ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་སི་རི་ཡཱ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། 2019/10/22

 

       ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་གཅིག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་གཏོང་སྐབས་སི་རི་ཡཱའི་བྱང་ཤར་ས་
ཁུལ་གྱི་གནས་བབ་ལ་དམིགས་ཏེ་གྲོས་བསྡུར་ཞིབ་ཏུ་བྱས་ཤིང་། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་རྒྱལ་ཁབ་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་པའི་
གལ་ཆེན་རང་བཞིན་ནན་བཤད་བྱས།  ཕུའུ་ཅིན་གྱིས་བཤད་རྒྱུར།   ཨུ་རུ་སི་ཡིས་འབྲེལ་ཡོད་ཕྱོགས་སོ་སོའི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཆོས་ལུགས་
ཚོགས་ཁག་ཚང་མའི་ཁེ་ཕན་ལ་འགན་སྲུང་བྱེད་པའི་བྱེད་ཐབས་སྤྱད་དེ། ས་ཁུལ་དེའི་གནས་བབ་གཏན་འཇགས་སུ་གཏོང་བཞིན་ཡོད་ཟེར། ཁོ་གཉིས་ཀྱིས་ད་རུང་ཟླ་བཅུ་བའི་
ཟླ་མཇུག་ཏུ་རི་ནེ་ཝ་ནས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་མ་སྤེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས། 
      
བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་སྐབས། མགོ་ཁྲིད་པ་གཉིས་ཀྱིས་མེན་སི་ཁིའི་གྲོས་མཐུན་ཁྲོད་ཀྱི་བྱེད་ཐབས་ཁ་ཚང་ནི་ཝུའུ་ཁི་ལན་
གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞི་ཡིན་པ་དང་། བྱེད་ཐབས་དེ་དག་གཞན་གྱིས་ཚབ་བྱེད་ཐབས་མེད་པ་ནན་བཤད་བྱས། ཝུའུ་ཁི་ལན་གྱིས་ཆ་རྐྱེན་ཅི་ཡང་མེད་པའི་
སྒོ་ནས་ནོའུ་མན་ཏིས་རྣམ་པའི་སྒྲོམ་གཞིའི་ནང་བཀོད་པའི་གྲོས་མཐུན་ཚང་མ་ལག་བསྟར་བྱེད་དགོས་ཟེར།
      
ཕུའུ་ཅིན་གྱིས་ད་རུང་བསྟན་དོན། ནོའུ་མན་ཏིས་རྣམ་པའི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་བསྡུ་བར་སེམས་ཞིབ་མོས་གྲ་སྒྲིག་དང་། མེན་སི་ཁིའི་གྲོས་མཐུན་ཕྱོགས་
ཡོངས་ནས་ལག་བསྟར་བྱེད་པར་བྱེ་བྲག་གི་འཆར་འགོད་བཟོ་དགོས་ཟེར། 
      
དེ་ལས་གཞན་ཕུའུ་ཅིན་དང་མཱ་ཁི་ལུང་གཉིས་ཀྱིས་ཨུ་རུ་སི་དང་ཧྥ་རན་སི་ཡིས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཐུན་མོང་གི་ལྟ་ཚུལ་བྱུང་།
      
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་གིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། མཱ་ཁི་ལུང་དང་ཕུའུ་ཅིན་གྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་
ཤིང་། གཙོ་བོ་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་གནད་དོན་ལ་གྲོས་བསྡུར་བྱས།  མཱ་ཁི་ལུང་གིས་མིག་སྔར་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་
དུ་གཏོང་བ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 



 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· པདྨ་རྫོང་གིས2019ལོའི་དབུལ་ཐར་འ 2019/11/11

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།