ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་ཚན་ཆུང་སྨར་ཁོག་ཞང་དུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་ལས་དོན་སྤེལ།
འབྱུང་ཁུངས།: 2019/11/10

 

       ཟླ11ཚེས9ཉིན་དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་ཞིབ་རྩིས་ལེན་ཚན་ཆུང་སྨར་ཁོག་ཞང་དུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་ཁུལ་རིམ་པའི་དཔྱད་

ཞིབ་རྩིས་ལེན་ལས་དོན་སྤེལ་བ་རེད།   རྫོང་ཨུའི་རྒྱུན་ཨུ།  རྫོང་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པའམ།  སྨར་ཁོག་ཞང་རྫོང་རིམ་པའི་འབྲེལ་གནས་མགོ་ཁྲིད་

རྒྱལ་འབུམ་འཁྲུངས། རྫོང་སྲིད་གཞུང་གཞུང་ལས་ཁང་། རྫོང་དམངས་སྲིད་ཅུས།  རྫོང་མི་དམངས་དང་སྤྱི་ཚོགས་འགན་སྲུང་ཅུས། རྫོང་སྒྲིག་ཁོངས་གཞུང་ལས་ཁང་སོགས་

འབྲེལ་གནས་ལས་ཁུངས་ཀྱི་མགོ་ཁྲིད་དང་རྫོང་དབུལ་སྐྱོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ། ཞང་གི་ལས་བྱེད་ཡོངས་དང་། སྡེ་བ་སོ་སོའི་དབུལ་སྐྱོར་ཧྲུའུ་ཅི་དང་པོ་

དང་སྡེ་སྡོད་ལས་དོན་རུ་ཁག་གི་ཁོངས་མི། སྡེ་བ་སོ་སོའི་ཨུ་གཉིས་ཚན་ཁག་གི་ལས་མི་ཡོངས་ཀྱིས་དཔྱད་ཞིབ་རྩིས་ལེན་ལས་དོན་སྤེལ་བར་མགོ་མཇུག་བར་གསུམ་དུ་ཕེབས་

རོགས་བྱས།

        རྩིས་ལེན་ཚན་ཆུང་དང་བཅས་པས་ཁྱིམ་ཚང་དུ་བསྐྱོད་པ་དང་།  ཡིག་ཚགས་དཔྱད་ཡིག་ལྟ་ཞིབ།  སྡེ་བ་རིམ་པའི་ལས་བྱེད་པ་དང་བཅར་འདྲི་སོགས་ཀྱི་བྱེད་

ཐབས་བརྒྱུད། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ། ཚད་ལྡན་གཅིགབཅས་ཀྱི་ནང་དོན་གཞིར་བཟུང་ནས།  དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་

མིན་པའི་ཁྱིམ་ཚང་། དབུལ་ཐར་བྱས་ཟིན་པའི་ཁྱིམ་ཚང་བཅས་ཀྱི་ཁྱིམ་མི་དང་། ཁྱིམ་ཚང་གི་ཡོང་འབབ། འཐུང་ཆུའི་བདེ་འཇགས།  སྡོད་ཁང་བདེ་འཇགས། དབུལ་སྐྱོར་

བྱེད་ཐབས་དོན་འཁྱོལ་ཡོང་བ། རྗེས་མཐུད་དབུལ་སྐྱོར་འཆར་གཞི། དབུལ་སྐྱོར་ཁ་གསབ་ལས་དོན་དོན་འཁྱོལ་ཡོང་བ་དང་མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་སོགས་

ལ་གཟིགས་ཞིབ་གནང་བ་མ་ཟད། སྡེ་མི་ལ་ཐོན་སྐྱེད་དང་དབུལ་ཐར་སྐོར་གླེང་ནས་དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མིན་པའི་ཁྱིམ་ཚང་ལ་དབུལ་ཐར་འགག་སྒྲོག་

ལས་དོན་བློ་ཡིད་ཚིམ་ཚད་ཞིབ་ཕྲའི་རྒྱུས་ལོན་གནང་བ་དང་། དབུལ་སྐྱོར་ལས་དོན་ཐད་ཀྱི་ཁོང་ཚོའི་བསམ་འཆར་དང་ལྟ་སྟངས་ནན་ཏན་ལ་ཉན་པ་དང་དུས་མཚུངས་སུ་

ཞིབ་བཤེར་ཚན་ཆུང་གིས་ད་དུང་དབུལ་སྐྱོར་སྲིད་ཇུས་ཀྱི་གནད་དོན་ཁག་གཅིག་ལ་ལྟ་ཞིབ་བྱས་ཤིང་འབྲེལ་ཡོད་ལས་བྱེད་པ་དང་ལས་བཟོ་བར་དྲི་བ་བཏོན་པ་རེད། ཐེངས

འདིའི་དཔྱད་ཞིབ་ཞིབ་བཤེར་རྩིས་ལེན་ནང2019ལོའི་དབུལ་ཕོངས་ཁྱིམ་ཚང་གཅིག་དང་། 2017ལོ་ནས2018ལོ་བར་དབུལ་ཐར་བྱས་ཟིན་པའི་ཁྱིམ་ཚང་གཅིག

ད་དུང་དབུལ་པོ་མིན་པའི་ཁྱིམ་ཚང་གཅིག་བཅས་ལ་འཐེན་བཤེར་དང་བཅར་འདྲི་བྱས་པ་རེད།

       རྩིས་ལེན་ཚན་ཆུང་དང་བཅས་པ་སྨར་ཁོག་ཞང་རས་སྟོད་སྡེ་བའི་ཕྱོགས་བསྡུས་གཞུང་སྒྲུབ་ཞབས་ཞུ་ལྟེ་གནས་དང་། སྡེ་བ་རིམ་པའི་འཕྲོད་བརྟེན་ཁང་། སྨར་ཁོག་

ཞང་འཕྲིན་གཏོང་དབུལ་སྐྱོར་མཉམ་ལས་ས་ཚིགས། གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས། གྱོན་ཆས་ལས་སྣོན་བཟོ་གྲྭ  ཤིང་རྐོས་ལས་སྣོན་ཁང་། རྩམ་པ་ལས་སྣོན་ཁང་།

བསང་རྫས་ལས་སྣོན་ཁང་།  སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་སོགས་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པས་པ་མ་ཟད་སྨར་ཁོག་ཞང་གི་དབུལ་ཐར་

འགག་སྒྲོལ་ལས་དོན་དྲིལ་བསྒྲགས་པར་གཞིཐོག་མའི་སེམས་འདུན་མི་བརྗེད་པའི་ལམ་དུ་བསྐྱོད་པཞེས་པར་གཟིགས་པ་རེད།

       མཇུག་ཏུ།  རྩིས་ལེན་ཚོགས་ཆུང་གིས་ཞིབ་བཤེར་གནས་ཚུལ་ལ་གཞིགས་ཏེ་སྨར་ཁོག་ཞང་གི་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་གྲུབ་འབྲས་མངོན་གསལ་དོད་

པའི་ལས་རིགས་བརྒྱད་དེ། ཡིག་ཚགས་དཔྱད་ཡིག་དོ་དམ་ཚད་ལྡན་དང་། མང་ཚོགས་ཀྱི་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་དང་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བློ་ཡིད་ཚིམ་

ཚད་མཐོ་ཙམ་ཡོད་པ་དང་། ཐོན་ལས་འཕེལ་རྒྱས་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པ། དབུལ་ཐར་འགག་སྒྲོལ་ལས་དོན་དྲིལ་བསྒྲགས་པར་

གཞི་བཟོ་བ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་དོ་དམ། མཉམ་འབྲེལ་ས་ཚིགས་ཀྱི་རོགས་སྐྱོར་སོགས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག རྫོང་དང་ཞང་། སྡེ་

བ་བཅས་རིམ་གསུམ་གྱིས་དབུལ་ཐར་འགག་སྒྲོལ་གྱི་ཆབ་སྲིད་འགན་འཁྲི་སྔར་བས་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  དབུལ་ཐར་འགག་སྒྲོལ་གྱི་གནད་དོན་

བཅོས་སྒྲིག་དང་སྐྱོན་བཤེར་ཆད་གསབ་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ཏེ་སྤུས་ཚད་མཐོ་བའི་དབུལ་ཐར་ཕན་འབྲས་ལ་བརྟེན་ནས་ཞིང་ཆེན་རིམ་པ་

དང་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་དཔྱད་དཔོག་ཞིབ་བཤེར་ལ་བསུ་བ་ཞུ་དགོས།།

 

 

 

 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།