ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་སྤྲིངས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/28

 

       ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་

ཀྱིས་ཟི་ལིང་གྲོང་ཁྱེར་དམར་དམག་སློབ་ཆུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་
ཞུ་བར་སྤྲིངས་པའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།  ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ནས་ཡོང་བའི་གུང་གཞོན་
ཚོགས་པའི་ཏང་ཨུའི་ཧྲུའུ་ཅི།  ལོ་ཆུང་གདོང་ལེན་རུ་ཁག་གི་སྤྱིའི་ཟུར་ཁྲིད་པའི་འཐུས་ཚབ་མི་སྣ། ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་
འཐུས་ཚབ་པ། ཞིང་ཆེན་ལོ་ཆུང་གདོང་ལེན་རུ་ཁག་བྱ་བའི་སློབ་ཚོགས་ཀྱི་ལས་འཛིན་པའི་འཐུས་ཚབ་མི་སྣ་བཅས་ཚོགས་འདུར་ཞུགས།
      
བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་སྤྲིངས་པའི་རྟེན་
འབྲེལ་ཞུ་བའི་འཕྲིན་ཡིག་མ་རྩོམ་སྒྲོག་འདོན་བྱས་པ་དང་།  ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་
སློབ་སྦྱོང་ནན་མོ་བྱས། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ལ་དམིགས་ནས། གྲོང་ཁྱེར་དང་ཁུལ་གྱི་གུང་གཞོན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ལོ་ཆུང་གདོང་
ལེན་རུ་ཁག་གི་སྤྱིའི་ཟུར་ཁྲིད་པའི་འཐུས་ཚབ་མི་སྣ། ཆུའུ་དང་རྫོང་སློབ་གསོ་སྡེ་ཁག་གི་འགན་ཁུར་བློ་མཐུན། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་མི་སྣའི་འཐུས་ཚབ་པ།
སློབ་གྲྭའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཁག་ཆེ་འབྲིང་གི་ཟུར་ཁྲིད་མི་སྣ། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིའི་འཐུས་ཚབ་པ་བཅས་ཀྱིས་མི་སྒེར་གྱི་སློབ་སྦྱོང་གི་མྱོང་ཚོར་
གླེང་བ་དང་། རང་ས་ཁུལ་དང་རང་སློབ་གྲྭའི་སློབ་སྦྱོང་དྲིལ་སྒྲོག་གི་གནས་ཚུལ་དང་གོ་རིམ་རྗེས་མའི་ལག་བསྟར་བྱེད་ཐབས་ཐད་ནས་བརྗེ་རེས་བྱས།
      
ཚོགས་ཞུགས་འཐུས་ཚབ་མི་སྣས་གཏམ་བཤད་རྗེས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་
ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་
དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་བ་བཟང་བོར་བསྒྲུབ་པའི་གཞི་
འཛིན་ས་རུ་བྱས་ནས། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་།  བསམ་བློ་དང་འགུལ་སྐྱོད་གཉིས་རྟེན་
འབྲེལ་ཞུ་ཡིག་གི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་པའི་རེ་བ་བཏོན།
      
བཞུགས་མོལ་ཚོགས་འདུའི་སྟེང་ད་དུང་རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་སྐབས་བདུན་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་
བའི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད།    ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་ཚོགས་འདུའི་
དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན།

 

 

 

 

 


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།