ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གི་ཏང་སྲིད་མགོ་ཁྲིད་གཙོ་བོས་ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་སྐོར་ཞིབ་ཀྱི་ཕྱིར་སྒྲོན་གནད་དོན་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་བརྟག་ཞིབ་བྱས།
འབྱུང་ཁུངས།: 2019/10/16

 

       ཟླ10བའི་ཚེས16ཉིན། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་རྫོང་
སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཝང་ཀྲི་ཀང་དང་རྫོང་དཔོན་གཞོན་པ་ཀྲང་ཞིན།    རྫོང་རིམ་པ་གཞོན་པའི་བརྟག་ཞིབ་པ་དམ་ཆོས་དང་དེ་བཞིན་རྫོང་སྡོད་ཁང་དང་
མཁར་གྲོང་འཛུགས་སྐྲུན་ཅུས། རྫོང་དབུལ་སྐྱོར་ཅུས། རྫོང་རང་བྱུང་ཐོན་ཁུངས་ཅུས། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་
ཁྲིད་དེ་གེ་སར་ཐང་ཆེན་ཚོང་ཁང་དང་འཚེར་ཆེན་ཐང་སོགས་ས་གནས་སུ་ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་སྐོར་ཞིབ་ཕྱིར་སྒྲོན་གནད་དོན་གྱི་དག་ཐེར་ལས་དོན་ལ་ལྟ་
སྐུལ་མཛུབ་སྟོན་དང་བརྟག་ཞིབ་བྱས།
      
ཧྲུའུ་ཅི་ཤ་བོ་སྐྱབས་དང་བཅས་པ་སྔ་རྗེས་སུ་གེ་སར་ཐང་ཆེན་ཚོང་ཁང་དང་། འཚེར་ཆེན་ཐང་ས་གནས་གཞན་སྤོས་ས་ཚིགས། གྲོང་སྐོར་ལམ་སོགས་སུ་ཕེབས་ཏེ་
ཡུལ་དངོས་ནས་འབྲེལ་ཡོད་ཕྱིར་སྒྲོན་རྣམ་གྲངས་ཀྱི་འཛུགས་སྐྲུན་མྱུར་ཚད་ལ་གཟིགས་ཞིབ་གནང་བ་དང་། ཡུལ་དངོས་ཀྱི་ཨར་ལས་སྟོབས་ཤུགས་དང་དེ་བཞིན་ལས་གྲྭའི་
འཛུགས་སྐྲུན་ཐད་གནས་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་ཕྲ་སྒོས་རྒྱུས་ལོན་གནང་བར་མ་ཟད། ཨར་ལས་བདེ་འཇགས་སྤུས་ཚད་དང་འཛུགས་སྐྲུན་མྱུར་ཚད་སོགས་
ཀྱི་གནད་དོན་ཐད་བླང་བྱ་གསལ་བོ་བཏོན།
       ཁོང་གིས་བསྟན་རྒྱུར།   དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་གི་ཆེད་དོན་སྐོར་ཞིབ་ཕྱིར་སྒྲོན་གནད་དོན་ལ་དག་ཐེར་
བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་
ཞིག་ཡིན་ལཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་བཅངསཞེས་བརྗོད་བྱ་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཐད་ཀར་ཞིབ་བཤེར་བྱེད་
པ་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།  རང་འགན་གཙང་སྒྲུབ་ནན་ཏན་
བྱེད་པ། གཟབ་ནན་ལ་བཙན་འཐབ་ཕོད་པ། དག་ཐེར་གནད་ལ་མི་འཁེལ་བ་མི་གཏོང་བ་དང་དག་ཐེར་བྱས་པ་མཐར་ཕྱིན་མིན་པ་མི་གཏོང་བ་བཅས་བྱས་ཏེ་སྐོར་ཞིབ་དག་
ཐེར་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། རྣམ་གྲངས་ལས་ཁུངས་ཁག་གིསཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངསཞེས་བརྗོད་
བྱ་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་རང་འགུལ་ངང་ཁེ་ལས་ལ་ཞབས་འདེགས་ཞུས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་ཏན་ཏིག་བྱེད་དགོས།  ལས་གྲྭ་
ཁག་གིས་ཨར་ལས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཆབ་སྲིད་ཀྱི་ངོས་འཛིན་ཇེ་མཐོར་གཏོང་བ་དང་།  འགན་འཁྲིའི་དོན་འཁྱོལ་ཤུགས་སྣོན་བྱེད་
པ།   ཨར་ལས་བཟོ་སྐྲུན་བྱ་ཡུལ་གྱི་བདེ་འཇགས་དོ་དམ་བྱ་བ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་པ་དང་ཆབས་ཅིག་ཨར་ལས་བདེ་འཇགས་དྲིལ་བསྒྲགས་སློབ་གསོར་
ཤུགས་སྣོན་བརྒྱབ་སྟེ་ཨར་ལས་བྱ་ཡུལ་གྱི་མི་སྣ་འདུ་འཛོམས་བྱེད་སའི་མེ་ཟོན་བདེ་འཇགས་དྲིལ་སྒྲོག་དང་སློབ་གསོ་གསོ་སྦྱོང་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན།
       ཁོང་གིས་ནན་གྱིས་བསྟན་རྒྱུར། རྣམ་གྲངས་ལས་ཁུངས་ཁག་གིས་རྫོང་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་མཐོ་ཚད་སྟེང་ནས་བསམ་བློའི་ངོས་འཛིན་དང་ཞབས་ཞུའི་
འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། ཞབས་ཞུའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་གྱི་ཞབས་ཞུ་དང་མཐུན་སྦྱོར། མཉམ་
འགུལ་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་སྤུས་ཚད་དམ་འཛིན་དང་། བདེ་འཇགས་འགན་ལེན། མྱུར་ཚད་བརྩོན་ལེན་བཅས་
བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། རྣམ་གྲངས་སྔ་མོ་བསྐྲུན་ཏེ་དམངས་ལ་བདེ་སྐྱིད་སྔ་མོ་ནས་བསྐྲུན་རྒྱུའི་འགན་ལེན་བྱེད་དགོས།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།