ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་རྒྱལ་འབུམ་འཁྲུངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་རྫོང་རིམ་པའི་འཐེན་ཞིབ་རྩིས་ལེན་ལས་དོན་ཚན་ཆུང་གཉིས་པ་ཁྲིད་དེ་སྨར་ཁོག་ཞང་དུ་རྫོང་རིམ་པའི་འཐེན་ཞིབ་རྩིས་ལེན་ལས་དོན་སྤེལ།
འབྱུང་ཁུངས།: 2019/10/14

 

       རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར་དུ། ཟླ10བའི་ཚེས14ཉིན། རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་རྒྱལ་འབུམ་འཁྲུངས་
ཀྱིས་དབུལ་ཐར་འགག་སྒྲོལ་གྱི་རྫོང་རིམ་པའི་འཐེན་ཞིབ་རྩིས་ལེན་ལས་དོན་ཚན་ཆུང་གཉིས་པ(རྫོང་དབུལ་སྐྱོར་གསར་སྤེལ་ཅུས་དང་རྫོང་སློབ་གསོ་ཅུས། རྫོང་དམངས་སྲིད་ཅུས།
རྫོང་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས།  རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས། རྫོང་སྨན་བཅོས་འགན་
སྲུང་ཅུས་སོགས་ཀྱི་འགན་འཁུར་བློ་མཐུན)ཁྲིད་དེ་སྨར་ཁོག་ཞང་དུ་སོང་ནས་རྫོང་རིམ་པའི་འཐེན་ཞིབ་རྩིས་ལེན་ལས་དོན་སྤེལ།
      
བར་སྐབས་སུ་སྨར་ཁོག་ཞང་དབུལ་ཐར་འགག་སྒྲོལ་རྫོང་རིམ་པའི་འཐེན་ཞིབ་རྩིས་ལེན་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ལས་དོན་ཚན་ཆུང་གིས<<མཚོ་
སྔོན་ཞིང་ཆེན་གྱི་ཚགས་འཇུག་བྱང་སྒྲུབ་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་མི་འབོར་དང་དབུལ་ཕོངས་སྡེ་བ་ཕྱིར་འབུད་དང་དབུལ་ཕོངས་རྫོང་གི་དབུལ་ཐར་ཞྭ་མོ་ཕུད་པའི་ལག་བསྟར་
ཇུས་གཞི>>དང<<2019ལོའི་དབུལ་ཕོངས་ལས་ཕྱིར་འབུད་པའི་རྫོང་རིམ་པའི་འཐེན་ཞིབ་རྩིས་ལེན་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི>>ཡི་བླང་བྱ་གཞིར་བཟུང་སྟེ། རྫོང་
རིམ་པའི་འཐེན་ཞིབ་རྩིས་ལེན་གྱི་དམིགས་ཚད་སོགས་ལ་འགྲེལ་བཤད་བྱས་པ་དང་ཁྱིམ་ཚང་དུ་འཐེན་ཞིབ་རྩིས་ལེན་དང་ཁྱིམ་ཚང་དུ་སོང་ནས་བརྟག་དཔྱད་ལས་དོན་བཀོད་སྒྲིག་
བྱས། རྫོང་དཔོན་རྒྱལ་འབུམ་འཁྲུངས་ཀྱིས་ཞང་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་ཞིབ་བཤེར་རྩིས་ལེན་ཚན་ཆུང་གི་ཁོངས་མི་བཅས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་མཐོ་
རུ་བཏང་སྟེ་བསམ་བློའི་ཐོག་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་།
དམིགས་ཚད་ལས་འགན་ལ་ཞིབ་བསྡུར་བྱེད་པ།  བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ།  དབུལ་ཐར་རྩིས་ལེན་གྱི་ཚད་གཞིའི་འགག་སྒོ་དང་།  གོ་རིམ་གྱི་འགག་སྒོ།  སྤུས་ཚད་ཀྱི་
འགག་སྒོ་བཅས་ནན་མོ་སྲུང་སྟེ།  རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་དཔྱད་དཔོག་དང་དེ་བཞིན་ཞིང་ཆེན་དང་ཁུལ་གྱི་དཔྱད་ཞིབ་རྩིས་ལེན་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱེད་
དགོས་པའི་བླང་བྱ་བཏོན་པ་རེད། 

       ཚོགས་འདུ་གྲོལ་རྗེས་ལས་དོན་ཚན་ཆུང་གིས་དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་མིན་པའི་སྡེ་བ། དབུལ་ཕོངས་ཁྱིམ་ཚང་དང་དབུལ་ཕོངས་མིན་པའི་ཁྱིམ་ཚང་སོགས་སུ་
དུ་སོང་ནས་བརྟག་དཔྱད་བྱས་ཏེ་ཡུལ་དངོས་ནས་ལྟ་ཞིབ་དང་།  དཔྱད་གཞིར་ལྟ་ཀློག སྲིད་ཇུས་ཤེས་བྱ་ཁོང་དུ་ཆུད་པ་དང་འཐེན་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་དེསེམས་ཁྲལ་
མེད་པ་གཉིས་དང་འགན་ལེན་གསུམདངགཞི་གསུམ་ཚད་གཅིགདང་དེ་བཞིན་དབུལ་ཐར་གྱི་དམིགས་ཚད་ཁག་དྲུག་ལ་ནན་མོར་གཞིགས་ཏེ་དབུལ་ཐར་དམིགས་ཚད་ལས་
འགན་ལེགས་སྒྲུབ་བྱས་ཚུལ་ལ་འཐེན་ཞིབ་རྩིས་ལེན་བྱས་ནས། དབུལ་ཕོངས་མིན་པའི་ཁྱིམ་ཚང་ལསེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམགྱི་གནད་དོན་ཐག་གཅོད་
ཐུབ་མིན་ལ་བརྟག་དཔྱད་བྱས་པ་དང་དུས་མཚུངས་སུ་ཚགས་འཇུག་བྱང་སྒྲུབ་ཁྱིམ་ཚང་དང་ཚགས་འཇུག་བྱང་སྒྲུབ་མིན་པའི་ཁྱིམ་ཚང་བརྟག་དཔྱད་འདྲི་ཤོག་དང་དབུལ་ཕོངས་
ཁྱིམ་ཚང་དབུལ་ཐར་འཐེན་ཞིབ་རྩིས་ལེན་རེའུ་མིག་ཞིབ་ཕྲས་འདྲི་རྩད་ཁ་སྐོང་བྱས་པ་མ་ཟད།    འཐེན་ཞིབ་རྩིས་ལེན་བྱེད་སྐབས་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་གནད་དོན་
ལ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ནས་དག་ཐེར་དུས་བཀག་ཁ་གསལ་བཟོ་པ་དང་མཉམ་དུ་ལས་དོན་ཚན་ཆུང་གིས་དབུལ་ཐར་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་དག་
དབུལ་ཕོངས་ཁྱིམ་ཚང་ལ་མུ་མཐུད་དུ་འགྲེལ་བཤད་དང་ཁྲིད་སྟོན་བྱས་པ་རེད།
      
ཁྱིམ་ཚང་དུ་བསྐྱོད་ནས་བརྟག་དཔྱད་མཇུག་སྒྲིལ་རྗེས་ལས་དོན་ཚན་ཆུང་གིས་འཐེན་ཞིབ་རྩིས་ལེན་བྱས་ཚུལ་ལ་ཕྱོགས་བསྡུས་དང་བསྡོམས་རྩིས་བྱས་པ་མ་ཟད་ཉིན་དེར་
ཁྱིམ་ཚང་དུ་བསྐྱོད་ནས་ལས་དོན་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དབྱེ་ཞིབ་དང་གྲོས་བསྡུར་བྱས་པ་རེད།


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།