ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> ཏང་གི་མང་ཚོགས་ལམ་ཕྱོགས།
མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་མཚོ་སྔོན་ཟློས་གར་ཁང་ཆེ་མོར་འཚོགས་པ།
འབྱུང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། 2019/9/5

 

       ཟླ་9པའི་ཚེས་5ཉིན་གྱི་དགོང་མོར། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་མཚོ་སྔོན་ཟློས་གར་ཁང་
ཆེན་མོར་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་
པ་དང་།  ཧྲིན་ཀྲང་ལིའུ་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། དེ་སྔའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཞིང་ཆེན་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་
ཀྲུའུ་རེན་པད་མ། ཞིང་ཆེན་འགོ་ཁྲིད་ཝང་ཞའོ་དང་། ཐེང་ཅ་ཚའེ། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚུང་ལེ། མ་ཅིས་ཞའོ། ཆུས་ཤིན་ཡུང་། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན།
ལིའུ་ཐོང་ཏི། ཝང་ལིས་མིང་། ཀྲང་ལིས། ཝང་ཞའོ་ཡུང་། རིན་ཆེན་དབང་རྒྱལ། ཝང་ཞོན། ཏུའུ་ཏེ་ཀྲི། ཁྲེན་མིང་གོ། ལིས་ཙའེ་ཡོན། ལུའུ་ཀོང་ཡུང་བཅས་ཀྱིས་ཡུལ་དངོས་ལྟད་
མོ་བ་ཆིག་སྟོང་ལ་ཉེ་བ་དང་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
     
1949ལོའི་ཟླ་8པར་ལན་ཀྲོའུ་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་རྗེས། བཅིངས་འགྲོལ་དམག་རྨ་ཆུར་བརྒལ། ཟླ་9པའི་ཚེས་5ཉིན། དམར་དམག་དཔུང་ཁག་དང་
པོས་ཟི་ལིང་བཅིངས་འགྲོལ་བཏང་བས་མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དབྱང་ཀོའི་ཞབས་བྲོ་འཁྲབ་ནས་གཉེན་ཉེ་བཅིངས་འགྲོལ་དམག་ལ་བསུ་མ་བྱས།
ནུབ་བྱང་བཅིངས་འགྲོལཞེས་པའི་ཞབས་བྲོའི་ཁྲོད་རྟག་གཏན་གྱི་ཕྱིར་དྲནཞེས་པའི་དགོང་ཚོགས་ཀྱི་འཁྲབ་ཡོལ་ཕྱེས་ཤིང་།   དགོང་ཚོགས་ཀྱི་སྟོད་ཆ
འབད་འབུངས་ཡར་བརྩོནཞེས་པའི་ནང་། ཡུལ་ལྗོངས་བྲོ་གར་ང་ཚོའི་ན་གཞོན་ཚོའི་མེ་ལྟར་འབར་བའི་སེམས་ཤུགསདང་རྩད་ཞིབ་རུ་མིའི་གླུ་གཞས
ངས་མེས་རྒྱལ་ལ་རྡོ་སྣུམ་འབུལ་བ》《མཁའ་མཐའི་ལམདང་། ཞབས་བྲོ་རྡུལ་ཕྲན་གྲོང་གི་གཏམ་རྒྱུདསོགས་ཀྱིས་དུས་རབས་གོང་མའི་ལོ་རབས་50པ་
ནས་70པའི་བར་གྱི་གསོན་ཉམས་དོད་པའི་མཚོ་སྔོན་གྱི་མི་རིགས་ཁག་གི་བུ་ཕྲུག་དང་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བཟོ་པ།  ཤེས་ཡོན་ཅན། བཅིངས་འགྲོལ་
དམག་གི་དཔོན་དམག་སོགས་མཉམ་གཅིག་ཏུ་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་གཞག་ནང་ཞུགས་པའི་རྣམ་པ་མངོན་ཡོད།  སྨད་ཆ
འོད་སྟོང་ལྡན་པའི་ལོ་རྒྱུས་མཉམ་སྐྲུན
ཞེས་པའི་ནང་།རེ་བའི་ཞིང་སཞེས་པའི་ཞབས་བྲོ་དང་། རམ་འདེགས་རོལ་དབྱངས་ལ་བརྒྱུས་པའི་གཙང་གསུམ་འབྱུང་ཡུལ་ལ་བསྟོད་པའིསྙན་ངག་གྱེར་འདོན།
སླར་ཡང་གླུ་གཞས་བླངས་ནས་ཏང་ལ་བསྟོད》《ང་ཚོ་མཚོ་སྔོན་གསར་པར་འགྲོ》《ང་ཚོ་ཚང་མ་ཕུགས་འདུན་འཚོལ་མཁན་ཡིནསོགས་དང་།  དམག་
ཤུགས་ཆེ་བའི་འཐབ་གླུ
ཞེས་པའི་གླུ་གཞས་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག   མཚོ་སྔོན་གྱི་མི་རབས་དང་མི་རབས་མང་པོས་མཐོ་
སྒང་གི་སྙིང་སྟོབས་དང་། རྡུལ་ཕྲན་གཉིས་དང་འཁོར་སྐར་གཅིག” “ཁྱད་ཆོས་ལྔའིམཚོ་བོད་མཐོ་སྒང་གི་སྙིང་སྟོབས། ལམ་གཉིསཀྱི་སྙིང་སྟོབས།  ཡུལ་ཤུལ་ཡོམ་
འགོག་གེགས་སེལ་གྱི་སྙིང་སྟོབས།  གཞན་ལས་ལྡབ་འགྱུར་གྱིས་སྟོབས་ཤུགས་འབུལ་བའིསྐུལ་ལྕག་འོག་མཐོ་སྒང་འདི་རུ་གཞི་ཚུགས། སྒེར་སེམས་མེད་པའི་ལེགས་སྐྱེས་དང་
འབད་པ་ལྷུར་ལེན་གྱིས་མི་ཡུལ་ལ་གནམ་ས་གཡོ་བའི་ངོ་མཚར་བསྐྲུན་པ་དང།  གཞི་རྒྱ་ཆེ་བའི་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱས།
མུ་མཐུད་དུ་འབད་བརྩོནཞེས་
པའི་མཇུག་མཐའི་ལེ་ཚན་ནང་
དུས་རབས་གསར་པའི་མདུན་སྐྱོདདང་མེས་རྒྱལ་ལ་བསྟོད་གླུ་འབུལ་བཞེས་པའི་མཉམ་ལེན་ཁྲོད་དགོང་ཚོགས་ཀྱི་ནང་དོན་ཕུན་
སུམ་ཚོགས་པའི་ངང་མཇུག་སྒྲིལ་བ་རེད། །



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།