ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་ནང།
ལིའུ་ཀྲིན་ཝེ་ཡིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འཕེལ་རྒྱས་སྐོར་གྱི་གླེང་མོལ་གནང་།
འབྱུང་ཁུངས།: 2019/10/21

 

       རྫོང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས།”ཞེས་བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་གཞིར་བཟུང་སྟེ།
ཟླ10ཚེས20ཉིན་རྫོང་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ་དྷི་མདའ་ཞང་ཡོ་སྟག་སྡེ་བ་དང་མཁོ་འཕེལ་གྲོང་ཚོ་སོགས་སུ་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་སྲ་བརྟན་
རིམ་སྤོར་དང“ལོ་ལྔའི་ཚན་བཅུ་བཞི་པའི”རྣམ་གྲངས་འཆར་འགོད་སོགས་ཀྱི་ལས་འགན་ལ་དམིགས་ནས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་
ཐད་བརྟག་ཞིབ་ཞིབ་ཕྲ་བྱས་པ་རེད། རྫོང་སྲིད་གཞུང་གཞུང་ལས་ཁང་དང་། འཕེལ་བསྒྱུར་ཅུས། དབུལ་སྐྱོར། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གི་འགོ་ཁྲིད་གྱིས་བརྟག་
ཞིབ་ལ་ཕེབས་རོགས་བྱས་པ་རེད། ཡོ་སྟག་སྡེ་བའི་དྲོད་ཁང་ཆེ་མོར་ཡུལ་དངོས་ནས་ལྟ་ཞིབ་བྱེད་སྐབས། ལིའུ་ཀྲིན་ཝེ་ཡིས་དྷི་མདའ་ཞང་ཏང་ཨུ་དང་སྲིད་གཞུང་གིས་རང་
ངོས་ཀྱི་ས་བབ་ལེགས་ཆར་བརྟེན་ནས་ཁྱད་ལྡན་ནགས་ཁྲོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་ཕྱུག་འགྱུར་དང་ཡོང་སྒོ་འཕར་བའི་ཐབས་
ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རྒྱ་ཆེར་གཏོང་དགོས་ཞེས་བསྟན།

       ཡོ་སྟག་སྡེ་བའི་དྲོད་ཁང་ཆེ་མོར་ཡུལ་དངོས་ནས་ལྟ་ཞིབ་བྱེད་སྐབས།  ལིའུ་ཀྲིན་ཝེ་ཡིས་དྷི་མདའ་ཞང་ཏང་ཨུ་དང་སྲིད་གཞུང་གིས་རང་ངོས་ཀྱི་ས་བབ་ལེགས་
ཆར་བརྟེན་ནས་ཁྱད་ལྡན་ནགས་ཁྲོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མང་ཚོགས་ཕྱུག་འགྱུར་དང་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱུན་ཆད་མེད་
པར་འཚོལ་ཞིབ་དང་རྒྱ་ཆེར་གཏོང་དགོས་ཞེས་བསྟན། 2018ལོ་ནས་བཟུང་ཡོ་སྟག་སྡེ་བའི་ལུག་གྲོད་ཤ་མོ་འདེབས་འཛུགས་རྟེན་གཞི་བཙུགས་ཚུན།  སྔ་རྗེས་སུ་ལུག་
གྲོད་ཤ་མོ་དང་།  པེ་མོ།  གུར་ཀུམ་སོགས་དང་དེ་བཞིན་སྔོ་ཚལ་སྣ་ཚོགས་འདེབས་པར་ཚོད་ལྟ་བྱས་པས་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཧུར་སེམས་ལ་སྐུལ་
ཁྲིད་ཆེན་པོ་ཐེབས་ཡོད། ཞང་དུ་དྲོད་ཁང་ཆེ་མོ160ལྷག་ཙམ་ཡོད་པས་ཡོ་སྟག་སྡེ་བའི་ལུག་གྲོད་ཤ་མོ་འདེབས་འཛུགས་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ནས་ས་བོན་
སྐྱེད་སྲིང་བྱ་རྒྱུ་འགོ་འཛུགས་སར་བྱས་ཏེ་བོད་ལུགས་གསོ་རིག་གི་སྨན་རྩྭ་དང་སྔོ་ཚལ་སོགས་ཀྱི་ཐོན་ལས་ཕྱོགས་ཡོངས་ནས་འདེབས་འཛུགས་བྱེད་དགོས།  ཚད་གཞི་མཐོ་
བའི་སྒོ་ནས་རྟེན་གཞི་སྒྱུར་བཀོད་བྱས་ཏེ་ཞིང་དལ་དུས་སྐབས་དམ་འཛིན་གྱིས་ཐོན་སྐྱེད་ལོ་ཏོག་མི་འདྲ་བ་རེས་མོས་ངང་འདེབས་འཛུགས་བྱས་ཏེ་དུས་ཡུན་རིང་བོར་བེད་
མེད་དུ་མི་ལུས་པ་བྱེད་དགོས། ཞིབ་ཚགས་ཅན་གྱི་དོ་དམ་བྱས་ཏེ་ཞིང་ཕྱུགས་སྡེ་ཁག་དང་ཞང་སྲིད་གཞུང་གིས་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ཡུལ་དངོས་སློབ་
ཁྲིད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ནས་ཆེད་ལས་ལག་རྩལ་མི་སྣ་གསོ་སྦྱོང་བྱས་ཏེ་ས་བོན་འདེབས་འཛུགས་དང་མྱུ་གུ་གསོན་ཚད་དེ་ཆུ་ཚད་ཅུང་མཐོ་བའི་ཐོག་རྒྱུན་འཁྱོངས་
ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་།

       གངས་ལྗོངས་བོད་ཇ་འདེབས་འཛུགས་རྟེན་གཞིར་ལྟ་ཞིབ་བྱེད་སྐབས་ལིའུ་ཀྲིན་ཝེ་ཡིས་གངས་ལྗོངས་བོད་ཇ་ནི་རང་རྫོང་གི་ཁྱད་ལྡན་ལེགས་ཆས་ཐོན་ལས་ཤིག་
རེད།   ཉེ་བའི་ལོ་ཤས་རིང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གཞི་རྩའི་བླང་བྱར་དམིགས་ཏེ་ཐོན་ལས་དབུལ་
སྐྱོར་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། གངས་ལྗོངས་བོད་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་མཐའ་འཁྱོངས།  ས་གནས་མང་ཚོགས་ཀྱི“སྒུག་
བསྟེན་སློང་གསུམ”གྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་ནུས་ལྡན་གཏོང་བ་དང་དུས་མཚུངས་སུ་ཏན་ཏིག་གིས་མང་ཚོགས་དབུལ་བོའི་ཡོང་འབབ་ཆུ་ཚད་མཐོ་རུ་་་་་
བཏང་ཡོད། དྷི་མདའ་ནི་གངས་ལྗོངས་བོད་ཇ་འདེབས་འཛུགས་བྱེད་སའི་གནས་གལ་ཆེན་ཞིག་ཡིན་པས།  ཞང་ཏང་ཨུ་དང་སྲིད་གཞུང་གིས“རིགས་གསུམ་འདེབས་
འཛུགས་དང་ཁག་བགོས་དོ་དམ་བདུན།”གྱི་རྩ་དོན་ལ་ནན་མོར་གཞིགས་ནས་དོ་དམ་ཞིབ་ཚགས་བྱེད་དགོས་པ་མ་ཟད། སྨར་ཁོག་གཙང་པོའི་ནགས་ལས་ཅུས་ཀྱི་ལག་
རྩལ་མི་སྣར་མཛུབ་ཁྲིད་བྱ་རྒྱུའི་རེ་བ་ཧུར་ཐག་ཞུས་ཏེ་མྱུ་གུ་ནས་འདེབས་འཛུགས་དང་། ཕྱིས་ཀྱི་དོ་དམ་སྲུང་སྐྱོང་སོགས་ཀྱི་ཐད་ནས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་
སྟེ་གངས་ལྗོངས་བོད་ཇའི་ཐོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཁེ་ལས་འཕེལ་རྒྱས་དང་ཁྱིམ་ཚང་དབུལ་བོའི་ཡོང་འབབ་ཇེ་མཐོར་ཡོང་བའི“གཉིས་ཕན”
གྱི་རྣམ་པ་ཞིག་ཧུར་ཐག་གིས་གཏོད་དགོས།

       མཁོ་འཕེལ་སྡེ་བའི་ཡུང་མའི་ལས་སྣོན་བཟོ་གྲྭར་ལྟ་ཞིབ་བྱེད་སྐབས་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་ཁུག་མ་གཅིག་བླངས་ནས་བྲོ་བ་མྱངས་བ་རེད། ཁོང་གིས་ལི་སྐམ་
ནི་པདྨ་ས་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཤིག་ཡིན་ཞིང་། ཚ་བ་སེལ་བ་དང་། ལུས་ཟུངས་གསོ་བ། ཡི་ག་འབྱེད་ཅིང་ཟས་འཇུ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ། ཞང་ཏང་
ཨུ་དང་སྲིད་གཞུང་གིས་ལེགས་ཆའི་ཐོན་ཁུངས་དམ་འཛིན་བྱས་ནས་བེད་སྤྱོད་གཏོང་ཐུབ་ཡོད་པས་བསམ་ཚུལ་ཧ་ཅང་ཡག་པོ་ཡོད་པ་དང་ཕན་འབྲས་མངོན་གསལ་དོད་
པོ་ཡོད། ཐོན་རྫས་ཇེ་ལེགས་སུ་གཏོང་བའི་ཐད་ཁོང་གིས་ཐོན་རྫས་ཀྱི་ཐུམ་སྒྲིལ་དང་། བྲོ་བ། ཕྱིའི་མདོག་དང་དབྱིབས་བཅས་ཀྱི་ཐད་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་
པར་བྱ་རྒྱུ་ཁྲིད་སྟོན་བྱེད་པ་དང་། ཚད་ལྡན་ཅན་གྱི་སྒྲིག་བཀོད་སྒྲིག་ཆས་སྤྱད་དེ་ལས་སྣོན་བྱེད་པ། ཐོན་རྫས་ཀྱི་གདོད་མའི་བྲོ་བ་རྒྱུན་འཁྱོངས་བྱེད་པ། ཐོན་རྫས་ཀྱི་བདེན་
དཔང་ར་སྤྲོད་ཀྱི་འགྲོ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་རིམ་བཞིན་ཁྲོམ་རར་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུང་པ་རེད།
      
ཞང་གི་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པར་བཞུགས་མོལ་གནང་སྐབས། སྡེ་བ་སོ་སོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དེ་བཞིན་ཞང་གི་ལས་བྱེད་པས་
དབུལ་ཐར་འགག་སྒྲོལ་ཐད་སྲ་བརྟན་དང་མཐོར་འདེགས། དེ་བཞིན་གྲོང་གསེབ་དར་རྒྱས་འཕེལ་རྒྱས་ཀྱི་བསམ་ཕྱོགས་རེ་རེ་བཞིན་ཉན་པ་དང་འབྲེལ་ཏེ་ཚང་མ་དང་གྲོས་
བསྡུར་སྤེལ་རེས་ཀྱང་གནང་བ་རེད།    ལིའུ་ཀྲིན་ཝེ་ཡིས་ཐོན་ལས་འཕེལ་རྒྱས་ཐད་བསམ་བརྒྱ་ཕྱོགས་བསྡུས་བྱས་ཏེ“གསོ་བ”དང“འདེབས་འཛུགས”བཅས་
ཕྱོགས་གཉིས་ནས་དམ་འཛིན་བྱས་ཏེ་ཞིབ་ཚགས་ཅན་གྱི་དོ་དམ་དང་ཚན་རིག་ལག་རྩལ་གྱི་བྱེད་ཐབས་བཀོལ་སྤྱོད་གང་ལེགས་བྱ་རྒྱུ་དང་དགེ་མཚན་ལྡན་པའི་ཐོན་ཁུངས་
བེད་སྤྱོད་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་དགོས།   གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་གནས་
འཕྲོད།  ཡུལ་སྲོལ་ཡ་རབས་དང་ལྡན་པ།  བཅོས་སྐྱོང་ནུས་ལྡན།  འཚོ་བ་འབྱོར་ཕྱུག་ལྡན་པ”བཅས་ཀྱི་བྱེད་ཕྱོགས་སྤྱིའི་བླང་བྱར་བཟུང་ནས། ཞང་ཏང་ཨུ་དང་སྲིད་
གཞུང་།   སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་གྲོང་གསེབ་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་སྡེ་བའི་
མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ་དང་། དབུལ་སྐྱོར་དང་རིག་སྐྱོར་ལ་བརྟེན་ནས་མི་སེར་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་
ཚད་བརྒལ་རྗེས་སྙེག་དང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས། 
      
བརྟག་ཞིབ་ཁྲོད་ལིའུ་ཀྲིན་ཝེ་ཡིས་ད་དུང་སྨར་ཁོག་ནགས་ལས་ཅུས་སུ་ཟས་སྤྱོད་ཤ་མོ་ལས་སྣོན་བཟོ་གྲྭར་ལྟ་སྐོར་གནང་བ་རེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།