ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་ནང།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/25

 

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་བཞི་ཉིན་གྲོས་ཚོགས་བསྡུས་ནས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་
འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།   རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་གནད་དོན་གལ་ཆེན་འགའ་ལ་ཞིབ་
འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད།
      
ཚོགས་ཐོག་ནས།  ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དགུ་པ་ཟླ་བཅུ་བའི་ཚེས་ཉེར་
བརྒྱད་ཉིན་ནས་ཚེས་སོ་གཅིག་ཉིན་བར་པེ་ཅིན་ནས་བསྡུ་རྒྱུའི་ཐག་བཅད།
      
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་
བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཐག་གཅོད་མ་ཟིན་ཐད་ནས་ཏང་ཕྱི་ནང་
གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་།  ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་སྡུར་བྱས་པའི་བསམ་འཆར་
ལྟར་བཟོ་བཅོས་བྱས་རྗེས་ཡིག་ཆ་མ་ཟིན་དེ་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་རེ་ཞུ་བཏོན།
      
ཚོགས་ཐོག་ནས། ཐེངས་འདིའི་བསམ་འཆར་བསྡུ་ལེན་སྐོར་ནས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་བཏང་བ་དང་།  བསམ་འཆར་བསྡུ་ལེན་རྒྱ་ཆེར་བྱས་ལ།
ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འབྲེལ་ཡོད་ཕྱོགས་སོ་སོ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐུས་མིའི་ཐག་གཅོད་མ་ཡིག་ལ་ཁས་ལེན་གང་ལེགས་བྱས་པ་དང་།
ཐག་གཅོད་མ་ཡིག་གི་བརྗོད་སྙིང་མངོན་གསལ་ཡིན་ལ་གཙོ་གནད་འབུར་དུ་ཐོན་པར་བྱས་ཡོད་ལ། བྱེད་ཐབས་ཤུགས་དང་ལྡན། དེ་དང་མཉམ་དུ་བསམ་འཆར་དང་གྲོས་
གཞི་བཟང་བོ་མང་པོ་བཏོན་པས།  ཁྱོན་ཡོངས་ནས་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་།  མང་གྲོས་བློ་བསྡུ་བྱས་ཏེ།  ཡིག་ཆ་གཏན་འབེབས་བཟང་བོ་བྱེད་
དགོས་པའི་ཚུལ་བསྟན།
      
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་
སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ན། ངེས་པར་དུ་མར་ཁེ་སི་ལིའེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ།  ཏིང་ཞའོ་ཕིང་གཞུང་ལུགས།
མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་
བཅས་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ།
ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་
དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལ་འདེགས་
སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་གཞི་རྩའི་ལམ་ལུགས།  ལམ་ལུགས་གལ་ཆེན་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་འབུར་དུ་ཐོན་པར་བྱེད་པ།   རྨང་གཞི་ཇེ་
བརྟན་དུ་གཏོང་བ་དང་དགེ་མཚན་དར་སྤེལ་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། མ་ལག་ཆ་ཚང་བ་དང་ཚན་རིག་ཚད་ལྡན། འཁོར་
སྐྱོད་ཕན་ལྡན་གྱི་ལམ་ལུགས་མ་ལག་འཛུགས་སྐྲུན་བྱེད་པ། མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འགོ་ཁུངས་ནས་བཅོས་སྐྱོང་བཅས་
བྱེད་པར་ཤུགས་བསྣན་ནས། རང་རྒྱལ་གྱི་ལམ་ལུགས་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་དང་།  བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་
མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་
ཟེར།
      
ཚོགས་ཐོག་ནས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་
ལག་དང་བཅོས་སྐྱོང་ནུས་པ་དེར་རབས་ཅན་དུ་བསྒྱུར་བའི་སྤྱི་ཁོག་གི་དམིགས་འབེན་ནི། ང་ཚོའི་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ། ཕྱོགས་སོ་སོའི་ལམ་
ལུགས་སྔར་ལས་འཐུས་ཚང་དུ་གཏོང་བའི་སྟེང་གྲུབ་འབྲས་མངོན་གསལ་ལེན་པ་དང་། 2035ལོའི་བར་དུ། ཕྱོགས་སོ་སོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་
དང་།  རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཧ་ལམ་མངོན་འགྱུར་བྱེད་པ།  ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་
སྐབས་སུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཁྱོན་ཡོངས་ནས་མངོན་འགྱུར་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་
ལུགས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་དགེ་མཚན་རང་བཞིན་མངོན་པར་བྱེད་རྒྱུ་དེ་ཡིན་ཟེར།
      
ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།