ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས་བྱེད་ཐབས་གསུམ་སྤྱད་ནས་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་དགོན་པ་སོ་སོ་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་ཞུགས་པར་སྣེ་ཁྲིད་བྱས།
འབྱུང་ཁུངས།: 2019/10/20

 

       ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་དབུལ་ཐར་ལས་དོན་གྱི་ཆེད་དོན་ཚོགས་འདུའི་བཀོད་སྒྲིག་དང་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། དབུལ་ཐར་འགག་སྒྲོལ་
དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སྐབས་སུ།  པདྨ་རྫོང་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་སྐད་གཉིས་ལས་བྱེད་པ་གསོ་སྦྱོང་བྱས་པ་
དང་།  དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་ཧུར་ཐག་གིས་ཞི་མཐུན་དགོན་སྡེ་བསྐྲུན་པ་དང་།  ཆོས་ལུགས་ལས་རིགས་ཀྱི་མཐོ་རིམ་བགྲོ་གླེང་འཚོགས་ནས་
དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་བྱེད་ཐབས་ཆེན་པོ་གསུམ།  རྫོང་ཡོངས་ཀྱི་དགོན་སྡེ་ཁག་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ནང་ཞུགས་
རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་རྫོང་ཡོངས་ཀྱི་མང་ཚོགས་དབུལ་བོ་སྔ་ཙམ་དབུལ་ཐར་ཐུབ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཆེད་ཆོས་ལུགས་ལས་རིགས་ཀྱིས་ཀྱང་
སྟོབས་ཤུགས་ཕུལ་དགོས།
      
གཅིག བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་སྐད་གཉིས་ལས་བྱེད་པ་གསོ་སྦྱོང་བྱེད་པ། བཅའ་ཁྲིམས་བཅུ་གཅིག་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་དགོན་སྡེ་
ཁག་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་དགེ་འདུན་པར་རྒྱལ་གཅེས་ཀྱི་བརྩེ་སེམས་
སྔར་བས་ཟབ་ཏུ་གཏོང་བ་དང་། རྫོང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས། ཞེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་
སྒོ་དང་ཟུང་འབྲེལ་བྱས་ཏེ།    འགོ་ཁྲིད་ལས་བྱེད་པས་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།
རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཆུ་ཚད་ལ་ཞིབ་བཤེར་ནན་ཏན་བྱས་ཡོད། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་། མང་ཙམ་སློབ་སྦྱོང་།  ཟབ་ཙམ་སློབ་
སྦྱོང་བཅས་བྱ་དགོས་པ་མ་ཟད། ཧུར་ཐག་གིས་སྐད་གཉིས་ཕུལ་བྱུང་ལས་བྱེད་པ་གསོ་སྦྱོང་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་།  བཅའ་ཁྲིམས་དང་
ཁྲིམས་སྲོལ། མི་རིགས་ཆོས་ལུགས་སྲིད་ཇུས་བཅས་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཏེ་རིམ་པ་ཁག་གི་ལས་བྱེད་པར་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་
ཁོང་དུ་ཆུད་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། 
      
གཉིས། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་དགོན་སྡེ་བསྐྲུན་པ།  ཉེ་བའི་ལོ་ཤས་རིང་།  རྫོང་ཡོངས་ཀྱིས་དགོན་སྡེ་སོ་སོའི་སྨོན་ལམ་
ཆེན་མོ་འཚོག་པའི་དུས་སྐབས་གང་ལེགས་སྤྱད་དེ་རྐང་འཛིན་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་དགོན་སྡེ་ཁག་གི་སྨོན་ལམ་ཆེན་མོ་འཚོགས་རའམ་འཚོག་ཡུལ་དུ་བཅའ་་་་་
ཁྲིམས་དགོན་པ་རུ་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་།  ཁྲིམས་སྐྱོང་དྲིལ་བསྒྲགས་རུ་ཁག་དགོན་སྡེ་སྐྱོད་པ་དང་།  ཁྲིམས་སྐྱོང་དྲིལ་བསྒྲགས་རྒྱུ་ཆ་
དགོན་སྡེ་སྐྱོད་པ་དང་། བཅའ་ཁྲིམས་བློ་འདྲི་དགོན་སྡེ་སྐྱོད་པ།  བཅའ་ཁྲིམས་རོགས་སྐྱོར་དགོན་པར་སྐྱོད་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྐྱེ་ཁམས་ཁོར་ཡུག་དང་།
དབུལ་ཐར་འགག་སྒྲོལ། ནག་སེལ་ངན་འཇོམས། བཤོལ་སྡོམ་སློབ་སྲུང་ཀྱི་གཙོ་གནད་ལས་དོན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཞིབ་ཚགས་བྱས། ད་དུང[རྩ་ཁྲིམས]དང་།
[ཉེས་ཁྲིམས][མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས།][མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་དྲིལ་བསྒྲགས་སྲོལ་ཡིག][ཆོས་ལུགས་ལས་དོན་སྲོལ་ཡིག]ཡིག་སྐུར་ངོ་
གཏུག་དང་། ཞུ་གཏུག  འདུམ་སྒྲིག གཏུག་བཤེར་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཆོས་ལུགས་སྲིད་ཇུས་བཅས་ལ་དམིགས་ནས་གཏིང་ཟབ་ཅིང་གོ་སླ་བའི་
འགྲེལ་བཤད་བརྒྱབ་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་གདེང་འཇོག་བཟང་པོ་ཐོབ་པ་རེད།  རྫོང་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་ལུགས་འདུ་ཤེས་སྔར་
བས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གཏོད་པ་དང་། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པ། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད། ཁྲིམས་ལྟར་དགོན་
སྐྱོང་སོགས་ཀྱི་ལས་དོན་ལ་བྱས་རྗེས་ཆེན་པོ་ཕུལ་ཡོད། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས6པའི་སྐབས་སུ་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣས་ཀྱང་བྱེད་སྒོའི་
ནང་ཧུར་ཐག་ཞུགས་ནས་རིམ་རྩིས་བྱས་ན་དུད་ཚང་དབུལ་བོར་སྒོར1000ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།   ཟླ10པའི་བར་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་
སྐད་གཉིས་ཤེས་པའི་ལས་བྱེད་པ100ལྷག་ཙམ་དགོན་སྡེ་ཁག་ཏུ་མངགས་ནས་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་སྒོ་ཐེངས78ལྷག་ཙམ་སྤེལ་བ་དང[གྱོད་གཞིར་གཞིགས་
ནས་ཁྲིམས་འགྲེལ]གྱི་དྲིལ་བསྒྲགས་དཔེ་དེབ500ལྷག་ཙམ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔེ་དེབ2000ལྷག་ཙམ་སྤྲད་པ་དང་། ཡུལ་དངོས་ཐོག་
ཏུ་བློ་འདྲི་བྱེད་མཁན་མི་ཐེངས800ལྷག་ཙམ་ཟིན་པ། ཆོས་ལུགས་ཀྱི་དགེ་འདུན་པ་མི་ཐེངས2000ལྷག་ཙམ་ཟིན་ཡོད།
      
གསུམ། ཆོས་ལུགས་ལས་རིགས་ཀྱི་མཐོ་རིམ་བགྲོ་གླེང་འཚོགས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ།   དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་འགྲོ་
སོང་ཚད་ལྡན་དང་ཉུང་དུ་བཏང་ཆེད།  ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་
བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།  ཆོས་ལུགས་ཀྱི་ཁུར་བོ་ཡང་དུ་གཏོང་བ།  རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་དབུལ་ཐར་འགག་
སྒྲོལ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས། རྫོང་ཡོངས་ཀྱིས་གནད་འཁེལ་དབུལ་སྐྱོར་ལ་རོགས་འདེད་བཏང་ནས་དགོན་སྡེ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་
རྒྱུ་བརྗོད་དོན་གཙོ་བོར་བྱས་པའི་ཆོས་ལུགས་ལས་རིགས་ཀྱི་མཐོ་རིམ་བགྲོ་གླེང་རྩ་འཛུགས་བྱས་ནས་འཚོགས་ཤིང་། དགོན་སྡེ་ཁག་དང་དེ་བཞིན་ཆོས་ལུགས་བྱེད་སྒོའི་སྤེལ་
སའི་སྤྲུལ་སྐུ་དང་མཁན་པོ། དེ་བཞིན་ནང་བསྟན་མཐུན་ཚོགས་སོགས་བགྲོ་གླེང་ནང་ཞུགས་པ་མ་ཟད། ཆོས་ལུགས་ཀྱི་དུར་འཇུག་གོམས་སྲོལ་གྱི་འགྲོ་སོང་ཆེ་དྲགས་པ་དང་།
ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཞི་ཁྱོན་ཆེ་བའི་རྒྱས་སྤྲོས་དོན་གཉེར་བྱེད་པ། འབུལ་བ་ལ་ཚད་གཞི་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱས་པ་རེད།
ཆོས་ལུགས་ལས་རིགས་ཀྱི་མཐོ་རིམ་མི་སྣས་དད་ལྡན་མང་ཚོགས་ལ་གསོན་དུས་བྱམས་ཀྱིས་བསྐྱངས་པ་དང་ཚེ་ལས་འདས་རྗེས་སྟབས་བདེས་དུར་འཇུག་བྱེད་པའི་འདུ་ཤེས་
དང་། ཚུལ་མཐུན་གྱིས་ཆོས་ལ་དད་པ་དང་ཆོས་ལུགས་ཀྱི་འགྲོ་གྲོན་འོས་འཚམ་གཏོང་བའི་བསམ་བློ་ཡོད་དགོས་པ། འདས་མཆོད་ཀྱི་ལྟ་བ་ཡང་དག་པ་འཛུགས་པ། དེ་དང་
ཆབས་ཅིག་དགོན་སྡེ་ཁག་གིས་བརྩོན་བསྲིས་སློབ་གསོ་གཉེར་རྒྱུར་སྐུལ་སྤེལ་བྱས་ནས་དད་ལྡན་མང་ཚོགས་ཚོས་ཆོས་འདོན་པ་དང་།   འདས་མཆོད་སྒྲུབ་པ་ཡིས་སླར་ཡང་
དབུལ་བོར་འགྱུར་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་དགོན་སྡེ་ཁག་གིས་དུད་ཚང་དབུལ་བོར་རིན་མི་དགོས་པར་སྨོན་ལམ་འདེབས་རྒྱུའི་སྐུལ་མ་བྱས།   ཟླ10པའི་
བར་དགོན་སྡེ་ཁག་གིས་ཁྱིམ་ཚང་དབུལ་བོ20ལྷག་ཙམ་ལ་རིན་མེད་ངང་ཆོས་འདོན་གསོལ་འདེབས་བྱས་པ་དང་དད་ལྡན་མང་ཚོགས་ཀྱི་འཚོ་བའི་ཁུར་བོ་ཇེ་ཡང་དུ་ཤུགས་
ཆེན་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།