ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> པདྨ་རྫོང་གི་དམངས་ཕན་སྲིད་ཇུས།
(མཚོ་སྔོན)“མདོག་གསུམ”ཐོན་ལས་ཀྱིས་དབུལ་ཐར་ཕུགས་འདུན་བཏོད་དེ།དབུལ་ཐར་འགག་སྒྲོལ་གྱི་པདྨ་འཚོལ་ཞིབ་བྱེད་པ།
འབྱུང་ཁུངས།: 2019/11/8
དམར་མདོག་དང་གསེར་མདོག ལྗང་མདོགབཅས་ཚོན་སྣ་གསུམ་ཀྱིས་བྲིས་པའི་པདྨ་རྫོང་གི་གནམ་གཤིས་དྲོ་ཞིང་འཇམ་པ་དང་ཡུལ་ལྗོངས་ཡིད་དུ་འོང་ཞིང་
མི་ལུས་དང་མཚམས་པ།  དེ་ནི་མཚོ་སྔོན་གྱི་ཤར་ལྷོའི་ལྷོ་སྒོ་ཆེན་མོ་ཡིན་ཞིང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིའབྲི་ཆུའི་ལྷོ་རྒྱུད་ཆུང་བཞེས་པའི་མཚན་སྙན་
ཐོབ་ཡོད།  ཡིན་ཡང་ས་རྒྱ་ཆེ་ཞིང་མི་འབོར་ཧ་ཅང་ཉུང་བ་དང་།  མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་དང་འགྲིམ་འགྲུལ་རྗེས་ལུས་ཡིན་པ།  ཆ་འཕྲིན་འགག་པ་བཅས་ཀྱིས་
པདྨ་རྫོང་ནི་དབུལ་ཕོངས་ཀྱི་གནས་སུ་གྱར་བ་མ་ཟད་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་རྫོང་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དམིགས་བསལ་དབུལ་ཕོངས་རྫོང་ཡང་ཡིན།
      
འགྲིམ་འགྲུལ་ཕལ་ཆེར་རྐང་ཐང་ལ་བརྟེན་དགོས་པ་དང་། སྐད་ཆ་ཤོད་པར་ཕལ་ཆེར་སྐད་ཅོར་ལ་བརྟེན་དགོསདེ་ནི་ས་གནས་ཀྱི་དམངས་ཁྲོད་དུ་ཁྱབ་པའི་
གཏམ་དཔེ་ཞིག་ཡིན་ཞིང་། གཏམ་དཔེ་དེའི་ནང་དུ་རི་ཁྲོད་དུ་གནས་པའི་པདྨ་རྫོང་གི་དབུལ་ཕོངས་དང་ཅི་བྱ་གཏོལ་མེད་དུ་གྱུར་ཚུལ་འཁོད་ཡོད། བསྡོམས་རྩིས་བྱས་པ་
ལྟར་ན།   2015ལོར་རྫོང་ཡོངས་སུ་སྔར་བཞིན་དབུལ་ཕོངས་སྡེ་བ13དང་ཁྱིམ་ཚང1945ཡི་དབུལ་ཕོངས་མི་འབོར8047ཡོད་པ་དང་དབུལ་བོར་ཐོན་ཚད
32.8%ཟིན་ཡོད།
      
ཅིའི་ཕྱིར་རི་ཆུ་ཀླུང་གསུམ་འཛོམས་ཤིང་དང་གནམ་གཤིས་དྲོད་འཇམ་ལྡན་པའི་པདྨའི་དབུལ་ཕོངས་ཀྱི་ཚད་དེ་འདྲ་གཏིང་ཟབ་དོན་ཅི་ཡིན་ནམ།
      
མགོ་ལོག་ཁུལ་ཨུའི་རྒྱུན་ཨུ།  རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྤྱི་སྡོམ་བྱས་ནས་བཤད་རྒྱུར། ལོ་རྒྱུས་དང་རང་བྱུང་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་
པདྨ་སྤྱི་ཚོགས་འཕེལ་རྒྱས་འགྲོས་དམའ་བ་དང་། ཐོན་ལས་གྲུབ་ཆ་སྣ་རྐྱང་ཡིན་པ།  དབུལ་ཕོངས་གཞི་ཁྱོན་རྒྱ་ཆེ་བ་དང་། དབུལ་ཕོངས་ཁྱབ་ཁོངས་ཆེ་བ། རྫོང་ནོར་སྲིད་
ཀྱིས་མི་འདང་བ།  གྲོང་གསེབ་དང་འབྲོག་ཁུལ་འཕེལ་རྒྱས་ཐད་མ་དངུལ་གཏོང་ཤུགས་ཅུང་ཉུང་བ།  ཕྱུགས་ལས་དང་ཞིང་ལས།  ཡུལ་སྐོར་ལས་རིགས་སོགས་ཀྱི་ལེགས་ཆ་
ལྡན་པའི་ཐོན་ཁུངས་སྒོ་འབྱེད་གང་ལེགས་བྱས་མེད་པ།    ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་དཀའ་གནད་ཅུང་ཆེ་བའི་སྟེང་མང་ཚོགས་ཀྱི་འདུ་ཤེས་རྙིང་ཞེན་ཡིན་པ།
རྗེས་ལུས་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་བཅས་ཀྱིས་མང་ཚོགས་ཡུན་རིང་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད།

        དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་དེ་ལས་སྒྲོལ་ཆེད། 2016ལོ་ནས་བཟུང་པདྨ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་བྱ་བ་
འགངས་ཆེན་དང་དམངས་ཚིས་ལས་གཞི་དང་པོར་བརྩིས་ནསདམར་མདོག་དང་གསེར་མདོག ལྗང་མདོགབཅས་ཐོན་ལས་གསུམ་སྔོག་འདོན་དང་འཕེལ་རྒྱས་གཏོང་
རྒྱུར་དམ་པོར་དམིགས་ཏེ་དབུལ་ཕོངས་ཁྲོད་ཀྱི་དཀའ་གནད་ལས་སྒྲོལ་ཕྱིར་དམག་འཁྲུག་ཐེངས་ཤིག་སླང་པ་རེད།
      
མགོ་ཁྲིད་ལས་བྱེད་པར་དམིགས་འཛུགས་འགན་གཙང་ལེན་བྱེད་པ་དང་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས6542འབྲེལ་གཏུག་རོགས་སྐྱོར་ལམ་སྲོལ་
ལག་བསྟར་བྱས་ནས་ཏང་ཡོན་ལས་བྱེད་པ1300ལྷག་ཙམ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་རྒྱག་སར་བསྐྱོད་དེ་རི་ལ་ཐུག་ན་ལམ་འབྱེད་པ་དང་། ཆུ་དང་ཐུག་ན་
ཟམ་པ་བཟོ་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལ་དམག་འཐབ་རྒྱག་རྒྱུ་ཐག་གཅོད་བྱས་པ་རེད།  རྫོང་ཡོངས་ཀྱི་སྟོབས་ཤུགས་དང་དམངས་
ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས་བློ་སེམས་ཞིབ་མོ་དང་ཕན་ཚུན་མཉམ་འབྲེལ་སྒོས་རིགས་ཁག་གི་མ་དངུལ་སྒོར་དུང་ཕྱུར12སྤྱི་འདོམས་བྱས་ཏེ་གཞི་རིམ་ཏང་་་་་་་་
འཛུགས་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས། བདེ་འཇགས་སྡོད་ཁང་དང་བདེ་འཇགས་འཐུང་ཆུ། སློབ་གསོ་དང་། སྨན་བཅོས། རྒན་གསོ། དམིགས་
བསལ་དཀའ་ངལ་ཡོད་པའི་མང་ཚོགས་བཅསའཐབ་འཛིང་དྲག་པོ་བདུནའགན་ལེན་བྱས་པས་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་བྱུང་ཡོད།
      
ཤ་བོ་སྐྱབས་ཀྱིས་མཚམས་སྦྱོར་བྱེད་རྒྱུ།    སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་དུ་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ13ཚང་མ་ཕྱིར་འཐེན་བྱ་རྒྱུ་དང་ཁྱིམ་ཚང
1945དང་མི་གྲངས8057ཚང་མ་དབུལ་ཐར་བྱེད་རྒྱུ། ལྷག་པར་དུ་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་དེ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་དང་ལེགས་ཆའི་ཐོན་
ལས་ལ་བརྟེན་ནས2015ལོའི་ལོ་མཇུག་ཏུ་མི་རེར་ཆ་སྙོམས་སྒོར2560ནས2019ལོའི་ལོ་མཇུག་ཏུ་སྒོར5650རུ་འཕར་ཡོད།

དབུལ་ཐར་གྱི་ཁྱད་ཆོས་དང་པོ། གསར་བརྗེའི་ཡུལ་སྐོར་རྒྱུན་མཐུད་ངང་འཕར་བ།
      
པདྨ་ནི་དམར་དམག་རྒྱང་སྐྱོད་མཚོ་སྔོན་དུ་བརྒྱུད་པའི་ས་ཆ་གཅིག་པུ་ཡིན་པ་དང་མཚོ་སྔོན་གྱི་གསར་བརྗེའི་ཐོན་ཁུངས་དང་རྒྱང་སྐྱོད་རིག་གནས་ཐོན་ཁུངས་ཀྱི་
གནས་མཆོག་དེ་ཡིན། ཉེ་བའི་ལོ་ཤས་རིང་། རྫོང་ཡོངས་ཀྱིས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་
བྱས་ཏེགསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ལེགས་པོ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བཅསཀྱི་འདུ་ཤེས་ཇེ་
ཟབ་ཏུ་བཏང་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། དམར་མདོག་པདྨ
དེ་བས་གྲགས་ཆེར་ཕྱིན་པ་དང་ཆབས་ཅིག་མཐའ་འཁོར་གྱི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ནས་པདྨའི་གསར་བརྗེའི་ཡུལ་སྐོར་ཐོན་ལས་
དབུལ་སྐྱོར་གྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
      
ན་ནིང་གི་ཟླ5པར་འབྲིང་རིམ་ཆེད་ལས་ཀྱི་རིག་གནས་ཆུ་ཚད་ལྡན་པའི་བོད་རིགས་གཞོན་ནུ་མོ་བཀྲ་བྷོར་མཚོན་ན་ཚགས་འཇུག་བྱང་འགོད་ཀྱི་དབུལ་ཕོངས་
ཁྱིམ་
ཚང་ཡིན་པའི་ངོས་ནས་སྒོ་འབྱེད་ལ་ཉེ་བའི་གེ་སར་སྐུ་མགྲོན་ཁང་གི་བཟའ་བཏུང་པུའུ་རུ་སྔོན་ལ་བྱ་བ་བཀོད་སྒྲིག་བྱས།ང་དང་ནུ་མོ་ངེད་གཉིས་མགྲོན་ཁང་འདར་
ལས་ཀ་བྱེད་ཀྱི་ཡོད། ལས་འགོ་མ་བཙུགས་སྔོན་ལ་རྫོང་ཐོག་ནས་ང་ཚོའི་ཞབས་ཞུ་བ་རྩ་འཛུགས་བྱས་ཏེ་ལས་ཐོག་གསོ་སྦྱོང་བྱས་ཤིང་ལོ་གཅིག་ལྷག་ཙམ་ལས་ཀ་བ་སྒྲུབ་པས་
ངའི་བསམ་པར་ཧ་ཅང་ཡག་པོ་འདུག  ད་ལྟ་རང་ཉིད་ཀྱིས་ཟླ་གཅིག་ལ་གླ་ཕོགས་སྒོར3000ལེན་རྒྱུ་བྱུང་བས་ཁྱིམ་གྱི་ཡོང་འབབ་ཧ་ཅང་མང་དུ་ཕྱིན་སོང་། ད་ལོ་ངེད་
ཚང་གིས་དབུལ་ཕོངས་ཁྱིམ་ཚང་གི་ཞྭ་མོ་ཕུད་ཐུབ་འདུག
       
བཀྲ་བྷོ་བྱ་བ་གཉེར་སའི་གེ་སར་སྐུ་མགྲོན་ཁང་ཆེན་མོ་ནི་པདྨ་རྫོང་གི་གསར་བརྗེའི་ཡུལ་སྐོར་ཐོན་ལས་དར་རྗེས་རྫོང་ཡོངས་ཀྱིས་ཚགས་འཇུག་བྱང་འགོད་ཀྱི་དབུལ་
ཕོངས་ཁྱིམ་ཚང5149ཡི་ཐོན་ལས་མ་དངུལ་དང་ཧྲང་ཧའེ་ཡི་རོགས་སྐྲུན་མ་དངུལ་སྒོར་ཁྲི400བསྡུ་སྒྲིལ་བྱས་ནས་ཁྱོན་སྒོར་ཁྲི3695.37བཏང་སྟེ་གེ་སར་དབུལ་སྐྱོར་
ཐོག་ཁང་ཆེན་ཁྱོན་ཡོངས་ནས་ཉོས་པ་ཡིན་ལ། དེར་བཟའ་བཏུང་དང་། སྤྲོ་གསེང་། ཞག་སྡོད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མགྲོན་ཁང་ཞིག་
ཏུ་བསྐྲུན་ཡོད་པ་རེད།
       
པདྨ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཅུས་ཀྲང་ལི་ཞིའུ་ཆོན་གྱིས་བཤད་རྒྱུར།   སྲོལ་རྒྱུན་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྫོང་ཡོངས་ཀྱི་དབུལ་
ཕོངས་ཁྱིམ་ཚང་གིསསྒུག་རྟེན་སློངགསུམ་གྱི་བསམ་བློ་ཚབས་ཆེ་བས་རང་འགུལ་ངང་ཐོན་ལས་འཕེལ་རྒྱས་གཏོང་བའི་ཧུར་སེམས་ཆེན་པོ་མེད་པ་དང་།   ཐོན་ལས་
གདམ་ག་དཀའ་བའི་ཁར་ངོ་བོ་གཅིག་མཚུངས་སུ་འགྱུར་བ་ཚབས་ཆེན་ཡིན་པ་རེད། དེར་བརྟེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་འདོད་བློ་བསྡུ་ལེན་གང་
ལེགས་བྱས་པའི་རྨང་གཞིའི་ཐོག་པདྨའི་ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་རྟག་ཞིབ་དང་རིགས་འདེད་བྱས་པ་བརྒྱུད་
རྫོང་མཁར་དུ་ཕྱོགས་བསྡུས་རང་བཞིན་གྱི་མགྲོན་ཁང་གི་ཐོན་ལས་ལག་བསྟར་བྱས་ཡོད།

     2018ལོའི་ཟླ7ཚེས1ཉིན་གེ་སར་སྐུ་མགྲོན་ཁང་ཆེ་མོ་སྒོ་ཕྱེ་སྟེ་རྫོང་ཡོངས་ཀྱི་ཚགས་འཇུག་བྱང་འགོད་ཀྱི་དབུལ་ཕོངས་ཁྱིམ་ཚང18ལས་ཞུགས་གདན་ཞུ་བྱས་
པ་དང་ཟླ་རེར་ཟླ་ཕོགས་སྒོར
3000ལྷག་སྤྲད་པས་ལོ་རེར་ཡོང་འབབ་སྒོར36000འཕར་བར་སྐུལ་ཁྲིད་བྱས་ཡོད།  དེ་དང་ཆབས་ཅིག་ད་དུང་རྫོང་ཡོངས་ཀྱི་སྲིད་
འཛིན་སྡེ་བ
31གི་ཁྱིམ་ཚང1217ཡི་ཚགས་འཇུག་བྱང་འགོད་ཀྱི་དབུལ་ཕོངས་ཁྱིམ་ཚང་མི5149ཡི་ཁྱིམ་ཚང་རེར་ཆ་སྙོམས་ཆེས་དམའ་བའི་ཡོང་འབབ་སྒོར
1679འཕར་བར་བྱས་ཡོད།
      
གསར་བརྗེའི་སློབ་གསོའི་ལྟེ་གནས་དང་། སློབ་གསོའི་རྟེན་གཞི།  རྗེས་དྲན་ཁང་།  ཐང་ཆེན།  དྲན་རྟེན་རྡོ་རིང་། ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས། རླངས་
འཁོར་འཇོག་ཡུལ། ཡུལ་སྐོར་སྤྱི་པའི་གསང་སྤྱོད་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་བསྐྲུན་པ་དང་འབྲེལ་ལས་གནས་ཀྱི་དགོས་མཁོ་མངོན་གསལ་
གྱིས་ཆེ་རུ་ཕྱིན་ཡོད། རྫོང་ཡོངས་ཀྱིས་ཚགས་འཇུག་བྱང་འགོད་དབུལ་ཕོངས་ཁྱིམ་ཚང་དང་ལས་ཞུགས་མེད་པའི་ཁྱིམ་ཚང་། དཀའ་ངལ་ཡོད་པའི་ཁྱིམ་ཚང70ལྷག་ཙམ་
ལས་ཞུགས་ཐུབ་པར་བྱས་ཏེ། མི་རེར་ཟླ་རེར་སྒོར3500ཡི་ཟླ་ཕོགས་བྱིན། དམར་དམག་ལུང་བའི་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཁྱིམ་ཚང6གནས་སྤོ་བྱས་པ་དང་ཁྱིམ་
ཚང་རེ་ནས་ལས་བྱེད་པ1གདན་ཞུ་བྱས་ནས་མཛེས་ལྗོངས་ཁུལ་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལས་དོན་སྤེལ་བར་མངགས་ཏེ་མི་རེར་ཟླ་རེར་སྒོར1500ཡི་ཟླ་་་་་་
ཕོགས་སྤྲད།
      
ཡུལ་སྐོར་ལས་རིགས་ཀྱི་སྣེ་ཁྲིད་འོག་མཛེས་ལྗོངས་ཁུལ་མཐའ་འཁོར་མང་ཚོགས་ཀྱི་འཕེལ་རྒྱས་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། དཔེར་ན། དམར་
དམག་ལུང་བའི་ཉེ་འགྲམ་གྱི་པན་ཆན་སྡེ་བས་མངའ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྡེ་བ་ཡོངས་
ཀྱིས་ཁྱིམ་ཚང་མགྲོན་ཁང(བོད་ཁྱིམ་རྡོ་མཁར་ས་ཚིགས)16གཉེར་བ་དང་ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་ཕལ་ཆེར་སྒོར4000ལྷག་འཕར་སྣོན་བྱུང་ཡོད།

དབུལ་ཐར་གྱི་ཁྱད་ཆོས་གཉིས་པ། ལྗང་མདོག་སྐྱེ་ཁམས་ལ་གཉིས་ཕན་མངོན་འགྱུར་བྱུང་བ།
      
པདྨ་རྫོང་ནི་གཙང་གསུམ་འགོ་ཁུངས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བ་རུ་གནས་པ་དང་རང་ཞིང་གི་སྨར་ཁོག་གཙང་པོ་དང་རྡོ་ཁོག་གཙང་པོའི་གདོད་མའི་ནགས་
ཚལ་ཆེ་ཤོས་ཟིན་ཡོད་ལ། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་མང་བ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་མ་ཟད།  ད་དུང་
མཚོ་སྔོན་ཞིང་ཆེན་གྱི་གངས་ལྗོངས་བོད་ཇ་འདེབས་འཛུགས་ཐོན་སྐྱེད་ཀྱི་རྟེན་གཞི་གཅིག་པུ་ཀྱང་ཡིན།  ཞིང་ཆེན་ཡོངས་ཀྱི་ནགས་ལས་དཔལ་འབྱོར་གྱི་བཀོད་སྒྲིག་བྱེད་
སྐབསཤར་རྒྱུད་གླ་སྟར་དང་། ནུབ་རྒྱུད་ཀྱི་འཕང་འབྲས། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཆུ་དང་ཙོང་ཆུའི་སིལ་འབྲསཞེ་པ་ལསལྷོ་རྒྱུད་ཀྱི་བོད་ཇཞེས་པ་ནི་པདྨ་རྫོང་གི་
གངས་ལྗོངས་བོད་ཇ་ལ་གོ་བ་རེད། འདི་གར་ས་བབས་མཐོ་ཚད་མཚོ་ངོས་ལས་སྨི3200ཡོད་པ་དང་སྦགས་བཙོག་མེད་པ་དང་། ས་རྒྱུ་གཤིན་པོ་ཡོད་པ། གནམ་གཤིས་
དྲོད་ཞིང་འཇམ་པ། ལོ་ཧྲིལ་པོར་སྨུག་སྤྲིན་འཐུབ་པས་ཇ་ལ་འཕྲོད་པའི་ཁོར་ཡུག་དཀོན་པོ་ཞིག་རེད།

  ཀུང་སི་དང་།  རྟེན་གཞི།  ཞིང་ཁྱིམབཅས་ཟུང་དུ་འབྲེལ་བའི་རྣམ་པའི་འོག་ད་སྐབས་པདྨ་རྫོང་གི་གངས་ལྗོངས་བོད་ཇའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1.2ལ་སླེབས་ཡོད།
2014ལོ་ནས་བཟུང་རྫོང་ཡོངས་སུ་མིས་བཟོས་འདེབས་འཛུགས་བྱས་ནས་བོད་ཇ་སྤྱི་ཆིང1200བཏབ་པ་རེད།   2017ལོ་ནས་ད་བར་ཡུན་ནན་དང་ཀྲེ་ཅང་
སོགས་ས་ཁུལ་དུ་ཇ་འདེབས་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཡུལ་བབ་དང་བསྟུན་ནས་ཚད་ལྡན་ཅན་གྱི་ཇ་རའི་རྣམ་པའི་བོད་ཇ་རྟེན་གཞི་སྤྱི་ཆིང200སྐྲུན་
ཡོད། རི་གྲོང་མཛེས་ཤིང་ཡུལ་མི་ཕྱུག་པོར་གྱུར་ཡོད།  པདྨའི་བོད་ཇས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་བཏང་བ་མ་ཟད།  ད་དུང་ས་གནས་ཀྱི་འབྲོག་པ་མང་
ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
      
མིག་སྔར་པད་རྫོང་གིས་ལས་སྣོན་བྱས་ཏེ་བཟོས་པའི་ཇ་དམར་དང་། ཇ་ལྗང་། ཇ་ལེབ་སོགས་བོད་ཇ་ཁྱོན་ཐོན་རྫས་རིགས18ཡོད་པ་རེད། ལོ་རེར་སྲིད་གཞུང་
གིས་གཙོ་ཁྲིད་བྱས་ནས་ཚགས་འཇུག་བྱང་འགོད་ཁྱིམ་ཚང་རྩ་འཛུགས་བྱས་ཏེ་བོད་ཇ་འདེབས་འཛུགས་དང་། བདག་སྐྱོང་དོ་དམ། འཐུ་བ་བཅས་བྱས་པས་ལོ་རེར་ཕན་པ་
ཐོབ་པའི་མང་ཚོགས1000ལྷག་ཡོད་པ་རེད།
      
པདྨ་རྫོང་གི་གངས་ལྗོངས་བོད་ཇའི་ཐོན་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཅིང་གོ་མེ་ཡིས་མཚམས་སྦྱོར་ལྟར་ན།2018ལོའི་ལོ་
སྨད་ནས་བཟུང་གངས་ལྗོངས་བོད་ཇའི་ཐོན་ལས་ཀྱིས་ཁེ་ལས་ཀྱི་གཉེར་སྐྱོང་རྣམ་པའི་ཐོག་ནས་གོང་འབུལ་ཁེ་སྤོགས་མ་དངུལ་སྒོར་ཁྲི75བཏང་ནས་ཚགས་འཇུག་བྱང་
འགོད་ཀྱི་ཐིལ་བརྟོལ་ཁྱིམ་ཚང503ཡི་མི1808སྐུལ་ཁྲིད་བྱས་ཏེ་ཁྱིམ་ཚང་རེར་ལོ་རེར་ཆ་སྙོམས་སྒོར1491ཡི་ཁེ་ཕན་ཐོབ་པ་རེད།   2019ལོའི་ལོ་སྟོད་དུ་
གངས་ལྗོངས་བོད་ཇ་སྒོར་ཁྲི120ཕྱིར་ཚོང་བྱས་པ་མ་ཟད།   ཞིང་ལས་ཞང་གིས་ཚགས་འཇུག་བྱང་འགོད་ཁྱིམ་ཚང་གི་མི
879རྩ་འཛུགས་བྱས་ཏེ་བོད་ཇ་འདེབས་
འཛུགས་དང་། བདག་སྐྱོང་། འཐུ་བ་བཅས་བྱས་པས་དབུལ་ཕོངས་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི246འཕར་བ་དང་མི་རེར་ཆ་སྙོམས་སྒོར2799ཡི་ཁེ་སྤོགས་ཐོབ་
པ་རེད།
དབུལ་ཐར་གྱི་ཁྱད་ཆོས་གསུམ་པ། གསེར་མདོག་ཅན་གྱི་རིག་གནས་ལ་ཐབས་ལམ་གཞན་ཞིག་གཏོད་པ།
      
པདྨ་ནི་མགོ་ལོག་འབུམ་པ་ཁག་གསུམ་དང་མགོ་ལོག་གི་སྲོལ་རྒྱུན་རིག་གནས། གླིང་གེ་སར་རིག་གནས་བཅས་ཀྱི་འབྱུང་གནས་ཡིན་ལ། བོད་ཀྱི་རིག་གནས་ལག་
ཤེས་བཟོ་རྩལ་གྱི་རྒྱུན་འཛིན་རྟེན་གཞི་དང་། ཆོས་ལུགས་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ།  ལོ་བརྒྱའི་རིང་གི་བོད་ཁྱིམ་གྱི་རྡོ་མཁར་ཆགས་ཡུལ་ཀྱང་ཡིན། 
པདྨ་རྫོང་
གིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གེ་སར་རིག་གནས་དང་།  བོད་ལུགས་ཀྱི་རྡོ་མཁར་བཟོ་སྐྲུན།   དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་སོགས་མི་རིགས་རིག་གནས་ཤུལ་
བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ། དམངས་ཁྲོད་ཟློས་གར་ཚོགས་པ་དང་གདོད་མའི་སྣོད་བཅུད་གླུ་གར་སོགས་དཔེ་མཚོན་ཅན་གྱི་མི་རིགས་སྒྱུ་རྩལ་ལ་སྐུལ་ལྕག་དང་
རྒྱབ་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུསགསེར་མདོག་གི་པདསྐྲུན་ཡོད། ཐང་ག་དང་། འཇིམ་སྐུ། གདོང་འབག རྡོ་བརྐོས།  རྩ་བརྐོས་སོགས་ལག་ཤེས་བཟོ་རྩལ་དང་།
དམངས་ཁྲོད་ཞབས་བྲོ་དང་། ཟློས་གར། དམངས་སྲོལ་སོགས་དམངས་ཁྲོད་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཡོད་པ་དང་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་
སུ་འགྲོ་བའི་དེང་གི་དུས་འདིར་དབུལ་ཕོངས་ཁྱིམ་ཚང་གི་ལས་གཏོད་ཡོང་འབབ་འཕར་སྣོན་གྱི་ཁྱད་ལྡན་ཐོན་ཁུངས་ཆེན་པོ་ཞིག་ཏུ་གྱུར་ཡོད།
      
མིག་སྔར་རྫོང་ཡོངས་ཀྱིསམདོག་གསུམ་པདའིགསེར་མདོག་བོད་ཀྱི་རིག་གནས་ཐོན་ལས་གླིང་སྐྲུན་ཟིན་པ་དང་།  ཀུང་སི3དང་མི་རིགས་ཀྱི་ཁྱད་ཆོས་ལྡན་
པའི་ལག་ཤེས་བཟོ་རྩལ་ལས་སྣོན་ས་ཚགས2ནང་དུ་ཞུགས་ཡོད་པས།  ཁྱད་ཆོས་ལྡན་པའི་ཐོན་ལས་གསར་པ་ཁག་གཅིག་འབྱུང་དང་འབྱུང་མུས་སུ་མཆིས། ཐོན་ལས་གླིང་

ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་གཞིར་བཟུང་སྟེ། སྲིད་གཞུང་གིས་ས་ཚིགས་དང་མངགས་ཐོའི་རྣམ་པས་རོང་འབྲོག་རྩ་འཛུགས་བྱས་ནས་རིགས་ཁག་གི་གསོ་སྦྱོང་མི་

ཐེངས4100ལྷག་ཙམ་བྱས་པ་དང་།   མི1200ལྷག་ཙམ་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ།  དབུལ་ཕོངས་མང་ཚོགས་ཐོན་ལས་བཟོ་རྒྱུར་སྐུལ་སློང་བྱས་ཏེ་རང་

སྟོབས་རང་སྤེལ་དང་། རང་ཁ་རང་གསོ། རང་བརྟེན་དབུལ་ཐར་བཅས་ཀྱི་ལམ་བུའི་ཐོག་སྐྱོད་ཀྱིན་ཡོད།
      
དེ་དང་ཆབས་ཅིག་རྫོང་ཡོངས་ཀྱིས་དམངས་ཁྲོད་ཟློས་གར་ཚོགས་པ་དང་གདོད་མའི་རྣམ་པ་སོགས་དཔེ་མཚོན་ཅན་གྱི་དམངས་ཁྲོད་སྒྱུ་རྩལ་ལ་སྐུལ་ལྕག་དང་རྒྱབ་
སྐྱོར་བྱས་ཏེཕྱིར་སྐྱེལ་བ་དང་ནང་དུ་གདན་འདྲེན་པསོགས་ཀྱི་གསོ་སྦྱོང་བྱེད་ཐབས་སྤྱད་དེ།  འབྲོག་པའི་གཞོན་ནུ་ལ་མི་རིགས་ཞབས་བྲོ་དང་དཀྲོལ་གཏོང་སོགས་ཀྱི་
གསོ་སྦྱོང་ཤུགས་སྣོན་བརྒྱབ་ནས་གསར་རྩོམ་ཆུ་ཚད་དང་རིག་རྩལ་འཁྲབ་སྟོན་གྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་བས། ལས་ཞུགས་ཐབས་ལམ་དང་དབུལ་ཐར་ཕྱུག་འགྱུར་
གྱི་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད་པ་རེད། 
དཔེར་ན། པདྨ་རྫོང་གིས་བཙུགས་པའི་དམངས་ཁྲོད་རིག་རྩལ་རུ་ཁག་གིས་ཕྱིར་གཏོང་གི་རྣམ་པའི་ཐོག་ནས་ཧྲང་ཧའེ་རུ་རིག་རྩལ་
འཁྲབ་སྟོན་བྱེད་པར་སོང་བ་དང་། གྲུབ་ཆེན་ཞང་དང་སྨར་ཁོག་ཞང་གི་ཚགས་འཇུག་བྱང་འགོད་ཁྱིམ་ཚང་ཁྲོད་རིག་གནས་ངེས་ཅན་ལྡན་པ་དང་རིག་རྩལ་ལ་དགའ་ཞེན་
ཆེ་བའི་གཞོན་ནུ20ལྷག་ནས་དམངས་ཁྲོད་རིག་རྩལ་རུ་ཁག་བཙུགས་ཏེ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་དང་།  སྨར་ཁོག་ཞང་རིག་རྩལ་རུ་ཁག་ལ་རིམ་རྩིས་འཁྲབ་སྟོན་ཁ་
གསབ་སྒོར་ཁྲི7ལྷག་བླངས་ཡོད་པ་རེད། གསོ་སྦྱོང་སྔོག་འདོན་བྱས་པ་བརྒྱུད་ཁོམ་ལོང་གི་དུས་ཚོད་སྤྱད་དེ་རོལ་རྩེད་བྱེད་པའི་གླུ་གར་དེ་དབུལ་ཕོངས་མང་ཚོགས་མང་པོའི་
ཡོང་འབབ་སྣོན་འཕར་གྱི་ལས་རིགས་གཙོ་བོར་གྱུར་ཡོད།
      
ལོ་ན50སོན་པའི་རྒན་པོ་གུ་རུ་ནི་ཆུང་དུས་ནས་རང་གི་ཕ་རྒན་གྱི་མདུན་སར་བརྐོས་རིས་ལག་རྩལ་སྦྱངས་ནས། ད་ལྟ་ཁོང་ནི་པད་རྫོང་གི་ལག་རྩལ་གཞན་ལས་
ལྷག་པའི་བརྐོས་རིས་མཁས་ཅན་ཞིག་ཡིན་ལ། ཤིང་བརྐོས་དང་།  རྡོ་བརྐོས།  ལག་ཤེས་བཟོ་རྩལ་བཅས་ཀྱི་ཆ་ལ་འཇོན་ཐང་ཁྱད་པར་ལྡན་པ་ཞིག་ཡིན། ད་སྐབས་ཁོང་གི་
བརྐོས་རིས་ལས་ཤག་ཏུ་ལག་རྩལ་སྦྱོང་མཁན་གྱི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་བཅུ་ལྷག་ཡོད་པ་རེད།
      
རྒན་པོ་གུ་རུའི་བཤད་རྒྱུར། གསུང་རབ་ཤིང་བརྐོས་བྱེད་རྒྱུ་ནི་ཉམས་རྒུད་དུ་འགྲོ་བཞིན་པའི་ལག་རྩལ་ཞིག་རེད། ངས་ངེས་པར་རྒྱུན་ཆད་ལ་ཉེ་བའི་ལག་ཤེས་
དེ་དག་རྒྱུན་འཛིན་བྱེད་དགོས།དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་དེ་དག་གིས་སྟབས་བདེའི་བརྩམས་ཆོས་གསར་རྩོམ་ཐུབ་པ་དང་།  ཉིན་རེར་ལྟར་ཟླ་ཕོགས་རྩིས་རྒྱག་
གིན་ཡོད། ཤིང་བརྐོས་བཟོ་བཞིན་པའི་ཤེར་བརྟན་གྱིསང་རང་ལག་ཤེས་བཟོ་རྩལ་དང་ཐོན་རྫས་ལ་དགའ་པོ་ཡོད། དེ་མིན་ལས་ཀ་འདིས་ཟླ་རེར་སྒོར2000ཡི་ཡོངས་
འབབ་རག་ཐུབ་པས།  ཁྱིམ་གྱི་འཚོ་བའང་སྔོན་དང་བསྡུར་ན་ཡར་ཐོན་ཆེན་པོ་བྱུང་ཡོད།ཅེས་ཟེར།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།