ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
དབྱི་རག་དམག་ཕྱོགས་ཀྱིས་སི་རི་ཡཱ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་དབྱི་རག་ཏུ་བཀོད་སྒྲིག་བྱེད་པའི་ཆོག་མཆན་ཐོབ་མེད་པའི་ཚུལ་བསྟན།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/23

 

       དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་བསྟན་དོན། སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་མི་སྟོང་གཅིག་ཙམ་པོ་དེ་
དབྱི་རག་གི་མངའ་ཁོངས་བརྒྱུད་པ་ཙམ་ཡིན་ལ།
 ཁོ་ཚོ་དབྱི་རག་ཏུ་བཀོད་སྒྲིག་བྱེད་པའི་ཆོག་མཆན་ཐོབ་མེད་ཟེར།
       དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། སི་རི་ཡཱ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་དེ་
དབྱི་རག་གི་ཁུའུ་ཨར་ཏི་ས་ཁུལ་དུ་འགྲོ་བར་ཆོག་མཆན་ཐོབ་ཡོད་ཀྱང་།
  ཁོ་ཚོ་དབྱི་རག་གི་མངའ་ཁོངས་སུ་བཀོད་སྒྲིག་བྱེད་པའི་ཆོག་མཆན་ཐོབ་མེད་པས།  དམག་དཔུང་
དེ་དབྱི་རག་དང་ཁ་འབྲལ་ངེས་ཡིན་ཟེར།
 

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ཚེས་བཅུ་དགུའི་ཉིན་བསྟན་དོན། སི་རི་ཡཱའི་བྱང་ཤར་ཕྱོགས་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་མི་སྟོང་གཅིག་
ཙམ་པོ་དེ་དབྱི་རག་ནུབ་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱས་ཏེ།
 དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་སོགས་ཀྱི་ལས་འགན་ལག་བསྟར་བྱེད་
རྒྱུ་ཡིན་ཟེར།


 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།