ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས།”ཞེས་བརྗོད་བྱ་གཙོ་བའི་སློབ་གསོའི་ཆེད་དོན་ཏང་གི་ཤེས་བྱའི་སློབ་ཁྲིད་དེ།རྫོང་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་སྣེ་ཁྲིད་དཔེ་སྟོན་གྱིས་ཏང་གི་སློབ་ཁྲིད་བྱས།
འབྱུང་ཁུངས།: 2019/10/17

 

       ཟླ10བའི་ཚེས17ཉིན། རྫོང་སྲིད་གཞུང་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་བརྗོད་བྱ་གཙོ་
བའི་ཏང་གི་ཆེད་དོན་སློབ་ཁྲིད་སྤེལ་པ་རེད། 
རྫོང་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅིའམ་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས“ཐོག་མའི་བསམ་འདུན་བརྟན་སྲུང་ངང་རང་རྟོགས་
ཀྱིས་འགན་འཁྲི་འཁུར་དགོས”ཞེས་བརྗོད་བྱ་གཙོ་བོར་བྱས་ནས་གང་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་པ་དང་། ཅི་ཞིག་ལ
“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་བཅངས”དགོས་པ།“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་
བཅངས”ཞེས་པར་ཞིབ་བསྡུར་བྱས་ཏེ་ང་ཚོར་ད་དུང་ཧེ་བག་དང་མི་འདང་བའི་ཆ་གང་དག་ཡོད་པ། ཇི་ལྟར་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་
རྒྱུ་བཅས་ཕྱོགས་བཞིའི་ཐད་ནས་རྫོང་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི་ཁག་དང་། ཞང(གྲོང་རྡལ)ཁག་གི་ཞང་ཀྲང་། རྫོང་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་དང་
ཁུལ། རྫོང་དུ་སྡོད་པའི་ལས་ཁུངས་ཁག་བཅས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ངོ་མཚར་བའི་ཏང་གི་སློབ་ཁྲིད་གནང་བ་རེད།
      
རྫོང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་བརྗོད་བྱ་གཙོ་བོའི་སློབ་གསོའི་མཛུབ་སྟོན་ཚན་ཆུང་བདུན་
པའི་ཁོངས་མི་ཚོགས་འདུར་ཕེབས་པ་མ་ཟད་མཛུབ་སྟོན་གནང་།

        བློ་མཐུན་ལིའུ་ཀྲིན་ཝེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་བརྒྱུད་རིམ་ནས་འགོ་བརྩམས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་
པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས་རང་ངོས་ཀྱི་བྱ་བའི་ཉམས་མྱོང་དང་ཟུང་འབྲེལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་
འགན་འཁྲི་དེ་མིག་སྔའི་ལོ་རྒྱུས་ཀྱི་གོ་གནས་གསར་པར་གནས་ཡོད་པར་རྒྱས་བཤད་གནང་། ཁོང་གིས་བསྟན་དོན། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ལས་འགན་གསར་པ་ཕྲག་
ཏུ་འཁུར་དགོས་ཤིང་། ཐོག་མའི་བསམ་འདུན་ནི་བརྩེ་སེམས་དང་འགན་འཁྲི་ནི་འོས་འགན་ཡིན་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་མི་ཞིག་དང་། མི་རིགས་ཤིག
ཡང་ན་ཏང་སྲིད་ཅིག་བཅས་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ང་ཚོ་ཏང་ཡོན་ལས་བྱེད་པ་ཚང་མའི་བརྩེ་དུང་གི་རྩ་བ་
ཡིན་ལ། ང་ཚོའི་ཏང་ཡོན་ལས་བྱེད་པ་ཚང་མའི་འགོ་འཛུགས་ས་དང་། མཐའ་མཇུག་གི་འགྲོ་ས་ཀྱང་ཡིན།
       
བློ་མཐུན་ལིའུ་ཀྲིན་ཝེ་ཡིས“ཐོག་མའི་བསམ་འདུན་མི་བརྗེད་པར།   འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་བརྗོད་བྱ་གཙོ་བོའི་སློབ་གསོ་དང་ཞིབ་
བསྡུར་བྱས་ནས་རང་རྫོང་གི་དོན་དངོས་དང་ཟུང་འབྲེལ་གྱིས་དཔེ་མཚོན་དཔེ་འོས་ཐོག་ནས་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་ས་འཚོལ་ཞིབ་གནང་ཡོད། 
ཁོང་གིས་བསྟན་དོན། ཏང་ཡོན་ལས་བྱེད་པ་ཚང་མར་ངེས་པར་དུ་བློ་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བསམ་པ་ལྡན་དགོས་ཤིང་།  ངེས་པར་དུ་
ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཡོད་དགོས་ལ། ངེས་པར་དུ་འགན་འཁྲིའི་འདུ་ཤེས་དང་ཡར་རྒྱས་ཀྱི་སྙིང་སྟོབས་ལྡན་ན། ད་གཟོད་ཏང་
ཡོན་ལས་བྱེད་པ་རེར་ཡོད་དགོས་པའི་མི་གཤིས་དང་།   གཤིས་རྒྱུད།   སྤྱོད་ཚུལ་བཅས་ཡིན།“ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་
བཅངས”ཞེས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་ཅིས་ཀྱང“ངེས་པར”བཞི་སྟེ(ངེས་པར་དུ་ནང་སེམས་ནས་
མང་ཚོགས་ལ་བརྩི་བཀུར་བྱེད་པ་དང་། ངེས་པར་དུ་སེམས་ནང་དུ་མང་ཚོགས་འཇོག་པ།ངེས་པར་དུ་ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་ཡིན་པ། ངེས་པར་དུ་སྤྲོ་སེམས་འཁོལ་
བའི་ངང་མང་ཚོགས་ལ་སེམས་ཁུར་བྱེད་དགོས་པ་བཅས)
ངེས་པར་དུ་སྒྲུབ་ཐུབ་པར་བྱས་ཏེ།  ཏང་ཡོན་ལས་བྱེད་པ་ཚང་མའི་སེམས་ཁམས་ལ་ཉམས་སད་གསར་པ་ཐེབས་
སུ་འཇུག་དགོས་པ་དང་། མིག་སྔའི་བྱ་བའི་རྣམ་པ་སྔར་བས་ཇེ་ལེགས་དང་ཇེ་མཐོར་གཏོང་དགོས། 

       བློ་མཐུན་ལིའུ་ཀྲིན་ཝེ་ཡིས་ནན་གྱིས་བསྟན་དོན། “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་བརྗོད་བྱ་གཙོ་བོའི་
སློབ་གསོའི་བྱེད་སྒོ་སྤེལ་བའི་ཚུན། རྫོང་ཡོངས་ཀྱི་གོང་འོག་ཚང་མས“ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་བ།ཧེ་བག་འཚོལ་བ།  དོན་འཁྱོལ་དམ་
འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་གཅིག་བསྡུས་སྒོས་རྒྱུན་ཆད་མེད་པར་སློབ་སྦྱོང་དང་རང་སྒེར་གྱིས་རང་སྦྱོང་
བྱས་ཏེ་རང་ངོས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་གྱིས་དུས་མཚམས་དབྱེ་ནས་ཆེད་དོན་བགྲོ་གླེང་བྱས་ཡོད། རྫོང་སྲིད་གཞུང་གི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་
ཏང་ཡོན་ལས་བྱེད་པས་ངེས་པར་དུ་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོའི་དོན་སྙིང་ཁོང་དུ་ཡང་དག་གིས་ཆུད་པར་བྱེད་དགོས་པ་དང་།  ངེས་པར་དུ་ཀྲུང་དབྱང་དང་
ཞིང་ཆེན།  ཁུལ། རྫོང་ཨུ་བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་དོན་གྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་དགོས།  རང་ཉིད་དེའི་ནང་དུ་འཇོག་པ་དང་། བྱ་བ་
དེའི་ནང་དུ་འཇོག་པ། བསམ་བློ་དང་། བྱ་སྤྱོད།  དོན་འཁྱོལ་བཅས་ཀྱི་སྟེང་ནས་འགྱུར་ལྡོག་གསར་པ་ཡོང་དགོས། མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་གནད་དོན་ནས་
ཧུར་བརྩོན་གྱིས་དམ་འཛིན་བྱས་ནས།   མང་ཚོགས་ཀྱིས་ཆེས་བསྒྲུབ་འདོད་བྱེད་པའི་བྱ་བ་ནས་འགོ་རྩོམ་པ་དང་།  མང་ཚོགས་ཆེས་བློ་ཡིད་མི་ཚིམ་པ་ནས་ལེགས་བཅོས་
བཅས་བྱས་ཏེ། “ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་དོན་ཐོག་ཏུ་འཁྱོལ་བར་
བྱེད་དགོས། རྫོང་ཡོངས་ཀྱི་དབུལ་ཐར་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ།  མི་རིགས་མཐུན་སྒྲིལ་ཡར་ཐོན།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྤྱི་ཚོགས་འཆམ་
མཐུན་བརྟན་ལྷིང་བཅས་ཡོང་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་མཛེས་སྡུག་དང་། འབྱོར་ཕྱུག དཔལ་ཡོན། འཆམ་མཐུན་བཅས་ཀྱི་པདྨ་གསར་པ་མངོན་འགྱུར་ཡོང་ཆེད་
ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱ་དགོས་སོ།།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།