ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་ནང།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/26

 

       རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་བས་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། པེ་ཅིན་མི་དམངས་

ཚོགས་ཁང་ཆེན་མོའི་ནང་ནས་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་ཏེ།  སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་སྐོར་གྱི་ཆེས་མཐོའི་མི་དམངས་ཞིབ་

དཔྱོད་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་པ་མ་ཟད་ཆེད་དོན་འདྲི་རྩད་ཀྱང་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་དང་འདྲི་རྩད་ནང་ཞུགས།

       རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧའོ་མེན་ཅིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།    རྒྱལ་ཡོངས་

དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས། དེ་མིན་ད་དུང་ཟུར་ཞུགས་གྲོས་ཚོགས་ཀྱི་
རྒྱལ་ཡོངས་དམངས་ཆེན་འཐུས་མི་ཁག་གཅིག་གིས་ཕན་གཏུག་བཤེར་ཞིབ་དཔྱོད་ལས་དོན་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་དང་དཀའ་ངལ་ཇི་ལྟར་སེལ་
རྒྱུར་དམིགས་ནས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་དཔུང་སྡེའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་ཇི་ལྟར་རྒྱག་རྒྱུ་དང་།   ཞིབ་དཔྱོད་ལས་ཁུངས་ཀྱི་ལྟ་སྐུལ་ཕན་
འབྲས་ཇི་ལྟར་ཆེ་རུ་བཏང་ནས། སྲིད་གཞུང་སྡེ་ཁག་གིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་ཇི་ལྟར་གཏོང་རྒྱུ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁོར་ཡུག་སྲུང་
སྐྱོང་དང་ཆུ་བོའི་བཞུར་རྒྱུན་བཅོས་སྐྱོང་ཐད་ཐུན་མོང་གི་སྟོབས་ཤུགས་ཇི་ལྟར་ཆགས་པ་བྱ་རྒྱུ་བཅས་ཀྱི་ཐད།   ཞིབ་དཔྱོད་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་ཟས་
རིགས་བདེ་འཇགས་ཁྲོམ་རའི་ཟང་ཟིང་གནས་ཚུལ་བཅོས་སྒྲིག་ཐད་བྱ་ཐབས་གང་དག་སྤྱོད་རྒྱུ་དང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་སྔར་ལས་གང་ལེགས་སྤྱད་ནས།  རང་
བྱུང་ཐོན་ཁུངས་དང་རྒྱུ་ནོར་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་འདྲི་རྩད་བྱས།
      
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ཀྲང་ཅུན་དང་རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། ཁྲོམ་རའི་ལྟ་སྐུལ་དོ་
དམ་སྤྱི་ཁྱབ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་བཀའ་འདྲི་གནང་།
      
ལིས་ཀྲན་ཧྲུའུ་ཡིས་གཏམ་བཤད་ཁྲོད་གསུང་དོན།  ཏང་ཀྲུང་དབྱང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་བྱེད་པའི་ལམ་ལུགས་འཛུགས་རྒྱུའི་
གཏན་འབེབས་བྱས་དོན་ནི། ཁྲིམས་འཛིན་འགན་དབང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་གཏུག་བཤེར་ལམ་ལུགས་ཀྱི་འཐུས་སྒོ་ཇེ་ཚང་དུ་བཏང་ནས། བཅའ་ཁྲིམས་
ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་ནུས་ལྡན་ཅན་དུ་བཏང་སྟེ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་ཆེད་ཡིན།  ཕྱོགས་སོ་སོའི་ཐུན་མོང་འབད་
བརྩོན་བྱས་པ་བརྒྱུད་དེ། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལམ་ལུགས་དེ་མཐོ་རིམ་ཇུས་འགོད་ནས་ལག་ལེན་དངོས་ཀྱི་སྟེང་ནས་དོན་འཁྱོལ་ཡོང་བར་བྱེད་པ་དང་། ཆ་ཤས་
ཀྱི་ཚོད་ལྟ་ནས་ཕྱོགས་ཡོངས་སུ་ཁྱབ་བརྡལ་གཏོང་བའི་བར་འཕེལ་རྒྱས་དང་ཕན་འབྲས་ཆེན་པོ་ཐོབ་ཡོད། ལས་ཀ་འདི་ད་དུང་འགོ་རྩོམ་པའི་དུས་རིམ་དུ་གནས་ཡོད་པས།
མུ་མཐུད་དུ་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་བ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་གི་འགན་ནུས་འདོན་སྤེལ་
གང་ལེགས་བྱེད་པ་བཅས་ལ་འབད་དགོས་ཟེར།
      
ལི་ཀྲན་ཧྲུའུ་ཡིས་ནན་གྱིས་གསུང་དོན། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་གཙོ་གནད་དེར་དམིགས་བཙུགས་
ནས། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་གཏན་འགན་དབང་ཡག་པོ་སྤྱོད་པ་དང་གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་ཀྱི་འགག་རྩ་དམ་འཛིན་བྱས་ཏེ།  གྱོད་གཞི་ཐོ་
འགོད་ཀྱི་འགག་རྩ་དང་དཔང་རྟགས་ཀྱི་འགག་རྩ། ཞིབ་དཔྱོད་ཀྱི་གྲོས་འགོའི་འགག་རྩ། དག་ཐེར་དོན་འཁྱོལ་གྱི་འགག་རྩ། ཞུ་གཏུག་གི་འགག་རྩ་བཅས་ནན་མོ་བསྲུངས་
ནས། ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་སྲུང་སྐྱོང་བྱེད་དགོས། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཆེད་ལས་ཅན་གྱི་འཛུགས་
སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ས་གཙོ་བོའི་གྱོད་གཞི་སྒྲུབ་གཉེར་གྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ།  ཁྲིམས་ལྟར་འགན་འཁྲི་སྒྲུབ་ཆེད་ཆ་རྐྱེན་བཟང་པོ་གཏོད་དགོས།
སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱེད་པའི་ལྡེ་མིག་དེ་སྤྱོད་ཤེས་ཡག་པོ་བྱེད་པ་དང་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རྩ་འཛུགས་དང་
སྤྱི་དམངས་ཞུགས་པའི་བརྩོན་སེམས་ལ་སྐུལ་སློང་བྱེད་པ། སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཅི་ཡོད་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། དཔེ་མཚོན་གྱོད་
དཔེ་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཁྲིམས་འཛིན་གྱི་དབང་གྲགས་མངོན་པ་དང་ཁྲིམས་སྐྱོང་གི་ཟིལ་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།