ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
དགེ་རྒན་དུས་ཆེན་ཐེངས༣༥པར་རྟེན་འབྲེལ་ཞུ་བའི་ཡར་སྔོན་དུ་ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་དགེ་རྒན་ལ་འཚམས་འདྲི་གནང་།
འབྱུང་ཁུངས།:མགོ་ལོག་འཕྲིན་སྟེགས། 2019/9/11



       དགེ་རྒན་དུས་ཆེན་ཐེངས༣༥པ་ཐོན་ལ་ཉེ་སྐབས། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་མགོ་ལོག་ཁུལ་ལས་རིགས་ལག་
རྩལ་སློབ་གྲྭར་བསྐྱོད་དེ། རྒྱ་ཆེའི་དགེ་བཟོ་པར་གཟིགས་སྐོར་འཚམས་འདྲི་གནང་ཞིང་། སློབ་གྲྭའི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་།  དགེ་རྒན་གྱི་སྒྲིག་གཞི།  སློབ་ཁྲིད་
ཞིབ་འཇུག  དེ་བཞིན་དུ༢༠༡༩ ལོའི་དམའ་རིམ་མཐོ་འབྲིང་མཐར་ཕྱིན་གྱི་སློབ་རིམ་འཕར་ཚད་དང་སློབ་སྐབས་གསར་པའི་སློབ་བསྡུ། སློབ་ཚན་བཀོད་སྒྲིག སློབ་ཁྲིད་འཆར་
གཞི་སོགས་ཀྱི་ལས་དོན་སྐོར་ལ་ཉན། ཁུལ་ཨུ་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་རྒྱ་ཆེའི་དགེ་བཟོ་ཡོངས་ལ་དུས་ཆེན་གྱི་འཚམས་འདྲིའི་སྨོན་འདུན་ཞུས་ཤིང་།  ཕུལ་བྱུང་དགེ་
རྒན་གྱི་འཐུས་མི་ཁག་ཅིག་ལ་འཚམས་འདྲི་གནང་།  ཁོང་གིས་ནན་གྱིས་བསྟན་དོན།  དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ
ཀྲུང་གོའི་ཕུགས་འདུནམངོན་འགྱུར་དང་།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ།   མགོ་ལོག་དུས་
རབས་གསར་པའི་འཕེལ་རྒྱས་ཁྲོད་ནང་གནས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་དགེ་བཟོ་པས་ཞིས་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་
སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱས་ནས།བླ་སྲོག་ཡོད་པའི་མི་གསོ་སྐྱོང་།  ཀུན་སྤྱོད་ལྡན་པའི་མི་སྐྱེད་སྲིངགི་ལས་ཀའི་བླང་བྱ་ལྟར།  སློབ་གྲྭའི་དོ་དམ་ལ་
ཤུགས་སྣོན་དང་།  བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་འབུར་ཐོན་ཡོང་དགོས་ལ།  དགེ་རྒན་གྱི་སློབ་ཁྲིད་འཇོན་ཐང་ཇེ་མཐོ་དང་།  སློབ་མའི་དགའ་ཕྱོགས་ཁྱད་ཆོས་སྐྱེད་སྲིང་
བཅས་བྱས་ཏེ།  སློབ་གྲྭ་དེ་སློབ་མ་འཚར་ལོངས་འཇོན་ཐང་ཡོང་བའིམེ་ཏོག་གླིང་ཁཞིག་ཏུ་བསྒྱུར་དགོས།   ཧུར་ཐག་གིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་
འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་སྒོས།  འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསར་པ་ཚད་ལྡན་
གསོ་སྐྱོང་བྱེད་དགོས་པར་བསྟན།


       བུའུ་ཡུས་ཀྲང་གིས་བསྟན་དོན།  ལོ༦༥མགོ་ལོག་སྲིད་སྐྱོང་ལོ་རྒྱུས་ཁྲོད་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་ལམ་རིམ་འདུས་ཡོད་ལ།  ལོ༤༠བཅོས་
བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་གྲུབ་འབྲས་ཁྲོད་མགོ་ལོག་སློབ་གསོའི་འཕོ་འགྱུར་ཆེན་མོའང་མངོན་ཡོད། ལྷག་པར་དུ་ཉེ་བའི་འགའི་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་
ཕན་ཡོན་ལྡན་པའི་གོ་སྐབས་ཁག་དམ་འཛིན་སྒོས། ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཨུ་ཞིང་སྲིད་གཞུང་གི་སློབ་གསོའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་
ནས། རང་འགན་གཙང་ལེན་དང་དངོས་སྒྲུབ་དོན་གཉེར་བྱས་ཤིང་།  རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལོ ༡༥ རིན་མེད་སློབ་གསོ་ལོ་གཅིག་གིས་སྔོན་ལ་ཁྱབ་གདལ་དུ་བཏང་
ནས།  ཁུལ་ཡོངས་ཀྱི་ལོ༢༠ཡན་གྱི་དགེ་རྒན་ལས་གནས་གྱི་ཕོགས་སྣོན་སྲིད་ཇུས་དོན་འཁྱོལ་བྱས།  མུ་མཐུད་དུ་སློབ་གྲྭའི་སློབ་སྒྲུབ་མཁྲེགས་ཆས་རྨང་གཞིར་ཤུགས་སྣོན་དང་
ལེགས་བཅོས་སྒོས།  ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་སློབ་སྐྱོར་ལམ་སྲོལ་བཙུགས་ཤིང་།   ཧྲང་ཧའེ་དང་མགོ་ལོག་གི་སློབ་གསོའི་རོགས་སྐྱོར་མཉམ་སྒྲུབ་གཏིང་ཟབ་ཏུ་བཏང་
ནས། རིམ་པ་མང་བའི་དགེ་རྒན་གསོ་སྦྱོང་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་སྤེལ།  ཆུ་ཚད་མཐོ་བའི༼ཟི་ལིང༽མགོ་ལོག་སློབ་འབྲིང་བཙུགས་ཤིང་།  ཧུར་ཐག་གིས་མགོ་ལོག་
སློབ་གསོ་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་ངང་དོ་སྙོམས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས།  འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པ་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་
དང་ཏང་གི་མི་རིགས་སྲིད་ཇུས་ལས་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ལས་བྱུང་། དར་རྒྱས་ཆེ་བའི་ས་ཁུལ་གྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བས། ང་
ཚོས་ཏང་གི་དྲིན་ཚོར་བ་དང་། གཙོ་འཛིན་གྱི་དྲིན་ཚོར་བ།  རླབས་ཆེན་གྱི་དུས་རབས་འདིའི་བཀའ་དྲིན་ཚོར་དགོས་པར་བསྟན།

       ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དུ་འཚམས་འདྲི་གནང་སྐབས། བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་
རབས་གསར་པའི་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་ལ་སྔར་ལས་མཐོ་བའི་བླང་བྱ་གསར་བཏོན་ཞིང་།བླ་སྲོག་ཡོད་པའི་མི་གསོ་སྐྱོང་། ཀུན་སྤྱོད་ལྡན་པའི་མི་སྐྱེད་
སྲིངགི་བླང་བྱ་ལྟར།  དོ་དམ་ལ་ཤུགས་སྣོན་དང་ནུས་པ་འདོན་སྤེལ།  འཇོན་ཐང་ཇེ་ཆེར་གཏོང་བའི་ཐད་ལ་འབད་བརྩོན་བྱེད་དགོས། དོ་དམ་ཆུ་ཚད་མཐོ་རུ་གཏོང་བ།
སློབ་གྲྭའི་འགོ་ཁྲིད་ཚན་ཁག་གིས་ཚན་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས། ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་དང་མཚོ་སྐྱོར་སློབ་གཙོའི་བདམས་སྦྱོར་གྱི་དགེ་
ཕན་གོ་སྐབས་དམ་འཛིན་སྒོས། ཏང་གིས་སློབ་གསོའི་ལས་དོན་ལ་སྣེ་ཁྲིད་པར་ཤུགས་སྣོན་དགོས། སློབ་གྲྭའི་འཕེལ་རྒྱས་དང་སློབ་མའི་དགོས་མཁོའི་དོན་དངོས་ལ་གཞི་ཚུགས་
ནས།   དོ་དམ་མཐུན་སྦྱོར་དང་གནད་དོན་ཐག་གཅོད་སྒོས། ཧུར་ཐག་གིས་སློབ་གསོའི་ལམ་སྲོལ་གསར་གཏོད་བྱེད་དགོས།  སློབ་གྲྭའི་ཚན་ཁག་དང་དགེ་རྒན་དཔུང་ཁག་
འཛུགས་སྐྱོང་ལ་ཤུགས་བསྣན་ནས།  རྒྱུན་མ་ཆད་པར་སློབ་ཁྲིད་ཁོར་ཡུག་སྒྱུར་བཅོས་དང་ལེགས་སྒྱུར་སྒོས། མགོ་ལོག་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པར་
སྐུལ་འདེད་བྱེད་དགོས། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ།  སློབ་གྲྭའི་ཏང་རྩ་འཛུགས་ཀྱི་འགྱུར་མེད་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ནས།
ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་སློབ་གྲྭའི་བསམ་བློའི་ཆབ་སྲིད་གཞུང་ལུགས་སློབ་ཁྲིད་ཀྱི་དགེ་རྒན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་
གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་དགོས། དགེ་སློབ་ཀྱི་ཀུན་སྤྱོད་སློབ་གསོ་དམ་འཛིན་ཡག་པོ་སྒོས། མུ་མཐུད་དུ་དགེ་རྒན་དཔུང་ཁག་གི་བསམ་བློའི་ཆབ་
སྲིད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་ལ། སློབ་མའི་བསམ་བློའི་སློས་གསོའི་ཁྲིད་སྟོན་དམ་འཛིན་ཡག་པོ་སྒོས། སློབ་མར་ཡང་དག་པའི་ལྟ་བ་གསུམ་འཛུགས་པར་
རོགས་སྐྱོར་གནང་སྟེ། སྤུས་ཚད་མཐོ་ཞིང་རིག་གནས་ཡོད་པའི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་ཚད་ལྡན་གསོ་སྐྱོང་བྱེད་དགོས། དགེ་རྒན་དཔུང་ཁག་གི་ཆུ་ཚད་
མཐོ་རུ་གཏོང་བ། ཧྲང་ཧའེ་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་བར་འགྲོ་འོང་བརྗེ་རེས་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་གྱི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སློབ་
གྲྭའི་སློབ་ཁྲིད་བཀོད་སྒྲིག་དང་ཆེད་ལས་སློབ་ཁྲིད་གྱི་ཞན་ཆ་གཞིར་བཟུང་ནས།  དམིགས་གཏད་རང་བཞིན་གྱི་ཁ་ཕྱོགས་གཏན་ཁེལ་གསོ་སྦྱོང་དང་། ཚོགས་སྒྲིག་སློབ་སྐྱོར།
ཤེས་ལྡན་མི་སྣ་ནང་འདྲེན་བཅས་བྱེད་དགོས། གསོ་སྦྱོང་སློབ་ཁྲིད་ཁྲོད་སྔོན་ཐོན་ས་ཁུལ་གྱི་སློབ་ཁྲིད་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས།  དགེ་རྒན་གྱི་ལས་སྒོའི་ཆུ་ཚད་མཐོ་
འདེགས་སུ་གཏོང་དགོས་ལ། མགོ་ལོག་ལ་དགོས་མཁོ་ཆེ་བའི་ས་གནས་ཀྱི་སློབ་ཁྲིད་མཁས་འཇོན་ཅན་སྐྱེད་སྲིང་བྱེད་དགོས། དགེ་རྒན་ཡོངས་ལ་ཤེས་བྱའི་འཇིགས་སྣང་དང་
སློབ་སྦྱོང་གི་མཁོ་གནད་འདུ་ཤེས་ཡོད་དགོས་ལ།  ལས་སྒོའི་ནུས་པ་མཐོ་རུ་གཏོང་བ་དང་བསྟུན་ནས།   རང་འགུལ་ངང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཤེས་བྱའི་ཁ་གསབ་ལ་
ཤུགས་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་སྤྱོད་ཀྱི་རང་རྟོགས་སུ་བསྒྱུར་ནས། ནང་གནས་བློ་སྦྱོང་མཐོ་འདེགས་དང་འཇོན་ཐང་ཇེ་ཆེར་གཏོང་དགོས། བློ་ཁོག་ཡངས་ཤིང་
མཐོང་རྒྱ་ཆེ་དགོས་ལ།  ནན་ཏན་སྒོས་དགེ་རྒན་གྱི་འགན་འཁྲི་བསྒྲུབས་སྟེ། ལས་བཀུར་ལས་གཅེས་དང་གཟབ་ནན་སློབ་གཉེར་སྒོས་བྱ་བའི་ཁྲོད་དམ་བཅའ་ལག་ལེན་དང་
རིན་ཐང་མངོན་འགྱུར་བྱེད་དགོས། ཆབས་ཅིག་སློབ་གྲྭ་གཞན་གྱི་ཐོན་ཁུངས་མཉམ་སྤྱོད་དང་བརྗེ་རེས་མཉམ་སྤེལ་སྒོས།  རྒྱང་རིང་སློབ་ཁྲིད་སོགས་དེང་རབས་ཅན་གྱི་བྱ་
ཐབས་བེད་སྤྱོད་ཡག་པོ་བྱས་ནས། མུ་མཐུད་དུ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་འདེགས་སུ་གཏོང་དགོས་པར་བསྟན།

       ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་འཚམས་འདྲི་གནང་སྐབས། བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན།  དགེ་རྒན་ནི་ཉི་འོད་ཁྲོད་ཀྱི་ཆེས་འོད་སྟོང་འཕྲོ་བའི་
ལས་རིགས་ཤིག་ཡིན་ལ། རྒྱ་ཆེ་དགེ་རྒན་ཚོ་ཆེས་བླ་ན་མེད་པའི་དཔེ་ཁྲིད་མི་སྐྱོང་གི་ལས་གནས་ཐོག  འགན་འཁྲིར་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྗིད་པས། དུས་
ནམ་ཡང་ལས་འགན་བློ་ལ་བརྟན་པོར་ངེས་ནས།  རྒྱུན་མ་ཆད་པར་གཞན་དོན་དུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་བཏང་སྟེ།  དུས་རབས་གསར་པའི་ཁྲོད་དུ་
མགོ་ལོག་འཛུགས་སྐྲུན་གྱི་མི་གསར་པ་དང་ཚད་ལྡན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས།  ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ནི་ཁུལ་ཡོངས་ཀྱི་གཙོ་གནད་ལས་རིགས་
ལག་རྩལ་སློབ་གྲྭ་ཡིན་པའི་ངོས་ནས།  མཐུན་འཕྲོད་རང་བཞིན་གྱི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྗིད་མོ་ཞིག་ཁུར་ཡོད་ལ།  སློབ་གྲྭ་གསར་པའམ་
སློབ་གླིང་གསར་པའི་རྣམ་པ་གསར་པ་དང་བྱེད་ཕྱོགས་གསར་པ་དེ་བས་ཀྱང་མངོན་པར་བྱེད་དགོས།   དུས་ནམ་ཡང་སློབ་སྒྲུབ་སློབ་གཉེར་དོ་དམ་ལ་དམ་འཛིན་ཡག་པོ་
སྒོས།  འགན་འཁྲི་གཏན་ཁེལ་དང་ལས་འགན་ཞིབ་ཚགས། ལམ་སྲོལ་འཐུས་ཚང་དུ་བཏང་ནས། སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འཇོན་ཐང་མཐོ་རུ་གཏོང་དགོས།
སློབ་ཁྲིད་ཞིབ་འཇུག་དང་ཆེད་ལས་སློབ་ཚན་བཀོད་སྒྲིག་སོགས་ཀྱི་ཐད་ལ་གསར་གཏོད་ལག་ལེན་དར་སྤེལ་སྒོས།   སློབ་གྲྭའི་དོ་དམ་སློབ་ཁྲིད་ཐད་ལ་ཡར་རྒྱས་གསར་པ་
ཡོང་བར་སྐུལ་འདེད་བྱེད་དགོས།  ཐོག་མཐའ་བར་གསུམ་དུ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས། ལས་རིགས་སློབ་གསོའི་འཕེལ་རྒྱས་བླང་བྱ་
དང་མགོ་ལོག་སློབ་གསོའི་འཕེལ་རྒྱས།  དེ་བཞིན་དུ་ཤེས་ལྡན་མི་སྣའི་གསོ་སྐྱོང་དགོས་མཁོ་ལྟར།   རིམ་པ་ཁག་གི་དགེ་རྒན་གྱི་སློབ་སྦྱོང་དང་ལས་སྒོའི་གསོ་སྦྱོང་ལ་དམ་
འཛིན་ཡག་པོ་བྱས་ནས། ཁོང་ཚོར་ལས་ཀའི་ཁོར་ཡུག་དེ་བས་ཀྱང་ལེགས་པོ་ཞིག་མཁོ་འདོན་བྱེད་དགོས།  དགེ་རྒན་ཡོངས་དང་ལྷག་པར་དུ་གསར་དུ་ལས་གནས་སུ་ཐོན་
པའི་ན་གཞོན་དགེ་རྒན་གྱིསཡོན་ཏན་ཅན་དགེ་རྒན་དུ་བརྟེན་པ། ཀུན་སྤྱོད་ཅན་མིག་དཔེ་རུ་བཟུང་བའིབསམ་བློ་བརྟན་པོ་བཙུགས་ནས། དཀའ་སྤྱད་འབད་བརྩོན་
གྱིས་བདེ་བ་སྙེགས་པའི་བསམ་བློས་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ཐུབ་དགོས།  སློབ་སྦྱོང་ལ་ཤུགས་
བསྣན་ནས་རྒྱུན་མ་ཆད་པར་ཆེད་ལས་ཤེས་བྱ་གསར་སྒྱུར་སྒོས། རྩལ་ནུས་སྣ་གཅིག་ཁོང་དུ་ཆུད་ཅིང་རྩལ་ནུས་སྣ་མང་འཛོམས་པར་བྱས་ནས། ཏན་ཏིག་གིས་སློབ་ཁྲིད་ཀྱི་
ཆུ་ཚད་དང་འཇོན་ཐང་མཐོ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་སློབ་མ་གཙོ་བོར་བཟུང་ནས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་རྩ་བའི་ལས་འགན་
དུ་འཛིན་དགོས་ལ།  སློབ་མའི་བསམ་བློའི་ཀུན་སྤྱོད་སློབ་གསོར་ཤུགས་བསྣན་ནས།  ཤེས་བྱ་དང་རྩལ་ནུས་དེ་བས་ཀྱང་ལེགས་པའི་སྒོ་ནས་སློབ་ཁྲིད་བྱེད་དགོས།  དུས་
མཚུངས་སུ་སློབ་མར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།  མི་ཚེའི་ལྟ་བ།  རིན་ཐང་ལྟ་བ་བཅས་ཚུགས་པར་ཁྲིད་སྟོན་སྒོས།  སློབ་མར་ཏང་ལ་དགའ་ཞེན་དང་། རྒྱལ་
ཁབ་ལ་དགའ་བ། གཙོ་འཛིན་ལ་དགའ་བ།  མགོ་ལོག་ལ་དགའ་བ།  ཕ་ཡུལ་ལ་དགའ་བའི་བསམ་བློའི་འདུ་ཤེས་སྐྱེད་སྲིང་བྱེད་དགོས། སློབ་མ་རེ་རེ་ཆེད་ལས་ལ་མཁས་
ཤིང་རྩལ་ནུས་འཛོམས་པ། སྤྱོུད་ལམ་བཟང་བའི་སྤྱོད་གོ་ཅན་གྱི་ཤེས་ལྡན་མི་སྣ་ཞིག་གསོ་སྐྱོང་བྱས་ཏེ། མགོ་ལོག་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་སྟོབས་
ཤུགས་ལེགས་སྐྱེས་འབུལ་དགོས་པར་བསྟན།
      
ཀྲང་ཤིན་བུན་དང་ཧན་ཧེ་ཧོན། དེ་བཞིན་ཁུལ་ཨུའི་གཞུང་ལས་ཁང་། ཁུལ་སློབ་གསོ་ཅུས་ཀྱི་འགན་ཁུར་བློ་མཐུན་རྣམས་དང་ལྷན་དུ་ཕེབས།

                                                                                                          རྩོམ་སྒྲིག་པ། མཁར་བྱམས་ཡག

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།