ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་པདྨ་རྫོང་དུ་ཕེབས་ནས་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་བར་ཞིབ་བཤེར་རྩིས་ལེན་གནང་།
འབྱུང་ཁུངས།: 2019/10/29

 

       ཟླ10བའི་ཚེས26ནས27ཉིན་གྱི་བར།   རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་སུའེ་ཆིང་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་
གྱུར་པུའི་ཅུས་གཉིས་པའི་ཁྲུའུ་གཉིས་པའི་ཁྲུའུ་ཀྲང་གཞོན་པ་ཝང་ཡན་མིང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་སིའི་གསར་འཛུགས་ཁྲུའུ་ཁྲུའུ་ཀྲང་
ལི་ཀོང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དཔལ་འབྱོར་འཕེལ་རྒྱས་སིའི་དབུལ་སྐྱོར་ཁྲུའུ་ཁྲུའུ་ཀྲང་གཞོན་པ་ཏེང་ཧྲི་ཞུང་སོགས་མི་བརྒྱད་རང་རྫོང་དུ་སླེབས་ནས་ཁུལ་
ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་བར་བརྟག་ཞིབ་གནང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གཞོན་པ་ཉིང་ཧའེ་
དབྱིན་དང་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅོན་ཆི་ཀྲང་།  ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་ཕྱོགས་བསྡུས་སྙོམ་སྒྲིག་ཁྲུའུ་ཁྲུའ་
ཀྲང་ཆི་ཡུང་ཧུང་། ཁུལ་ཨུའི་ཧྲུའུ་ཅི་བུས་ཡུས་ཀྲང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཆིས། ཁུལ་ཨུའི་རྒྱུན་ཨུ།
པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལིའུ་ཀྲིན་ཝེ་སོགས་ཞིང་ཆེན་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་ཕེབས་རོགས་འོག་བརྟག་ཞིབ་
གནང་བ་རེད།
      
ཞིབ་བཤེར་ཚན་ཆུང་འཁོར་དང་བཅས་པས་ཡུལ་དངོས་ནས་ལྟ་ཞིབ་དང་། དཔྱད་གཞིར་ལྟ་ཀློག རེ་རེར་བཅར་འདྲི། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་
ཀྱི་བྱ་ཐབས་བརྒྱུད་སྔ་རྗེས་སུ་པདྨ་རྫོང་དམར་དམག་ཐང་ཆེན་དང་། དམར་དམག་ལུང་པ། ལྕགས་རི་ཐང་ཞང་རྡོ་རུ་མ་སྡེ་དང་ལྕགས་རི་ཐང་ཞང་གངས་ལྗོངས་བོད་ཇའི་
རྟེན་གཞི།  གངས་ལྗོངས་བོད་ཇ་ཀུང་སི།  གསེར་མདོག་ཐོན་ལས་གླིང་བཅས་སུ་བསྐྱོད་དེ་དམར་དམག་གྱོན་ཆས་བཟོ་གྲྭའི་ཡུལ་དངོས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་
གསར་འཛུགས་ལས་དོན་སྤེལ་བའི་གནས་ཚུལ་དང་དེ་བཞིན་ཐོབ་པའི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།  ཞིབ་བཤེར་ཚན་ཆུང་གིས་འགྲོ་ཞོར་དང་ལྟ་ཞོར་
དུ་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གསར་འཛུགས་དེ་ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། གྲོང་སྡེ། སློབ་གྲྭ དགོན་སྡེ། ཁྱིམ་ཚང་། དམག་སྒར། ཁྲོམ་ར་
དང་ལས་ཡུལ་བཅས་སུམདུན་སྐྱོད་བཅུའིལས་དོན་ལག་བསྟར་བྱས་ཚུལ་གཙོ་གནད་དུ་ཞིབ་བཤེར་གནང་པ་རེད།
      
དམར་དམག་ཐང་ཆེན་དུ་མི་སྣ་ཡོངས་ཀྱིས་དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་ལ་གཟིགས་སྐོར་གནང་བ་མ་ཟད་མེ་ཏོག་ཕུལ་བ་རེད། དམར་དམག་ལུང་
བར་ཞིབ་བཤེར་ཚན་ཆུང་འཁོར་དང་བཅས་པས་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་དང་། དམར་དམག་ལྡིང་ཁང་།  དམར་དམག་ངོས་ཕྱོགས་དཔུང་ཚོགས་གཉིས་པ་
དང་བཞི་བའི་གནས་སྐབས་བཀོད་འདོམས་ཁང་སོགས་གསར་བརྗེའི་རྗེས་ཤུལ་ལ་གཟིགས་པ་དང་དམར་དམག་རྒྱང་སྐྱོད་ལམ་བུ་པདྨའི་གསར་བརྗེའི་ལོ་རྒྱུས་དང་དེ་་་་་་་
བཞིན་དམར་དམག་ལུང་བའི་གསར་བརྗེའི་རྗེས་ཤུལ་གསར་སྤེལ་སྲུང་སྐྱོབ་དང་དོ་དམ་བེད་སྤྱོད་བྱས་ཚུལ་བཅས་ལ་ཞིབ་ཕྲས་རྒྱུས་ལོན་གནང་བ་རེད། དམར་དམག་བང་
སོའི་མདུན་དུ་མི་སྣ་ཡོངས་ཀྱིས་ཏང་ཞུགས་མནའ་ཚིག་བསྐྱར་དྲན་དང་དམར་དམག་གི་བང་སོར་མཇལ་བ་མ་ཟད་ཁ་བཏགས་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་
བོར་མྱ་ངན་ཟབ་མོ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།
      
ཞིབ་བཤེར་ཚན་ཆུང་གིས་པདྨ་ནི་དམར་དམག་རྒྱང་སྐྱོད་མཚོ་སྔོན་དུ་བརྒྱུད་པའི་ས་ཆ་གཅིག་པུ་ཡིན་པའི་ཆ་ནས་གསར་བརྗེའི་ཐོན་ཁུངས་རྩ་ཆེན་སྔོག་འདོན་
དང་བེད་སྤྱོད་གང་ལེགས་བྱས་ཏེ་གསར་བརྗེའི་ལོ་རྒྱུས་ཀྱི་ཞིབ་འཇུག་དང་དྲིལ་བསྒྲགས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།  ཕུན་སུམ་ཚོགས་པའི་གསར་བརྗེའི་གཞི་རྒྱུ་
རྒྱུན་འཛིན་ཡག་པོ་བྱེད་པ། དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་ལ་བརྟེན་ནས་གསར་བརྗེའི་རྗེས་ཤུལ་
སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད། གསར་བརྗེའི་ཐོན་ཁུངས་དང་རང་བྱུང་ཡུལ་ལྗོངས། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བཅས་ཟུང་འབྲེལ་བྱས་
ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་བཅས་གསུང་པ་རེད།
      
ལྕགས་རི་ཐང་ཞང་རྡོ་རུ་མ་སྡེ་བར་ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་ནས་སྡེ་བའི་ཨུ་ལྷན་གྱི་གཞུང་ལས་ཐོག་ཁང་གི་བཀོད་སྒྲིག་གནས་ཚུལ་དང་མི་རིགས་
མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཡིག་ཚགས་ལ་གཟིགས་ཞིབ་གནང་བར་མ་ཟད།  རྡོ་རུ་མ་སྡེ་བའི་ཁྱད་ལྡན་མ་ཎི་རྡོ་བརྐོས་དང་གེ་སར་རིག་གནས་ཀྱི་གནས་ཚུལ་ལ་
ཞིབ་ཕྲས་རྒྱུས་ལོན་གནང་བ་རེད།  དེའི་རྗེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དྲིལ་བསྒྲགས་པར་གཞི་དང་གེ་སར་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་དང་
འབྲེལ་འཁྲབ་སྟོན་པ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་རེད། གངས་ལྗོངས་བོད་ཇ་ཀུང་སི་རུ་ཞིབ་བཤེར་ཚན་ཆུང་གིས་བོད་ཇ་འདེབས་འཛུགས་དང་། ཀུང་སིའི་
ལས་གཉེར། ཇ་ལོ་ཐོན་སྐྱེད། ཐོན་རྫས་ཐུམ་སྒྲིལ་ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲ་སྒོས་རྒྱུས་ལོན་བྱས་པ་དང་། བོད་ཇ་ཐོན་སྐྱེད་བྱེད་ས་དང་། འགྲེམས་སྟོན་ཚོམས་
ཆེན། འདེབས་འཛུགས་རྟེན་གཞི་བཅས་ལ་ཡུལ་དངོས་སུ་ལྟ་སྐོར་བྱས་པ་མ་ཟད། པདྨ་རྫོང་གློག་རྡུལ་ཚོང་དོན་སྟེགས་བུའི་ཞབས་ཞུ་ལྟེ་གནས་སུ་བསྐྱོད་ནས་ཐོན་རྫས་དྲ་རྒྱ་
བརྒྱུད་དེ་ཕྱིར་འཚོང་གནས་ཚུལ་ལ་རྒྱུས་ལོན་བྱས། 
གསེར་མདོག་ཐོན་ལས་གླིང་དུ་ཞིབ་བཤེར་ཚན་ཆུང་གིས་ཐང་ག་འབྲི་བཞེངས་དང་།  རྫ་ནག་བཟོ་བ། དངུལ་ཆས་ལས་
སྣོན། རྡོ་བརྐོས། གྱོན་ཆས་བཟོ་བ་སོགས་ཀྱི་ཐོན་སྐྱེད་གནས་ཚུལ་ལ་ལྟ་སྐོར་དང་རྒྱུས་ལོན་གནང་པ་རེད།
      
གསར་བརྗེའི་སློབ་གསོའི་ལྟེ་གནས་སུ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་སིའི་སི་ཀྲང་སུའེ་ཆིང་གིས་མགོ་ལོག་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་
རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་ལས་བྱེད་པ་དང་མང་ཚོགས་ཀྱི་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་བ་དང་།    རྫོང་ཡོངས་ཀྱི་ལས་
རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི
20དང་དེ་བཞིན་དཔྱད་བསྡུར་ནང་ཞུགས་མཁན་རྣམས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། ཚོགས་འདུའི་
ཐོག་ཚོགས་ཞུགས་མི་སྣས་རང་ངོས་ཀྱི་ལས་དོན་དང་འཚོ་བའི་དོན་དངོས་ཟུང་འབྲེལ་བྱས་ནས་འགྱུར་ལྡོག་གླེང་བ་དང་། མྱོང་ཚོར་གླེང་བ། གྲོས་གཞི་འདོན་པ་བཅས་བྱས་
ཏེ་སེམས་གཏིང་གི་ལྟ་ཚུལ་གླེང་བ་རེད། ཚང་མས་མགྲིན་གཅིག་ཏུ་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་བ་ནས་བཟུང་པདྨ་རྫོང་གིས་ཞིང་ཆེན་ཏང་ཨུའིཤར་རྒྱུད་ཀྱི་
གླ་སྟར་དང་ནུབ་རྒྱུད་ཀྱི་འཕང་འབྲས། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཆུ་དང་ཙོང་ཆུའི་སིལ་འབྲསཀྱི་ནགས་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་བ་གཞིར་བཟུང་སྟེ་ཕུན་སུམ་
ཚོགས་པའི་དམར་མདོག་དང་ལྗང་མདོག  གསེར་མདོག་བཅས་ཀྱི་ས་ཁོངས་རིག་གནས་ཐོན་ཁུངས་ལ་གཞི་བརྟེན་བྱས་ཡོད། གསར་བརྗེའི་སློབ་གསོ་དང་། གངས་ལྗོངས་
བོད་ཇ། ཁྱད་ལྡན་ཤ་མོའི་རིགས་དང་།  མི་རིགས་ལག་རྩལ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས་དམར་མདོག་གིས་ལྗང་མདོག་སྣེ་ཁྲིད་
དང་། ལྗང་མདོག་གིས་གསེར་མདོག་སྐུལ་ཁྲིད་དེ་སྣ་འཛོམས་ཡུལ་སྐོར་ཐོན་རྫས་སྐྲུན་ཏེ་ས་གནས་མང་ཚོགས་མགྱོགས་མྱུར་ངང་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་
བཅས་བྱས་ཏེ་རྫོང་ཡོངས་ཀྱི་སྤྱི་ཚོགས་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།   བྱ་གཞག་ཁག་ཡར་རྒྱས་ཆེན་པོ་བྱུང་སྟེ་མི་དམངས་མང་ཚོགས་ལ་བདེ་སྐྱིད་དང་བདེ་
འཇགས་ཀྱི་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་སོང་ཞིང་། ད་ལྟ་པདྨ་རྫོང་གི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ།  ཆོས་ལུགས་
འཆམ་མཐུན། དམངས་ཚིས་ལེགས་བཅོས། མི་དམངས་འཆམ་མཐུན་དང་དགའ་སྤྲོ་བཅས་བྱུང་ཡོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་
བཞིན་ཡོད།
      
སི་ཀྲང་སུའེ་ཆིང་གིས་འཐུས་མི་ཚོའི་གཏམ་བཤད་ལ་གསན་རྗེས་མགོ་ལོག་ཁུལ་དང་པདྨ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ལ་ཁས་
ལེན་གང་ལེགས་གནང་བ་རེད། ཁོ་མོས་གསུང་རྒྱུར་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་སྤེལ་བ་དེས་ང་ཚོའི་འཚོ་བ་ཇེ་ལེགས་སུ་གཏོང་བ་དང་། ང་ཚོ་
ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། མི་རིགས་མཐུན་སྒྲིལ་ནི་ཕྱོགས་གཅིག་ནས་མི་རིགས་
དང་མི་རིགས་དབར་གྱི་མཐུན་སྒྲིལ་ཡིན་མོད། འོན་ཀྱང་དེ་བས་ཀྱང་གལ་ཆེ་བ་ཞིག་ནི་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་མཐུན་སྒྲིལ་ཆེན་པོ་ཡིན་པ་དང་།  མི་རིགས་ཚང་མ་ཀྲུང་
ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གི་ཁོངས་མི་ཡིན་པས་ང་ཚོར་ཁྱིམ་ཚང་གི་འབྲེལ་བ་འཆམ་མཐུན་ཡོང་བའི་འགན་འཁྲི་དང་འོས་འགན་ཡོད། ཁོང་གིས་ལས་ཁུངས་སོ་སོ་
དང་སྡེ་ཁག་སོ་སོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།  མི་རིགས་མཐུན་སྒྲིལ་དང་དབུལ་ཐར་འགག་སྒྲོལ་
དང་། ནག་འཇོམས་ངན་སེལ་སོགས་ལས་དོན་ཁག་ལ་ཟུང་འབྲེལ་དམ་པོ་བྱས་ཏེ།  རང་ཉིད་ནས་སྒྲུབ་མགོ་རྩོམ་པ་དང་རང་འཁྲིའི་ལས་གནས་ནས་སྒྲུབ་མགོ་རྩོམ་པ་དང་
མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་པ་དང་ལག་ལེན་པ་ཡག་པོ་བྱས་ཏེཔདྨའི་ཉམས་མྱོངམུ་མཐུད་སྲ་བརྟན་དུ་གཏོང་བ་དང་།  སྤྱི་ཚོགས་དོ་དམ་གྱི་རྣམ་
པ་གསར་གཏོད་བྱེད་པ། བདག་པོའི་རྣམ་འགྱུར་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ་རྫོང་ཡོངས་ཀྱི་དཔལ་
འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་བྱས་ཏེ་ཐུན་མོང་ཐོག་ཕྱུག་འགྱུར་དང་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་རྒྱུ་མངོན་འགྱུར་བྱེད་དགོས།
      
བར་སྐབས་སུ་བརྟག་ཞིབ་ཚན་ཆུང་གིས་ཚོགས་ཞུགས་མི་སྣར་དམངས་གཙོའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་བྱས་པ་དང་འབྲེལ་ཏེ་ལས་རིགས་
ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི20ལ་སྐབས་བསྟུན་འཐེན་བཤེར་བྱས་ཏེ་པདྨ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ལགཅིག་
གཏད་གཅིག་དང་མང་གཏད་གཅིགགི་རེ་རེར་བཅར་འདྲི་བྱས་པ་རེད།


 

 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།