ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> པདྨ་རྫོང་གི་དམངས་ཕན་སྲིད་ཇུས།
དབུལ་ཐར་འགག་སྒྲོལ་གྱི་སྒྲོག་བཤད།
འབྱུང་ཁུངས།: 2019/10/29

 

གཅིག གནད་འཁེལ་དབུལ་སྐྱོར་ཕྱོགས་ཀྱི་ཤེས་བྱའི་དྲི་བ་དྲིས་ལན།

ལན། དབུལ་ཕུངས་ཀྱི་ས་ཁུལ་མི་འདྲ་བ་དང་ཁྱིམ་ཚང་མི་འདྲ་བ་རེ་རེར་ཚན་རིག་ནུས་ལྡན་གྱི་རིམ་པས་དབུལ་སྐྱོར་མི་སྣར་ངོས་འཛིན་ཡང་དག་དང་རོགས་སྐྱོར་ཡང་དག
དོ་དམ་ཡང་དག་ལག་བསྟར་བྱེད་པའི་དབུལ་བཅོས་བྱེད་ཐབས་ཞིག་ལ་ཟེར།

གཉིས། ཅི་ཞིག་ལ༼ སེམས་ཁུར་མེད་པ་གཉིས་དང་འགན་སྲུང་གསུམ༽ཟེར།

ལན། སེམས་ཁུར་མེད་པ་གཉིས་ནི། ཟ་འཐུང་ལ་སེམས་ཁུར་མེད་པ་དང་གྱོན་གོས་ལ་སེམས་ཁུར་མེད་པ། འགན་སྲུང་གསུམ་ནི། འོས་འགན་སློབ་གསོ། བདེ་འཇགས་ཀྱི་སྡོད་
ཁང་། རྨང་གཞིའི་སྨན་བཅོས་འགན་སྲུང་བཅས་ཡིན།

གསུམ། གནད་འཁེལ་དྲུག་གི་ཞིབ་ཕྲའི་ནང་དོན་གང་དག་ཡིན།

ལན། དབུལ་སྐྱོར་བྱེད་ཡུལ་གྱི་མི་སྣ་གནད་འཁེལ་ཡིན་པ། རྣམ་གྲངས་བཀོད་སྒྲིག་བྱས་པ་གནད་འཁེལ་ཡིན་པ། མ་རྩ་བཀོད་སྤྱོད་བྱེད་ཡུལ་གནད་འཁེལ་ཡིན་པ། དུད་ཁྱིམ་
སོ་སོར་བྱེད་ཐབས་བཀོད་པ་གནད་འཁེལ་ཡིན་པ།  ལས་བྱེད་མི་སྣ་འདེམ་པ་གནད་འཁེལ་ཡིན་པ། དབུལ་ཐར་ཕན་འབྲས་གནད་འཁེལ་ཡིན་པ།

བཞི། དབུལ་ཕུངས་སྡེ་བ་ལས་ཕྱིར་འབུད་པའི་ཚད་གཞི་དྲུག་ནི་གང་དག་ཡིན།  

ལན། 1.སྤྱིའི་དབུལ་ཕུངས་ཚད་བརྒྱ་ཆའི༣ལས་དམའ་བ། 2.སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རམ་དབུལ་ཕུངས་སྡེ་བ་རིམ་པའི་འཕེལ་རྒྱས་མ་དངུལ་བཀོད་སྒྲིག་ཡོད་
པ་དང་འཁོར་བསྐྱོད་ཚད་ལྡན་ཡིན་པ།  3.སྡེ་བའི་ནང་དུ་ཨར་འདམ་མམ་རྡོ་ལམ་ཡོད་པ།  4.བདེ་འཇགས་འཐུང་ཆུ་ཡོད་པ། 5.འབྲོག་ཁུལ་འཚོ་གནས་སུ་གློག་འཐེན་
ཡོད་པ།  6.ཚད་ལྡན་གྱི་སྡེ་བའི་འཕྲོད་བསྟེན་ཁང་དང་སྡེ་བ་རིམ་པའི་སྣ་འཛོམས་ལས་སྒྲུབ་ཞབས་ཞུ་སྟེ་གནས་ཡོད་པ།
ལྔ། དབུལ་ཕུངས་ཁྱིམ་ཚང་དབུལ་ཐར་གྱི་ཚད་གཞི་དྲུག་ནི་གང་དག་ཡིན།
ལན། 1.མི་རེའི་ཆ་སྙོམས་ཡོང་འབབ་ཚད་གཞིར་ཐོན་པ། 2.བདེ་འཇགས་སྡོད་ཁང་ཡོད་པ།  3.འོས་འགན་སློབ་གསོའི་སྐབས་སུ་ཆ་རྐྱེན་ཞན་ནས་སློབ་མ་སློབ་གྲྭར་མ་སོང་
བ་མེད་པ། 4.གྲོང་ཚོའི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འགན་སྲུང་ནང་ཞུགས་ཡོད་པ། 5.གྲོང་ཚོའི་སྡོད་དམངས་ཀྱི་རྨང་གཞིའི་སྨན་ལས་འགན་སྲུང་ནང་ཞུགས་ཡོད་
པ།  6.ངལ་རྩོལ་ནུས་ཤུགས་དང་ཕུགས་འདུན་ལྡན་པའི་བུ་ཕྲུག་ལས་རིགས་སློབ་གསོ་དང་ལག་རྩལ་གསབ་སྦྱོང་སོགས་ནང་ཞུགས་ཡོད་པ།

དྲུག མགོ་ལོག་ཁུལ་གྱི་དབུལ་སེལ་འགག་སྒྲོལ༼སྐོར་བརྒྱད༽འགུལ་བསྐྱོད་འཆར་གཞི་ནི་ཅི་ཞིག་ཡིན།

ལན། 1. ཁྱད་ཆོས་ལྡན་པའི་ཐོན་ལས་དབུལ་ཐར་སྐོར་གཅིག
2.ལས་གནས་བརྗེ་སྤོར་མངོན་འགྱུར་བྱུང་བའི་དབུལ་ཐར་སྐོར་གཅིག
3.གནས་སྤོར་ལག་བསྟར་བྱས་བའི་དབུལ་ཐར སྐོར་གཅིག
4.སྐྱེ་ཁམས་སྲུང་སྐྱོབ་ལག་བསྟར་བྱས་བའི་དབུལ་ཐར་སྐོར་གཅིག
5.ཐོན་དངུལ་ཡོང་འབབ་དབུལ་ཐར་སྐོར་གཅིག
6.འཕེལ་རྒྱས་སློབ་གསོའི་དབུལ་ཐར་སྐོར་གཅིག
7.སྨན་བཅོས་འགན་སྲུང་དང་རོགས་སྐྱོབ་དབུལ་ཐར་སྐོར་གཅིག
8.ཞིང་སྡེའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་ལམ་ལུགས་རྩ་བའི་དབུལ་ཐར་སྐོར་གཅིག



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།