ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
མགོ་ལོག་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་བྱ་བར་ཐོག་མའི་གྲུབ་འབྲས་མངོན།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/28

 

       ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་
སྒྱུར་གཙོ་ཐིག་ཏུ་བྱས་ཏེ་ཐོན་ལས་དབུལ་སྐྱོར་གཞི་རྩར་བྱས་པ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་རྒྱུ་དམིགས་འབེན་གཙོ་བོ་བྱས་པར་མ་ཟད། སྐྱེ་ཁམས་
ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ་ཕྱུགས་ལས་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། ཕྱུགས་ལས་གཞི་ཁྱོན་ཅན་དང་སྐྱེ་ཁམས་ཅན་གྱི་འཕེལ་རྒྱས་
ཐོག་མར་མངོན་འགྱུར་བྱས།
      
མགོ་ལོག་ཁུལ་གྱིས་རང་སྟེང་གི་དགེ་མཚན་ལ་རྐང་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོན་ལས་འཕེལ་རྒྱས་བཏང་བ་ནི་དབུལ་ཐར་མངོན་འགྱུར་བྱེད་པའི་
རྩ་བའི་བྱེད་ཐབས་ཡིན་པ་དང་། ཐོན་ལས་གསོ་སྐྱོང་བྱས་པ་ནི་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཡིན་ཞེས་པའི་མཛུབ་སྟོན་དགོངས་དོན་གལ་ཆེན་ལྟར་
སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཁུལ་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་གཙོ་ཁྲིད་ཐོན་ལས་སུ་བྱས་པ་རེད། ལོ་ལྔའི་འཆར་གཞི་བཅུ་
གསུམ་པའི་ཚུན་ལ། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་མགོ་ལོག་ཁུལ་གྱིས་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ལག་བསྟར་བསམ་
འཆར་སོགས་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཕྱིར་བཏོན་ཏེ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དམིགས་འབེན་ལ་དམ་པོར་དམིགས་པ་དང་བྱ་བའི་བྱེད་ཐབས་ཇེ་གསལ་དུ་་་་
བཏང་ལ། བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་བར་མ་ཟད། བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་དང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་ཕྱུགས་ལས་ཀྱིས་
དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་བླངས།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།