ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་གླིང་གི་མཚོ་སྔོན་གྱི་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/25

 

       ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་གླིང་གི་མཚོ་སྔོན་གྱི་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།  ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་
ཡིག་ཆ་ཞིབ་འཇུག་གླིང་གི་ལས་གཉེར་ཨུ་ཡོན་ཁྲེ་ཧྥང་གོ་ཚོགས་འདུར་ཞུགས་ནས་གཏམ་བཤད།
      
ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་རང་ཞིང་གི་ཏང་གི་ལོ་རྒྱུས་དང་ཡིག་ཆ་ཞིབ་འཇུག་བྱ་བའི་
གནས་ཚུལ་སྙན་ཞུ་བྱས།
      
བློ་མཐུན་ཁྲེ་ཧྥང་གོ་ཡིས་རང་ཞིང་གི་ཉེ་བའི་ལོ་འགའི་ནང་གི་ཏང་གི་ལོ་རྒྱུས་དང་ཡིག་ཆའི་བྱ་བ་ལ་ཁས་ལེན་གང་ལེགས་བྱས་ཤིང་། མཚོ་སྔོན་གྱི་རིམ་པ་སོ་སོའི་
ཏང་གི་ལོ་རྒྱུས་དང་ཡག་ཆའི་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་ཀྱི་འོག་ནས།  ས་གནས་ཏང་གི་ལོ་རྒྱུས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་
ལག་ལེན་མཐིལ་ཕྱིན་བྱས་ནས། ཆབ་སྲིད་ཀྱི་ལངས་གནས་འབུར་ཐོན་ཡོང་བ་དང་། བྱ་བའི་ཤུགས་ཚད་ཆེར་བསྐྱེད་ནས།  ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་
སློབ་སྦྱོང་སྐུལ་འདེད་བཏང་ནས།  ཏང་གི་ལོ་རྒྱུས་སྒྲིག་རྩོམ་བྱེད་པ་དང་།  དམར་པོའི་ཐོན་ཁུངས་བེད་སྤྱོད་སྔོག་འདོན་བྱས་ནས།  སྲིད་སྐྱོང་སྒྲོག་སྤེལ་རྒྱ་ཆེར་བྱེད་པ་དང་།
ལས་བྱེད་རུ་དཔུང་འཛུགས་བསྐྲུན་བྱེད་པ་སོགས་ཐད་གྲུབ་འབྲས་མངོན་གསལ་བླངས།
      
ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་
གི་ལོ་རྒྱུས་དང་ཡིག་ཆའི་བྱ་བའི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། ཏང་གི་ལོ་རྒྱུས་བྱ་བའི་ཕྱོགས་སོ་སོ་སྐུལ་སྤེལ་བྱེད་པ་དང་།  ཏང་གི་ལོ་རྒྱུས་ཀྱི་གཞུང་ལུགས་སྒྲོག་
འགྲེལ་བྱེད་པ་དང་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ནས། འཇོན་མིའི་རུ་དཔུང་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་ལ། བྱ་བའི་སྒྲིག་སྲོལ་གསར་སྐྲུན་བྱས་ནས། མཚོ་སྔོན་ཏང་
གི་ལོ་རྒྱུས་དང་ཡིག་ཆ་བྱ་བའི་རྣམ་པ་གསར་བ་མངོན་དུ་འཇུག་དགོས་ཟེར།
      
རྟོག་ཞིབ་ཀྱི་དུས་སྐབས་སུ། རྟོག་ཞིབ་རུ་ཁག་གིས་ཟི་ལིང་ནས་མཚོ་ཤར་དང་མཚོ་བྱང་བཅས་ཀྱིས་ས་ཁུལ་དུ་ཡུལ་དངོས་རྟོག་ཞིབ་བྱས།



 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།