ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
མཚོ་སྔོན་ཞིང་ཆེན་གྱིས་དཔེ་སྟོན་དགེ་རྒན་དང་སློབ་སྐྱོར་ཕུལ་བྱུང་དགེ་རྒན་གྱི་གཟེངས་བསྟོད་ཚོགས་འདུ་གཟབ་རྒྱས་ངང་བསྡུས།
འབྱུང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། 2019/9/9

 

      ཟླ9པའི་ཚེས9ཉིན། དགེ་རྒན་དུས་ཆེན་སྐབས35བསུ་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་དགེ་རྒན་དང་སློབ་སྐྱོར་ཕུལ་བྱུང་དགེ་རྒན་
གྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་འཚོགས་པ་དང་།   ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་དགེ་རྒན་གྲགས་ཅན་དང་སློབ་གཙོའི་གཞུང་སྒྲུབ་ཁང་གྲགས་ཅན་གྱི་སྒོ་
བྱང་སྤྲད་པ་རེད།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་
ཀྲང་ཞིས་མེན་གྱིས་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཚོགས་འདུར་འགོ་འཛིན་བྱས།
      
གཟེངས་བསྟོད་ཐོབ་པའི་དགེ་རྒན་གྱི་འཐུས་མིས་གཏམ་བཤད་གནང་རྗེས། ཀྲང་ཞིས་མེན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་
ཆེན་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་དང་། སློབ་གསོ་ལས་སྒྲུབ་པ། ལས་འཁྱུར་ངལ་གསོ་བྱེད་ལ་ཉེ་བའི་དགེ་རྒན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། གཟེངས་
བསྟོད་ཐོབ་པའི་དགེ་རྒན་རྣམས་ལ་ལྷག་བསམ་འཁོལ་བའི་རྟེན་འབྲེལ་ཞུས། ཁོས་རྒྱ་ཆེའི་དགེ་རྒན་རྣམས་གྱིས་ཏང་དང་རྒྱལ་ཁབ་ལ་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པའི་བླ་
ན་མེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་མཐའ་
འཁྱོངས་ཀྱིས་འཇོན་མི་གསོ་སྐྱོང་གི་ཁ་ཕྱོགས་སྔར་བས་ཡང་དག་པ་དང་། བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དར་སྤེལ། ལས་སྒོ་སྦྱོང་བརྡར། འཇོན་མི་གསོ་སྐྱོང་གི་འགན་
འཁྲི་གཙང་སྒྲུབ་བཅས་བྱས་ཏེ་སློབ་མའི་བསམ་བློ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ།  ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་
ནན་བཤད་གནང་བ་མ་ཟད།   རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་འཇོན་མི་གསར་པ་གསོ་
སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་སྒོས་དགེ་རྒན་ལ་སེམས་ཁུར་དང་དཔེ་མཚོན་དྲིལ་བསྒྲགས་
བྱེད་པའི་བརྒྱུད་རིམ་ཁྲོད། སློབ་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྤྱི་ཚོགས་ཡོངས་སུ་སྔར་ལས་
ལྷག་པའི་སྒོ་ནས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ཐེངས་འདིའི་སྒོ་བྱང་སྤྲད་པའི་ཞིང་ཆེན་རིམ་
པའི་དགེ་རྒན་གྲགས་ཅན་དང་སློབ་གཙོ་གྲགས་ཅན་གཞུང་སྒྲུབ་ཁང་གིས་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཁྱབ་ཁོངས་དེ་བས་ཆེ་བའི་ནང་དཔེ་སྟོན་སྣེ་ཁྲིད་ཀྱི་ 
ནུས་པ་འདོན་སྤེལ་བྱེད་དགོས་པར་བསྟན།།

                                                                                                         རྩོམ་སྒྲིག་པ། མཁར་བྱམས་ཡག


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།