ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
རྫོང་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུ་དང་བློ་གྲོས་གཅིག་ཏུ་བསྡུས་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།
འབྱུང་ཁུངས།: 2019/10/26

 

       དབུལ་ཐར་འགག་སྒྲོལ་དེ་འགག་སྒྲོལ་དཀའ་སེལ་དང་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་པའི་གནད་འགག་གི་དུས་རིམ་དུ་སླེབས་ཡོད་པས་པད་རྫོང་གིས་རྫོང་
ཡོངས་ཀྱི་དབུལ་ཞྭ་ཕུད་པར་གཞི་བཙུགས་ཏེ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཞིང་ཆེན་དང་ཁུལ་ཨུའི་གནད་འཁེལ་
དབུལ་ཐར་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་སྐོར་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དབུལ་ཐར་
ཚད་གཞི་ནན་མོར་གཞིགས་ནས། གནད་དོན་འབུར་ཐོན་ཅན་ལ་དམ་པོར་དམིགས་ཏེ། གཞི་རིམ་དུ་བསྐྱོད་ནས་གནས་ཚུལ་དངོས་ལ་ཞིབ་བཤེར་དང་། དམངས་ཀྱི་བསམ་
འཆར་ལ་ཉན་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཏེ་དམིགས་ཚད་ཀྱི་གནད་དོན་ལ་དག་ཐེར་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་
ནས་ལས་ཀའི་ཞན་ཆར་ཁ་གསབ་བྱེད་པ།   དབུལ་ཐར་འགག་སྒྲོལ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་རང་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་དམག་
འཐབ་ལ་རྒྱལ་ཁ་ལེན་པར་མཉམ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། 
      
སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་དམངས་ཀྱི་གནས་ཚུལ་ཤེས་པ།  རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱིས་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་
བྱེད་ཀྱི་འབྲེལ་གནས་ལས་ཁུངས་སྣེ་ཁྲིད་དེ་རང་སོ་སོའི་འབྲེལ་གནས་ཀྱི་ཞང་དང་གྲོང་རྡལ་དང་། སྡེ་བ་དང་ཁྱིམ་ཚང་བཅས་སུ་ཟབ་ཞུགས་བྱས་ཏེ། རྒྱ་ཆེའི་འབྲོག་པ་མང་
ཚོགས་ལ་རྒྱུན་ལྡན་འཚོ་བའི་སྐོར་གྱི་གླེང་མོལ་དང་། ཡོང་འབབ་རྩིས་རྒྱག དགོས་མཁོ་འདྲི་བ། འཕེལ་རྒྱས་ཡོང་པ་བཅས་བྱས་ནས་ཁོ་ཚོའི་རེ་ཞུ་དང་བསམ་འདུན་ལ་ནན་
ཏན་གྱིས་ཉན་ཏེ། ཁྱིམ་དུ་ཟས་གོས་འགྲོ་སྡོད་དང་། དཔལ་འབྱོར་ཡོང་ཁུངས། བུ་ཕྲུག་སློབ་ཞུགས། སྨན་བཅོས་འགན་སྲུང་། འཐུང་ཆུའི་བདེ་འཇགས། སྡོད་ཁང་གི་ཆ་རྐྱེན་
སོགས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་དེ་བཞིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་དམངས་ཕན་སྲིད་ཇུས་དོན་འཁྱོལ་གནས་ཚུལ་བཅས་ལ་ཞིབ་ཕྲས་བཀའ་འདྲི་བྱས་ཏེ། གཞི་
རིམ་གྱི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་གསལ་རྟོགས་དང་།  གནད་ལ་འཁེལ་བ།  མཐིལ་རྟོགས་བཅས་བྱས་ཏེ་མི་དམངས་ཀྱི་གནས་ཚུལ་ཟིན་བྲིས་སུ་
འགོད་པ་དང་། ལག་ཐོག་ཏུ་འཛིན་པ། སེམས་ཐོག་ཏུ་འཇོག་པ་བཅས་བྱེད་དགོས།
      
ཆ་སྡེབ་རོགས་སྐྱོར་བྱས་ནས་དམངས་སེམས་དྲོ་བར་བྱས་ཡོད།  རྫོང་ཡོངས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ལས་བཟོ་བས་སྔ་རྗེས་སུ་འབྲེལ་གནས་བྱ་ཡུལ་གྱི་སྡེ་
བར་བསྐྱོད་དེ་ཆ་སྡེབ་རོགས་སྐྱོར་བྱེད་སྒོ་ཐེངས་བཞི་ལ་སྤེལ་བ་དང་།   དབུལ་བོའི་ཁྱིམ་ཚང་ལ་འཚམས་འདྲིའི་མ་དངུལ་དང་ཐོན་སྐྱེད་འཚོ་བའི་མཁོ་ཆས་སྐྱེལ་བ་དང་།
ལྷག་བསམ་རྣམ་དག་གིས་འབྲེལ་འདྲེས་དང་། རོགས་སྐྱོར།  དཀའ་ངལ་སེལ་རོགས་བཅས་བྱས་ཏེ་དབུལ་བོ་མང་ཚོགས་ལ་ཏང་གི་དབུལ་སྐྱོར་སྲིད་ཇུས་འགྲེལ་བཤད་ཞིབ་
ཕྲ་གནང་ནས་ཁོང་ཚོར་དབུལ་ཐར་གྱི་ཡིད་ཆེས་ལྡན་པར་རོགས་རམ་བྱས་པ་རེད།  མིག་སྔའི་བར་དུ།  རྫོང་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པས་དཀའ་ངལ་ཡོད་པའི་
མང་ཚོགས་མི་ཐེངས་ཁྲི2.5ལྷག་ཙམ་ལ་འཚམས་འདྲི་བྱས་ཤིང་།  འཚམས་འདྲིའི་མ་དངུལ་དང་དངོས་ཟོག་སྣ་ཚོགས་སྒོར་ཁྲི720ལྷག་ཙམ་སྐྱེལ་ཡོད་པ་དང་། དངོས་
ཡོད་དཀའ་ངལ་སྣ་ཚོགས་ཐག་གཅོད་བྱས་པ1690ཙམ་ལྷག་ལ་སླེབས་པ། ལྷག་བསམ་རྣམ་དག་དང་བརྩེ་སེམས་ཟབ་མོས་མང་ཚོགས་ལ་རོགས་རམ་བྱས་པ་དང་། མང་
ཚོགས་ཀྱིས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་བ། ཏང་ཡོན་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་དམངས་ལ་བཅངས་བའི་བརྩེ་སེམས་ཚོར་དུ་བཅུག་པས། རོགས་སྐྱོར་
བྱེད་སྒོ་ལ་མང་ཚོགས་ཀྱིས་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།
      
མཉམ་དུ་འཕེལ་རྒྱས་དོན་གཉེར་བྱས་ཏེ་ཡིད་ཆེས་ཆེ་རུ་གཏོང་དགོས། རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ལས་བྱེད་པས་རང་སོ་སོའི་འབྲེལ་གནས་ཀྱི་ཞང་
གྲོང་རྡལ་དང་གཞི་རིམ་ལས་བྱེད་པ།  ཧྲུའུ་ཅི་དང་པོ།  སྡེ་སྡོད་རུ་མི་སོགས་དང་མཉམ་དུ་བཞུགས་མོལ་སྤེལ་རེས་བྱས་ནས་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་མིས་
དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལ་ནན་ཏན་གྱིས་ཉན་པ་དང་།   སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་
ཁྱིམ་ཚང་དབུལ་བོའི་ཡོང་འབབ་འཕར་སྣོན་གཏོང་བའི་བསམ་བློ་གསར་བ་དང་བྱེད་ཐབས་གསར་བར་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས། དབུལ་ཐར་འགག་སྒྲོལ་གྱི་
འཐབ་ས་དང་བོའི་གཞི་རིམ་ལས་བྱེད་པ་དང་དབུལ་སྐྱོར་ལས་བྱེད་པར་ཤུགས་རྒྱག་པ་དང་འཐབ་ས་དང་པོའི་དབུལ་སྐྱོར་ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་མ་་་
བྱས་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་གཞི་རིམ་ལས་བྱེད་པའི་དབུལ་ཐར་ཡིད་ཆེས་ཆེ་རུ་བཏང་བ་རེད།
      
གནད་དོན་ཞིབ་བཤེར་དང་ལེགས་བཅོས་བྱེད་པར་དམངས་ཀྱི་འདོད་བློ་ཐོབ་པ། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་ཐུབ་པར་
འགན་ལེན་བྱ་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་ཚན་ཆུང་བཙུགས་ཏེ་ཞིབ་བཤེར་རྩིས་ལེན་ཚན་ཆུང་གིས་ཡུལ་དངོས་ནས་དཔྱད་
ཞིབ་སྐབས་བསྟུན་འདེམས་འཐེན་བྱེད་པ་དང་། རྒྱལ་ཁབ་མ་ལག་གི་གཞི་གྲངས་དང་ཞིབ་བསྡུར་བྱེད་པ། ཁྱིམ་ཚང་དུ་བསྐྱོད་ནས་བཅར་འདྲི་བྱེད་པ་དང་། སྡེ་བའི་ཨུ་ལྷན་
གཉིས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།   རང་བཤེར་ཞིབ་བཤེར་རྩིས་ལེན་ལས་དོན་གྱི་ཕྱིར་སྒྲོན་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དེ།
“གཅིག་ངོ་འཕྲད་དང་། གཉིས་ཚད་གཞི། གསུམ་ཞིབ་བཤེར། བཞི་སྡོམ་ཚིག  ལྔ་ཕྱོགས་སྡོམ། དྲུག་ཕྱིར་སྒྲོན།”བཅས་ཀྱི་བྱ་བའི་གོ་རིམ་དོན་འཁྱོལ་བྱས་ཏེ་ཁྱིམ་ཚང་
དབུལ་བོའི“སེམས་ཁྲལ་མེད་པ་གཉིས་དང་། འགན་ལེན་གསུམ། གོང་མཐོར་གཅིག”“གཞི་གསུམ་ཚད་གཅིག”དང“དམིགས་ཚད་དྲུག”བཅས་ཀྱི་ཚད་
ལོན་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་པ།  དེའི་བར་སྐབས་སུ་སྡེ་བ་རིམ་པའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་པ་དང་། ཚགས་འཇུག་བྱང་འགོད་ཁྱིམ་
ཚང352དང་དབུལ་བོ་མིན་པའི་ཁྱིམ་ཚང447ལ་འཐེན་བཤེར་བྱས་ནས།  དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུ་གྲུབ་པ། ཐུན་མོང་རང་བཞིན་གྱི་
གནད་དོན11དང་། རང་གཤིས་གནད་དོན71ལེགས་སྒྲིག་བྱས་པ། ཤེས་རྟོགས་བྱུང་བའི་གནད་དོན་ཞང་དང་གྲོང་རྡལ་ཏང་ཨུའི་སྲིད་གཞུང་དང་སྡེ་སྡོད་ལས་དོན་རུ་
ཁག་ལ་དུས་ཐོག་ཏུ་ཕྱིར་སྒྲོན་བྱས་པ་མ་ཟད། འབྲེལ་ཡོད་བསམ་འཆར་ཡང་བཏོན་པ་རེད།  ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་ནན་མོ་རྒྱག་པ་དང་། མྱུར་སྒྲུབ་མྱུར་བཅོས་
བྱས་པ། བཅོས་སྒྲིག་དམིགས་སར་ཐོན་པ་ཁག་ཐེག་བཅས་བྱས་ཏེ་མང་ཚོགས་དབུལ་བོ་དབུལ་ཐར་ངོ་མ་ཡོང་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པར་ཡོང་བ་བཅས་
བྱས་ཡོད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།