ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
མཚོ་སྔོན་ཞིང་ཆེན་གྱི་ལི་ཧུང་ཀྲན་སོགས་མི9ལ་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བཞུགས་མོལ་ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པ།
འབྱུང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། 2019/9/7

 

       ཟླ9བའི་ཚེས5ཉིན། ཀྲུང་དབྱང་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བཞུགས་མོལ་ཚོགས་འདུ་དང་བྱ་
དགའ་གནང་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་།   མཚོ་སྔོན་ཞིང་ཆེན་གྱིས་འོས་སྦྱོར་བྱས་པའི་འདེམས་སྒུག་མི་སྣ་ལི་ཧུང་ཀྲན་ལ་སྐབས་བདུན་པའི་རྒྱལ་ཡོངས་ཀྱི་
གཞུང་དྲང་དཔེ་བཟང་མི་སྣ་དང་། ཀྲང་རེན་པང་དང་། ཞུས་ཤན་ཅུན། ཝང་ཞའོ་ཅུན། ལི་ཅིང་། ཆོས་དབྱངས་སྐྱིད།  མ་ཀྲའོ་ཧུང་། ལུའུ་ཧྲི་ཧྲུའེ། ཡོན་ཏན་ཚེ་དབང་སོགས་མི8
ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མི་སྣའི་མཚན་སྙན་བྱ་དགའ་གནང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་།  ཞིང་ཆེན་
དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཞི་མིང་དང་རང་ཞིང་གི་བྱ་དགའ་ཐོབ་པའི་འཐུས་མི་བཅས་ཚོགས་འདུར་ཞུགས་པ་རེད། 
      
བཞུགས་མོལ་ཚོགས་འདུ་རྗེས་སུ་ཀྲང་ཞི་མིང་གིས་ཅིང་ཤིས་མགྲོན་ཁང་དུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣ་དང་མཚན་
སྙན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་ཐུག་འཕྲད་བྱས་པ་དང་དྲན་རྟེན་གྱི་སྐུ་པར་བསྐྱོན་པ་རེད། ཁོང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོས་ཀྲུང་གོ་གསར་པ་དབུ་བརྙེས་
ནས་ལོ70འཁོར་བར་བསུ་བ་ཞུ་བ་དང་ཆབས་ཅིག མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི་ཉིན་མོར། ཀྲུང་དབྱང་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས་རང་ཞིང་
གི་བློ་མཐུན9ལ་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣ་དང་མཚན་སྙན་བྱ་དགའ་གནང་བ་མ་ཟད། ད་དུང་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་བྱམས་བརྩེའི་
ངང་མཇལ་འཕྲད་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ལ་ཉན་པའི་སྐལ་བཟང་བྱུང་བ་དང་། དེས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་
ཀྱིས་ཀུན་སྤྱོད་དཔེ་བཟང་མི་སྣའི་སྙིང་སྟོབས་དང་ཀུན་སྤྱོད་ལ་བསྔགས་བརྗོད་ཆེན་པོ་གནང་བ་མཚོན་ཡོད་པ་དང། འདི་ནི་བྱ་དགའ་ཐོབ་མཁན་མི་སྣའི་བླ་ན་མེད་པའི་མཚན་
སྙན་ཞིག་ཡིན་ལ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཞིག་ཀྱང་རེད་ཞེས་བསྟན།།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།