ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ས་གནས་རིག་གནས་དང་ལོ་རྒྱུས།
བོད་ཡུལ་པདྨ། དམར་དམག་བརྒྱུད་མྱོང་བའི་ས་ཆ།
འབྱུང་ཁུངས།: 2019/10/10

 

                                                                            
                                                                            

       པདྨ་རྫོང་ནི་མཚོ་སྔོན་མགོ་ལོག་ཁུལ་མངའ་ཁོངས་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། སི་ཁྲོན་ཞིང་ཆེན་དང་འདབས་འབྲེལ་བྱས་ཤིང་། ཟི་ལིང་དང་བར་ཐག་སྤྱི་
ལེ700ལྷག་ཡོད། རྫོང་གི་སྲིད་གཞུང་ནི་འབོ་སྤ་ཞང་དུ་བཅའ་སྡོད་བྱས་ཡོད་ཅིང་། ཁུལ་སྲིད་གཞུང་གི་སྡོད་གནས་དང་བར་ཐག་སྤྱི་ལེ315ཡོད། མི་གྲངས་ཁྲི2.7
(2007ལོ)ཡོད་པ་ལས་བོད་རིགས་གཙོ་བོ་བྱས་ཏེ་མི་གྲངས་ཀྱི95%ཡན་ཟིན་ཡོད། ད་དུང་རྒྱ་རིགས་དང་ཧུའེ་རིགས།  ཧོར་རིགས་སོགས་ཡོད།
དམར་དམག་ལུང་པ།
      
པདྨའི་དམར་དམག་ལུང་བའི་ཐོག་མའི་མིང་ལ་འཛི་མདའ་ལུང་པ་ཟེར། 1936ལོའི་ཟླ7པར། ཀྲུང་གོ་བཟོ་ཞིང་དམར་དམག་གནས་འདིར་རྒྱང་སྐྱོད་བྱེད་སྐབས།
བྲག་རྡོའི་ངོས་སུ་བྱང་ཕྱོགས་སུ་བསྐྱོད་དེ་རྒྱལ་ཡོངས་འཇར་འགོག་ཅང་རྒོལ་གྱི་འཐབ་རྩོད་དང་དུ་བླངས་ཤིང་།  ཨན་ཆིན་ཞོན་གྱི་སྦྱར་ཡིག་ཞེས་པའི་ཡིག་གཟུགས་དེ་ད་ལྟའི་
བར་དུ་གསལ་བོར་མངོན་འདུག འདི་ནི་ཀྲུང་གོ་བཟོ་ཞིང་དམར་དམག་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་དུ་བརྒྱུད་པའི་ས་ཆ་གཅིག་པུ་དེ་ཡིན། དམར་
དམག་ལ་རྗེས་དྲན་བྱེད་ཆེད། ས་གནས་མང་ཚོགས་ཀྱིས་འཛི་མདའ་ལུང་བའི་མིང་བསྒྱུར་ནས་དམར་དམག་ལུང་པ་ཞེས་བཏགས། པན་ཆེན་ཞང་སྲིད་གཞུང་འབྲ་ལོ་སྡེ་བའི་བྱང་
གི་རྒྱུད་སྡེ་དགོན་པའི་འདུ་ཁང་གི་མདུན་དུ་སྔོན་ཆད་བཙུགས་པའི་སོ་ལྟ་ཁང་གི་མིང་ལ་དམར་དམག་གི་སོ་ལྟ་ཁང་ཞེས་བཏགས་པ་དང་། དམར་དམག་བརྒྱུད་མྱོང་བའི་ཟམ་པར་
དམར་དམག་ཟམ་པ་ཞེས་བའི་མིང་བཏགས། མི་རྣམས་ཀྱིས་སྦྱར་ཡིག་བྲིས་ཡོད་པའི་བྲག་རྡོའི་མདུན་དུ་ལྡིང་ཁང་ཞིག་བཞེངས་ནས་སྦྱར་ཡིག་ལ་སྲུང་སྐྱོབ་བྱས།
བོད་ཀྱི་མཁར་རྫོང་།

                                 
                                  
      
པདྨའི་བོད་ཀྱི་མཁར་རྫོང་ལ་མཁར་ཞེས་འབོད་ཅིང་། དེའི་ལོ་རྒྱུས་ཉུང་མཐར་ཡང་ལོ800ཡན་གྱི་ཁུངས་དེད་ཆོག་པ་སྟེ་གཙོ་བོ་དྷི་མདའ་ཞང་གི་པན་ཆེན་སྡེ་བ་དང་
མཁོ་འཕེལ།  དགེ་རྩེ་སྡེ་བ་སོགས་སུ་ཁྱབ་ཡོད།   དེའི་ནང་པན་ཆེན་སྡེ་བ་ཁོ་ནར་མཁར་རྫོང་བརྒྱ་ལྷག་ཙམ་ཡོད་པ་དང་མང་ཆེ་བ་ནི་ལོ་ངོ་སུམ་བརྒྱ་ཡན་གྱི་ལོ་རྒྱུས་ལྡན་པ་རེད།
པདྨའི་བོད་རིགས་ཀྱི་མཁར་རྫོང་ནི་ཀྲུང་གོས་ཉར་ཚགས་བྱས་པ་ཆེས་ལེགས་པའི་བོད་རིགས་མཁར་རྫོང་ཁྱུ་ཚོགས་ཀྱི་གྲས་ཤིག་ཡིན་ཞིང་། དེ་ལ་རྡོ་མཁར་དང་ཤིང་མཁར། མཉམ་
བསྲེས་མཁར་བཅས་རིགས་གསུམ་དུ་དབྱེ། དེའི་ཁྲོད་ཀྱི་རྡོ་མཁར་ནི་ཆེས་ཁྱད་ཆོས་ལྡན་པ་རེད། ཕྱི་ཕྱོགས་ཀྱི་གྱང་ནི་རྡོ་ལེབ་ཀྱིས་བརྩིགས་ཡོད་ཅིང་། དེ་དང་འདྲ་བའི་ཤིང་གི་གྲུབ་
ཆར་གཞིགས་ནས་ཆེ་ཆུང་ཕན་ཚུན་འཕྲེད་སྣོལ་བྱས་པས་གྱང་ལ་ཐེབས་པའི་ཤུགས་སྙོམས་པོ་དང་གས་སྲུབ་མི་ཤོར་བ་དང་མི་གསེག་པ་བྱས་ཡོད།
      
ཁང་ཀླད་དུ་འགོས་ན་མིག་མདུན་གྱི་བློ་སྒོ་ཡངས་པོར་ཕྱེ་ཡོང་ལ། ཆུ་བོ་དལ་མོའི་ངང་ལུང་ཤུར་ནས་བཞུར་བ་དང་། ཆུ་གཏིང་གི་གྲམ་རྡོ་དག་ཀྱང་གསལ་བོར་མཐོང་ཐུབ།
སྐབས་འགར་ཉ་མོ་ཆུ་ངོས་ལས་ལྡིང་ཡོང་ལ།  ཆུའི་ཕ་རོལ་གྱི་རི་འདབས་ནི་ཞིང་ས་ཡིན་ཞིང་། རི་རྩེ་ནི་ཡུག་གཅིག་ཏུ་སྦྲེལ་བའི་གདོད་མའི་ནགས་ཚལ་གྱིས་གཡོགས་ཡོད། ཉི་འོད་
འཕྲོས་པའི་ནགས་ཚལ་ཁྲོད་ན་བུན་ལང་ལོང་དུ་འཕྱུར་ཞིང་། སྨུག་སྤྲིན་གྱི་གྲིབ་ནག་ས་ངོས་སུ་དལ་བུར་འགུལ་བཞིན་ཡོད་པ་ཀྱང་མཐོང་ཐུབ། ཞིང་སའི་ནང་དང་ནགས་ཚལ་སྟུག་
པོའི་ཁྲོད་མཁར་རྫོང་མང་པོ་ཞིག་རི་དང་བསྟུན་ནས་སྐྲུན་པ་དེ་ནི་ངག་རྒྱུན་ཁྲོད་ཀྱི་མཁའ་དབྱིངས་ཀྱི་ལྷ་ཁང་དང་འདྲའོ།། 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།