ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གི་དབུལ་སྐྱོར་དམངས་ཕན་སྲིད་ཇུས།
འབྱུང་ཁུངས།: 2019/10/31
གཅིག སྡེ་བའི་ཐུན་མོང་དཔལ་འབྱོར། སྡེ་བ་རེ་ལ་ཐུན་མོང་དཔལ་འབྱོར་གྱི་མ་དངུལ་སྒོར་ཁྲི༡༠༠རེ་ཡོད་ལ།  དེ་ཡང་དབུལ་བོ་སྡེ་བ༡༣གྱི་ཐུན་མོང་དཔལ་འབྱོར་མ་དངུལ་
ཁུལ་འོད་ཤུགས་གློག་འདོན་ས་ཚུགས་སུ་མ་རྐང་བཞག་ཡོད། དེ་མིན་གྱི་སྡེ་བ༡༩ཐུན་མོང་དཔལ་འབྱོར་མ་དངུལ་གྱིས་སྡེ་བའི་ཐོན་ལས་གཉེར་བའམ་ཁེ་ལས་སུ་མ་རྐང་བཞག་
ནས་སྡེ་བའི་ཐུན་མོང་མ་དངུལ་ཇེ་རྒྱས་ཇེ་མང་དུ་གཏོང་བཞིན་ཡོད།
གཉིས། རོགས་རེས་མ་དངུལ།དབུལ་བོའི་སྡེ་བ༡༣ལ་བསྡོམས་པས་རོགས་རེས་མ་དངུལ་སྒོར་ཁྲི༦༥༠ཡོད། སྡེ་བ་རེ་ལ་སྒོར་ཁྲི༥༠གས་རེས་མ་དངུལ་ཡོད།
གསུམ། རོགས་རེས་མ་དངུལ་རེ་ཞུའི་གོ་རིམ་ནི།  ཚོགས་མིས་མཐུན་ཚོགས་ལ་རེ་ཞུ་ཡི་གེ་འབྲི་བ། རོགས་རེས་མཐུན་ཚོགས་ཀྱི་ལས་འཛིན་ཚོགས་འདུ་བསྡུས་ནས་ཞིབ་བཤེར་
བྱེད་པ། རོགས་རེས་མཐུན་ཚོགས་ཀྱིས་ལྟ་ཞིབ་ཚོགས་འདུ་བསྡུས་ནས་ཞིབ་འབེབ་བྱེད་པ། འཐད་པ་བྱུང་རྗེས་ཉིན༣ལ་སྤྱི་བསྒྲགས་བྱེད་པ། ཞིབ་མཆན་བཀོད་ནས་སྤྲོད་གཏོང་
བྱེད་པ། རོགས་རེས་མ་དངུལ་ཞིབ་མཆན་གཏོང་སྤྲོད་གནང་བའི་ཡིག་ཚགས་ཞང༼གྲོང་རྡལ༽མི་དམངས་སྲིད་གཞུང་དང་རྫོང་དབུལ་སྐྱོར་སྡེ་ཁག  ནོར་སྲིད་སྡེ་ཁག་ལ་ཐོ་
འགོད་སྙན་ཞུ་བྱེད་དགོས།
བཞི། དབུལ་སྐྱོར་ཡུལ་གཞན་གནས་སྤོའི་རྣམ་གྲངས།   རྫོང་ཡོངས་ཀྱི་ཞང་བརྒྱད་དང་གྲོང་རྡལ་གཅིག་ལལོ་ལྔའི་འཆར་འགོད་བཅུ་གསུམགྱི་དབུལ་སྐྱོར་ཡུལ་གཞན་
གནས་སྤོའི་ཁང་བ༡༠༤༨ཡོད།  ༢༠༡༦ལོའི་ཡུལ་གཞན་གནས་སྤོ་རྣམ་གྲངས་བསྡོམས་པས་ཁང་བ༣༥༤ཡོད་ལ། གཅིག་བསྡུས་བཀོད་སྒྲིག་ས་གནས༥ཡོད། ༢༠༡༧ལོའི་ཡུལ་
གཞན་གནས་སྤོ་རྣམ་གྲངས་བསྡོམས་པས་ཁང་བ ༦༩༤ ཡོད་ལ། གཅིག་བསྡུས་བཀོད་སྒྲིག་ས་གནས༤ཡོད།  

ལྔ། ཁྱིམ་འབྱོར་ཐོན་ལས་མ་དངུལ།  ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་ལ་རིམ་པ་གསུམ་ཡོད་པ་ལས། རིམ་པ་གཉིས་པའི་དམའ་སྲུང་དབུལ་ཁྱིམ་དང་རིམ་པ་
གསུམ་པའི་དབུལ་ཁྱིམ་དཀྱུས་མའི་མི་རེ་ལ་སྒོར༦༤༠༠ཡི་ཁྱིམ་འབྱོར་ཐོན་ལས་མ་དངུལ་ཡོད། མིག་སྔར་རང་རྫོང་གིས་ཁྱིམ་འབྱོར་ཐོན་ལས་མ་དངུལ་བཀོད་སྤྱོད་བྱས་ནས་
གཉེར་བའི་ཐོན་ལས་རྣམ་གྲངས་ནི། གེ་སར་སྐུ་མགྲོན་ཁང་ཆེན་མོ་དང་མི་རིགས་གྱོན་ཆས་བཟོ་ཁང་། གྲུབ་ཆེན་ཞང་གི་ནོར་ནག་ཐོན་ལས་བཅས་ཡིན།

དྲུག ཐོན་ལས་ཀྱི་ཁེ་སྤོགས་བགོ་བཤའ།  གེ་སར་སྐུ་མགྲོན་ཁང་ཆེན་མོས༢༠༡༨ལོའི་ལོ་སྨད་དུ་དབུལ་ཁྱིམ༡༢༡༧དང་དབུལ་བོའི་མི་གྲངས༥༡༤༩ལ། ཐོན་ལས་ཀྱི་ཁེ་སྤོགས་
སྒོར་ཁྲི༡༦༤.༧༧བགོ་བཤའ་བརྒྱབ་པ་ཡིན།  མི་རེ་ལ་ཆ་སྙོམས་སྒོར༣༢༠བགོས། བོད་ཇ་བཟོ་གྲྭས༢༠༡༨ལོའི་ལོ་སྨད་དུ་དབུལ་ཁྱིམ༥༠༠དང་དབུལ་བོའི་མི་གྲངས༡༧༥༨ལ།
ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི༧༥བགོ་བཤའ་བརྒྱབ་པ་ཡིན། མི་རེ་ལ་ཆ་སྙོམས་སྒོར༤༢༧བགོས།  སེ་ལེ་ཐང་གྲོང་རྡལ་གྱི་རླངས་འཁོར་བཀྲུ་གནས་ཀྱིས༢༠༡༨ལོར་དབུལ་ཁྱིམ
༤༢དང་དབུལ་བོའི་མི་གྲངས༡༨༠ལ། ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི༥བགོ་བཤའ་བརྒྱབ་པ་ཡིན། མི་རེ་ལ་ཆ་སྙོམས་སྒོར༢༧༨བགོས། ལྕགས་རི་ཐང་ཞང་སྔོ་ཚལ་དྲོད་ཁང་ཆེན་
མོས༢༠༡༨ལོའི་ལོསྨད་དུ་དབུལ་ཁྱིམ༦༧དང་དབུལ་བོའི་མི་གྲངས༣༤༧ལ། ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི༡༠བགོ་བཤའ་བརྒྱབ་པ་ཡིན། མི་རེ་ལ་ཆ་སྙོམས་སྒོར༢༨༨བགོས། མི་
རིགས་གྱོན་ཆས་བཟོ་ཁང་གིས༢༠༡༨ལོའི་ལོ་སྨད་དུ་དབུལ་ཁྱིམ༤༢དང་དབུལ་བོའི་མི་གྲངས༡༥༠ལ། ཐོན་ལས་ཀྱི་ཁེ་སྤོགས་སྒོར་ཁྲི༡༠བགོ་བཤའ་བརྒྱབ་པ་ཡིན།  མི་རེར་ཆ་
སྙོམས་སྒོར༦༦༦.༦༧བགོས།
བདུན། གྲངས་ཉུང་ཡིད་རྟོན་བུ་ལོན། ༢༠༡༧ལོ་ནས༢༠༡༨ལོའི་བར། ལག་རྩལ་དང་ནུས་པ་ཡོད་ལ་མ་དངུལ་གྱིས་མི་འདང་བའི་དབུལ་ཁྱིམ༤༣དང་ཏང་ཡོན་དབུལ་བོ་མི༧
བཅས་ལ་དངུལ་རྩའི་ཞབས་ཞུའི་རོགས་སྐྱོར་གནང་བ་ཡིན་ལ། དེ་ཡང་གྲངས་ཉུང་ཡིད་རྟོན་བུ་ལོན་ཁྱོན་བསྡོམས་པས་སྒོར་ཁྲི༢༡༤.༩བསྐྱིས་པ་ལས། ༥༣༠ཅན་གྱི་གྲངས་ཉུང་
ཡིད་རྟོན་བུ་ལོན་ཞིང་ལས་དངུལ་ཁང་གིས་ཁྱིམ་ཚང༣༧ལ་སྒོར་ཁྲི༡༨༤.༩བསྐྱིས། སྦྲག་སྲིད་དངུལ་ཁང་གིས་ཁྱིམ་ཚང༦ལ་སྒོར་ཁྲི༣༠ བསྐྱིས། ཏང་ཡོན་དབུལ་བོ་ལ་དབུལ་སྐྱོར་
བུ་ལོན་སྒོར་ཁྲི༡༨༤.༩བསྐྱིས་པ་ཡིན།  གཞན་ཡང་། ལག་རྩལ་དང་ནུས་པ་ཡོད་ལ་མ་དངུལ་གྱིས་མི་འདང་བའི་དབུལ་ཁྱིམ༡༠ལ། ཁེ་ལས་དང་རྣམ་པ་གསར་བའི་ཞིང་འབྲོག་
མཉམ་ལས་ཁང་ལ་རོགས་འདེགས་སྒོས་ལས་ཞུགས་བྱས་པ་བརྒྱུད་ནས། དངུལ་རྩའི་དབུལ་སྐྱོར་བུ་ལོན་སྒོར་ཁྲི༡༠༠བསྐྱིས་པ་ཡིན། ༢༠༡༩ལོའི་ལོ་མགོར། ཞིང་ལས་དངུལ་ཁང་
གིས༥༣༠ཅན་གྱི་གྲངས་ཉུང་ཡིད་རྟོན་བུ་ལོན་ཁྱིམ་ཚང༤༤ལ་སྒོར་ཁྲི༡༧༡བསྐྱིས།  སྦྲགས་སྲིད་དངུལ་ཁང་གིས་ཁེ་ལས་ཆུང་གྲངས་ལ་རོགས་འདེགས་བུ་ལོན་སྒོར་ཁྲི༣༥བསྐྱིས་
པ་ལས། དབུལ་ཁྱིམ༤ལ་ལས་གནས་ཐག་གཅོད་བྱས་པ་ཡིན།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།