ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
མཚོ་སྔོན་ཞིང་ཆེན་ཏང་ཨུས་ཉིས་ཏུའུ་ཐཱ་ཧྲིན་ཁྱིམ་ཚང་གི་མི་རབས་བཞི་ཡིས་དམར་པོའི་སེམས་པ་རྒྱུན་འཛིན་བྱས་ནས་བློ་དཀར་རྣམ་དག་བཅངས་ཞེས་པའི་སྔོན་ཐོན་མཛད་རྗེས་ཀྱི་སྙན་འབུལ་གྲོས་ཚོགས་ཐོག་མ་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/27

 

       ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་
གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ནུབ་རྒྱུད་འཐབ་ཁུལ་གྱི་སྐམ་དམག་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་
སྒོས་བསྒྲུབས་པའི།   ཉིས་ཏུའུ་ཐཱ་ཧྲིན་ཁྱིམ་ཚང་གི་མི་རབས་བཞི་ཡིས་དམར་པོའི་སེམས་པ་རྒྱུན་འཛིན་བྱས་ནས་བློ་དཀར་རྣམ་དག་བཅངས་ཞེས་པའི་སྔོན་ཐོན་མཛད་
རྗེས་ཀྱི་སྙན་འབུལ་གྲོས་ཚོགས་ཐོག་མ་ཉིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་བསྡུས།
      
གྲོས་ཚོགས་ཀྱི་སྔོན་ལ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་ནུབ་རྒྱུད་དམག་ཁུལ་སྐམ་དམག་སྒྲིག་ཁྲིམས་ཞིབ་
བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུའུ་ནའེ་ཧྭ་ཡིས་སྙན་འབུལ་ཚོགས་པའི་ཁོངས་མིར་ཐུག་འཕྲད་བྱས་ནས་བསྟན་དོན། ཉིས་ཏུའུ་
ཐཱ་ཧྲིན་ཁྱིམ་ཚང་གི་མི་རབས་བཞི་ཡི་སྔོན་ཐོགན་མཛད་རྗེས་དྲིལ་སྒྲོག་གང་ལེགས་དང་དེར་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི།  དུས་རབས་གསར་པའི་མཚོ་སྔོན་ས་མཐོའི་
ཏང་གཅེས་རྒྱལ་གཅེས་དང་འགྱུར་མེད་འབད་འཐབ་ཀྱི་དར་ཆ་ཞིག་ཏུ་འགྱུར་བར་བྱས་ནས།   བརྗོད་དོན་སློབ་གསོར་ཕན་འབྲས་མིག་མཐོང་ལག་ཟིན་ཞིག་ཐོབ་པར་
འགན་ལེན་ཁག་ཐེག་བྱེད་དགོས་ཟེར།
      
ཚོགས་ཞུགས་ཁོངས་མི་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བཞེད་དོན།  ཉིས་ཏུའུ་ཐཱམ་ཧྲིན་ཁྱིམ་ཚང་གི་མི་རབས་བཞི་ཡིས་དམར་པོའི་སེམས་པ་རྒྱུན་
འཛིན་བྱས་ནས་བློ་དཀར་རྣམ་དག་བཅངས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ་ནི། ཏང་གཅེས་རྒྱལ་གཅེས་ཀྱི་གྲངས་ཉུང་མི་རིགས་ཁྱིམ་ཚང་ཁྲི་
སྟོང་མང་པོའི་དཔེ་མཚོན་མངོན་གསལ་དོད་པོ་ཅན་ཞིག་ཡིན་ཞིང་། དཔེ་མཚོན་དེ་ལས་བསམ་པའི་འཚོ་བཅུད་བསྡུ་ལེན་བྱས་ཏེ།  གསར་བརྗེའི་གཞི་རྒྱུ་དེ་ང་ཚོའི་ཁྲག་
རྒྱུན་ནང་འདྲེས་ཐུབ་པ་དང་རྒྱུན་སྲིང་གི་འབད་འཐབ་སྟོབས་ཤུགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཟེར།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།