བྱེ་བྲག་རང་བཞིན་དང་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམིགས་

གཏད་རང་བཞིན་དང་མཛུབ་སྟོན་རང་བཞིན་གྱི་གྲོས་གཞི་བཏོན་པ་རེད།  དཔྱད་ཞིབ་ཚན་ཆུང་གི་ཚན་གཙོ་པད་མ་ཚེ་བརྟན་གྱིས་དབུལ་ཐར་འགག་སྒྲོལ་མཇུག་མཐའ་

འགག་རྩའི་དུས་སུ་སླེབས་ཡོད་པས་ངེས་པར་དུ་ངར་ཤུགས་གཅིག་སྒྲིམ་གྱིས་མཇུག་མཐའི་ལས་འགན་མཐར་ཕྱིན་སྒྲུབ་པ་དང་། འབད་བརྩོན་ལྷོད་མེད་ངང་དམིགས་བྱའི་

རེའུ་མིག་བལྟས་ནས་གནད་དོན་དག་ཐེར་གནད་ལ་འཁེལ་བར་བྱེད་པ། གཅིག་ཤེས་ཀུན་གྲོལ་གྱིས་ཡང་བསྐྱར་གནད་དོན་ཞིབ་བཤེར་གསལ་སྟོན་དང་ཐག་གཅོད་བྱས་ཚེ་

ད་གཟོད་དབུལ་ཕོངས་ཞྭ་མོ་ཕུད་ཐུབ་ཅེས་ནན་བཤད་གནང་བ་རེད།

       ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བསྟན་རྒྱུར། དཔྱད་ཞིབ་ཚན་ཆུང་གིས་པདྨ་རྫོང་གི་བྱ་བར་དཔྱད་ཞིབ་བྱེད་པའི་རིང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས

དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།  སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཡོངས་ཁྱབ་ཏུ་ཤེས་རྟོགས་བྱེད་པ་བཅས་ཀྱི་ཐོག་ནས་ང་ཚོར་

ལྷག་པའི་གནད་དོན་ཕྱོགས་ཡོངས་ནས་རྩད་ཆོད་ཐུབ་རྒྱུར་རོགས་རམ་བྱས་ཤིང་རྗེས་ཕྱོགས་ང་ཚོའི་ལས་དོན་གྱི་དཀའ་གནད་འགག་སྒྲོལ་ལ་བྱ་ཐབས་མཁོ་འདོན་དང་ཁ་

ཕྱོགས་གསལ་སྟོན་བྱས་ཤིང་།  ང་ཚོས་གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་ཕྱིར་སྒྲོན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྟངས་བཟུང་སྟེ།  དཔྱད་ཞིབ་ཚན་ཆུང་གིས་ཕྱིར་

སྒྲོན་བྱས་པའི་གནད་དོན་ལ་ལྷག་བསམ་རྣམ་དག་གིས་དང་ལེན་དང་རྩིས་ཐོར་བཀོད་ནས་ཆ་ཚང་བསྡུ་ལེན་བྱས་ཏེ་བསམ་འཆར་བཏོན་པར་ནན་ཏན་གྱིས་ཞིབ་འཇུག་དང་

གོ་བ་གཏིང་ཟབ་ལེན་པ། ཚད་མཐོའི་ཆབ་སྲིད་རང་རྟོགས་དང་འགན་འཁྲི་ཆེན་པོ་འཁུར་ནས་དག་ཐེར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་

ཏུ་བརྩིས་ཡོད་པས། ང་ཚོས100%ཡི་ལས་བྱེད་པའི་སྟོབས་ཤུགས་དང་། བསམ་བློའི་ནུས་ཤུགས། བྱ་བའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཆད་ལུས་

ཞིབ་བཤེར་དང་བཅོས་སྒྲིག་དོན་འཁྱོལ་ལེགས་པོ་བྱས་ནས་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བདེ་ལེགས་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་

དགོས།

 

 

 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།