ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
མཚོ་སྔོན་གྱིས་ནག་སེལ་ངན་འཇོམས་བྱ་བའི་སྙན་ཞུ་གྲོས་ཚོགས་བསྡུས་པ།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/23

 

       རྒྱལ་ཡོངས་ཀྱི་ནག་སེལ་ངན་འཇོམས་ཆེད་དམིགས་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཡོངས་ཀྱི་ནག་སེལ་ངན་འཇོམས་ཆེད་དམིགས་འཐབ་
རྩོད་ཐེངས་གཉིས་པའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་ལྟར།  ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་ཞིབ་ཚན་ཆུང་ཐེངས18པས་ཟླ10པའི་ཚེས21ནས་ཚེས30
ཉིན་བར་ལ་མཚོ་སྔོན་ནསཕྱིར་ལྟ་བྱེད་པཞེས་པའི་ལྟ་ཞིབ་བྱ་བ་སྤེལ་རྒྱུ་རེད། ཟླ10པའི་ཚེས21ཉིན།ཕྱིར་ལྟ་བྱེད་པའིལྟ་ཞིབ་བྱ་བའི་སྙན་ཞུ་གྲོས་ཚོགས་བསྡུས་
ཤིང་། ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་ཞིབ་ཚན་ཆུང་ཐེངས18པས་ཚན་གཙོ་ཝུའུ་ཞིན་ཞུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་།  ཞིང་ཆེན་ཏང་
ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐེན་ཅཱ་ཚའེ་ཡིས་གྲོས་ཚོགས་ལ་འགོ་
འཛིན་མཛད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱིན་པའོ་ཡིས་མཚོ་སྔོན་གྱིས་ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་ཞིབ་ཚན་ཆུང་
གིས་བཏོན་པའི་བསམ་འཆར་ལག་བསྟར་བྱས་པའི་དག་ཐེར་དོན་འཁྱོལ་གནས་ཚུལ་ཡར་ཞུ་བྱས་པ་རེད།

       ཝུའུ་ཞིན་ཞུང་གིས་ནན་གྱིས་བསྟན་དོན།  གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ། ནག་སེལ་ངན་འཇོམས་ཆེད་དམིགས་འཐབ་རྩོད་ཀྱི་དོན་སྙིང་གལ་
ཆེན་ལ་གཏིང་ཟབ་སྒོས་རྒྱུས་ལོན་བྱེད་པ། གཉིས། ལས་འགན་གཙོ་བོ་གསལ་པོར་བྱས་ཏེ། རྒྱལ་ཡོངས་ཀྱི་ནག་སེལ་ངན་འཇོམས་ཆེད་དམིགས་འགོ་ཁྲིད་ཚན་ཆུང་གི་གཅིག་
གྱུར་བཀོད་སྒྲིག་ལྟར།ཕྱིར་ལྟ་བྱེད་པའིལྟ་ཞིབ་བྱ་བ་ཏན་ཏིག་སྒོས་སྤེལ་བ། གསུམ། ཆབ་སྲིད་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་འགན་འཁྲི་ལག་བསྟར་སྒོས་
ཆེད་དམིགས་འཐབ་རྩོད་བྱ་བར་གྲུབ་འབྲས་ཆེན་པོ་ཞིག་ལོན་པར་སྐུལ་འདེད་བཅས་བྱ་དགོས་ཟེར།
       ཐིན་ཅཱ་ཚའེ་ཡིས་བསྟན་དོན། འདུ་ཤེས་བཞིལག་བསྟར་དངཡིད་རྟོན་བཞིརྒྱུན་འཁྱོངས། སྲུང་སྐྱོབ་གཉིསཀྱི་ཚད་གཞི་ལྟར་བསྒྲུབ་ནས།  ཐེངས་
འདིའི་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གིསཕྱིར་ལྟ་བྱེད་པའིདོན་སྙིང་གལ་ཆེན་ལ་ངོན་ཟིན་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ།འགག་སྒོའི
བསམ་བློ་སྔོན་འགོག་སྒོས། བསམ་བློ་དང་ལས་འགུལ་གཅིག་གྱུར་ཐོག་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་སྤྱད་ནས། འགན་འཁྲིའི་
འདུ་ཤེས་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ལ་སྔར་ལས་ཤུགས་སྣོན་བྱེད་པ། ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་གིས་བཀོད་སྒྲིག་བྱས་པའི་ལས་འགན་དང་སྒྲུབ་དུ་བཅུག་པའི་
ལས་དོན།  ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་བླང་བྱ་བཅས་ལ་རིམ་པ་སོ་སོའི་སྡེ་ཁག་གིས་སྣེ་ཁྲིད་དང་ཧུར་བསྐྱེད་སྒོས་རམ་འདེགས་བྱས་ཏེ། གཏན་འབེབས་དུས་ཚོད་ནང་
ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་བྱས་ནས།  རང་ཞིང་གི་ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་བྱ་བར་ཐོད་བརྒལ་གྱི་གྲུབ་འབྲས་གསར་པ་ཞིག་ལེན་ཐུབ་
པར་སྐུལ་འདེད་བྱ་དགོས་ཟེར།

       ཀྲུང་དབྱང་ནག་སེལ་ངན་འཇོམས་ལྟ་ཞིབ་ཚན་ཆུང་ཐེངས18པའི་ཚན་གཙོ་གཞོན་པ་ཏུའུ་དབན་ཧྭ་དང་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་
ཨུའི་རྒྱུན་ལས་ཨུན་ཡོན། རྩ་འཛུགས་པུའུ་པུའུ་ཀྲང་ཝང་ཡུས་ཡན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲེན་མིང་ཀུའོ།  ཞིང་ཆེན་ནག་སེལ་ངན་འཇོམས་
ཆེད་དམིགས་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ།   ཞིང་ཆེན་ནག་སེལ་གཞུང་དོན་ཁང་གི་ཀྲུའུ་རིན་དང་ཀྲུའུ་
རིན་གཞོན་པ་སོགས་ཚོགས་འདུར་ཞུགས་པ་རེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།