ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
ཀྲུང་དབྱང་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ཕྱིར་ལྟ་བྱེད་པའི་སྙན་འབུལ་གྲོས་ཚོགས་ཟི་ལིང་ནས་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/22

 

       རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་
ཀྱི་སྐུལ་སྤེལ་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་གཞིར་བཟུང་།  ཀྲུང་དབྱང་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་ཟླ་བཅུ་བའི་ཚེས་
ཉེར་གཅིག་ཉིན་ནས་ཚེས་སུམ་ཅུ་ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་་སྟོན་གྱི་ལམ་ནས་ཕྱིར་ལྟ་བྱེད་པའི་ལས་དོན་སྤེལ།  ཟླ་བཅུ་བའི་ཚེས་ཉེར་གཅིག་
ཉིན་གྱི་སྔ་དྲོར། ལྟ་སྐུལ་མཛུབ་སྟོན་གྱི་ལམ་ནས་ཕྱིར་ལྟ་བྱེད་པའི་ལས་དོན་གྱི་སྙན་ཞུ་འབུལ་བའི་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཤིང་།  ཀྲུང་དབྱང་ནག་འཇོམས་ངན་
སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ཐེངས་བཅོ་བརྒྱད་པའི་ཚན་གཙོ་ཝུའུ་ཞུན་ཞུང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་
ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། མཚོ་སྔོན་
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་ཡིས་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་
སྟོན་གྱི་ཚུར་ལན་བསམ་འཆར་དག་ཐེར་དོན་འཁྱོལ་བྱས་ཚུལ་གྱི་སྐོར་ནས་སྙན་ཞུ་ཕུལ།
      
ཝུའུ་ཞུན་ཞུང་གིས་ནན་གྱིས་བསྟན་དོན།  གཅིག་ནས་ཆབ་སྲིད་ཀྱི་འགྲེང་གནས་མཐོ་རུ་བཏང་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་
ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས།  ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་
དང་།  ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པ།  ཆེད་དོན་འཐབ་རྩོད་དེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་
བརྟན་འཇགས་དང་འབྲེལ་བ་ཡོད་པ་དང་།  བློ་ཕྱོགས་གཏད་མིན་དང་གཞི་རིམ་སྲིད་དབང་སྲ་བརྟན་དང་འབྲེལ་བ་ཡོད་པ།  རླབས་ཆེན་འཐབ་རྩོད་དང་རླབས་ཆེན་འདུ་
འགོད་འཛུགས་སྐྲུན།  རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བཅས་དང་འབྲེལ་བ་ཡོད། ང་ཚོས་ཡིད་ཆེས་དང་སྙིང་སྟོབས་སྔར་
ལས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་བརྟེན་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་
ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  གཏན་འཁེལ་བྱས་པའི་དམིགས་ཚད་གཞིར་བཟུང་དམ་འཛིན་བྱས་ནས་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ངེས་པར་དུ་ལེན་དགོས།
གཉིས་ནས་ལས་འགན་གཙོ་བོ་ཁ་གསལ་བཟོས་ཏེ་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། 
མཚོ་སྔོན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་གྱི་རྣམ་པས་ཕྱིར་ལྟ་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་དགོས།   ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་
ལྟ་སྐུལ་མཛུབ་སྟོན་ལས་དོན་ལས་ཕྱིར་ལྟ་བྱེད་པའི་བྱ་བ་ནི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགག་
རྩའི་ལྷུ་ཚིགས་ཤིག་རེད། ལྟ་སྐུལ་མཛུབ་སྟོན་གྱི་ལམ་ནས་ཕྱིར་ལྟ་བྱེད་ཐབས་ལ་བརྟེན་ཏེ་ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་
བ་དང་དག་ཐེར་གྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྔར་ལས་སྐུལ་འདེད་གཏོང་བ་དང་གནད་དོན་གཙོ་བོ་ཐག་གཅོད་བྱེད་པ།  གཙོ་གནད་ཁྱབ་ཁོངས་བཅོས་སྒྲིག་བྱེད་པ།
གཙོ་གནད་གྱོད་གཞི་ཐག་གཅོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ།  དག་ཐེར་གྱི་ཕན་འབྲས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ལ་
བརྟེན་ནས་དམངས་ལ་ཕན་ཁེ་ཐོབ་པར་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས། གསུམ་
ནས་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་ཆེད་དོན་འཐབ་རྩོད་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། 
མིག་སྔར་ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་དེ་གནད་འགག་གི་དུས་མཚམས་གསར་པར་སླེབས་ཡོད་པས་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་
ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། སྔར་མེད་ཀྱི་ཡིད་ཆེས་དང་
ནུས་ལྡན་གྱི་བྱེད་ཐབས། ཏན་ཏིག་གི་སྤྱོད་ཚུལ་བཅས་ལ་བརྟེན་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། ནག་འཇོམས་
ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་ཡང་དག་པའི་ཁ་ཕྱོགས་ལྟར་དུ་རྒྱུན་ཆད་མེད་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། 
      
ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན།  འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པའི་
མཐོ་ཚད་ནས་འགྲེང་སྟེ།  ཐེངས་འདིའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་གྱི་ཕྱིར་ལྟ་བྱེད་པའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཡང་དག་ལེན་རྒྱུ་དང་།  ཆབ་སྲིད་ཀྱི་གོ་
གནས་ཇེ་མཐོར་གཏོད་པ། ལས་སླ་མོའི་རྣམ་འགྱུར་འཛིན་མཁན་གཏན་འགོག་བྱེད་པ། བསམ་བློ་དང་སྦྱོར་བ་གཉིས་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་ཞིང་ཆེན་ཏང་
ཨུའི་བཀོད་སྒྲིག་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་ཁག་འཁུར་གྱི་སྙིང་སྟོབས་སྔར་ལས་ཇེ་དྲག་ཏུ་བཏང་ནས།  ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་
ཚན་ཁག་གི་བཀོད་སྒྲིག་འོས་འགན་དང་སྤྲད་པའི་ལས་རིམ། བཏོན་པའི་བླང་བྱ་བཅས་ཡོངས་འགྲུབ་དོན་འཁྱོལ་བྱེད་དགོས་ཟེར།
      
ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་ཚན་གཙོ་གཞོན་པ་ཏུའུ་ཝུན་ཧྭ་དང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཁོངས་མི།  ཞིང་
ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་ཀོ  ཞིང་ཆེན་ནག་འཇོམས་ངན་
སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཀྲུའུ་
རིན་གཞོན་པ་སོགས་ཐེངས་འདིའི་གྲོས་ཚོགས་སྟེང་ཞུགས།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།