ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གིས་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་དགའ་བསུ་ཞུ་བ་དང་ཐེངས35དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ། སློབ་གསོའི་གས་དོན་གཟེངས་བསྟོད་ཚོགས་ཆེན་དང་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་སྤེལ།
འབྱུང་ཁུངས།: 2019/9/10

                                                                    

                                                                 

       རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པ་དང་རྒྱལ་ཡོངས་ཀྱི་ཐེངས35དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། དགེ་རྒན་ལ་གུས་བཀུར་དང་སློབ་གསོར་
མཐོང་ཆེན་བྱེད་པའི་
གོམས་སྲོལ་བཟང་པོ་སྔར་བས་དར་སྤེལ་གཏོང་བ་དང་། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ། རྒྱ་ཆེའི་དགེ་རྒན་དང་སློབ་གསོ་གཉེར་མཁན་རྣམས་ཀྱི་ལས་
གཅེས་ལས་བརྩོན་དང་སློབ་གསོའི་བྱ་
གཞག་ལ་རང་ནུས་གང་ཡོད་ཀྱིས་བྱས་རྗེས་འཇོག་པར་སྐུལ་ལྕག་གཏོང་བ་དང་།  པདྨའི་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་
འགྲོ་རྒྱུར་སྐུལ་འདེད་གཏོང་ཕྱིར། ཐེངས35དགེ་
རྒན་དུས་ཆེན་སླེབ་ལ་ཉེ་བའི་དུས་འདིར་པདྨ་རྫོང་གིས་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་དགའ་བསུ་ཞུ་བ་དང་།
ཐེངས35དགེ་རྒན་དུས་ཆེན་གྱི་སློབ་གསོའི་ལས་དོན་གཟེངས་བསྟོད་ཚོགས་ཆེན་དང་
རིག་རྩལ་འཁྲབ་སྟོན་ཟླ9བའི་ཚེས8ཉིན་གྱི་སྔ་དྲོར་རྫོང་མི་རིགས་ལུས་རྩལ་ར་བ་ནས་་་་
གཟབ་རྒྱས་
ངང་འཚོགས། ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་རྨང་གཞི་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་ཡིན།  ཁུལ་ཨུའི་རྒྱུན་ཨུ།  རྫོང་ཨུའི་
ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་
དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རེན་དབང་འབུམ་ཚེ་རིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ། རྫོང་
སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲང་ཨན་སའེ།  རྫོང་ཨུའི་ཧྲུའུ་ཅི་
གཞོན་པ་ལི་གཡང་དཀར།  རྫོང་ཨུའི་རྒྱུན་ཨུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས།  རྫོང་ཨུའི་རྒྱུན་ཨུ་དང་སྒྲིག་
ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའམ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིའུ་ཆིང་ཝུའུ།  རྫོང་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཨ་འཛི་བསུ་ཐར་དང་རྟ་
མགྲིན་
རྡོ་རྗེ། དོན་ཆུང་། རྫོང་སྲིད་གཞུང་གི་རྫོང་དཔོན་པ་ཀརྨ་སྐྱིད་དང་ཝང་ཀྲི་ཀང་། ཀྲང་ཞིན། རྫོང་ཞིབ་དཔྱོད་ཁང་གི་འགོ་འཛིན་པདྨ་ལྷུན་འགྲུབ་དང་རྫོང་མི་དམངས་
ཁྲིམས་ཁང་གི་ཡོའན་ཀྲང་
ཀྲའོ་ཀྲི་ཞོན་བཅས་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་སོགས་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་ལ་རྫོང་ཨུའི་རྒྱུན་ཨུ་རྫོང་སྲིད་
གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་རྒྱལ་འབུམ་
འཁྲུངས་ཀྱིས་མགོ་འཛིན་མཛད།

ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་གླུ་སྐད་ཁྲོད་ནས་མགོ་བརྩམས་པ་ཡིན་ལ།  ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་པདྨ་རྫོང་གི་ཚན་ཁག་ཆེན་
པོ་བཞི་དང་
རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཤིས་ཚིག་གནང་བ་མ་ཟད། རྫོང་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་གཉེར་
མཁན་རྣམས་ལ་དུས་ཆེན་གྱི་
འཚམས་འདྲི་ཞུས་པ་དང་།   ཐེངས་འདིའི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་
འབྲེལ་ཞུས།
      
ཤ་བོ་སྐྱབས་ཀྱིས་བསྟན་རྒྱུར། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དེ་ཡིན་ལ། རྫོང་ཨུ་དང་རྫོང་སྲིད་
གཞུང་གིས་སྔར་ནས་སློབ་
གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་།   ཐོག་མཐའ་བར་གསུམ་དུ་སློབ་གསོ་སྔོན་ལ་གོང་འཕེལ་གཏོང་རྒྱུའི་འཐབ་ཇུས་ཀྱི་གནས་
བབ་ཐོག་བཞག་སྟེ"མི་དམངས་ཡིད་ཚིམ་པའི་
སློབ་གསོ་ཡག་པོ་གཉེར་རྒྱུའི"ལྟེ་བར་དམ་པོར་དམིགས་པ་དང་།   དྲང་གཞག་ལ་སྐུལ་འདེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུའི་
ལས་འགན་ཆེན་པོ་གཉིས་དམ་འཛིན་ནན་མོ་བྱས་ནས"མཚོ་སྔོན་ལྷོ་
རྒྱུད་འབྲོག་ཁུལ་གྱི་སློབ་གསོ་གོང་འཕེལ་གཏོང་བའི་དཔེ་སྟོན་རྫོང"འཛུགས་སྐྲུན་ལ་ཤུགས་རྒྱག་དགོས།
གཅིག་ནི་སློབ་གསོའི་སྤུས་ཚད་བརྟན་པོའི་ངང་ཇེ་མཐོར་སོང་བ། 2014ལོ་ནས2018
ལོའི་བར་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་བསྟུད་མར་ལོ་ལྔ་ལ་ཁྱོན་ཡོངས་ཀྱི་ཨང་
དང་པོ་ཐོབ་པ་
དང་། 2015ལོ་ནས2018ལོའི་བར་དུ་ཁུལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་ཁྲོད་ལོ་བཞིར་བསྟུད་མར་ཁུལ་ཡོངས་ཀྱི་ཨང་དང་པོ་ཡིན།  གཉིས་ནི་སློབ་
གསོའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་
སོང་སྟེ། འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱལ་ཁབ་ཀྱི་དཔྱད་དཔོག་ཁས་ལེན་ཐོབ་ཡོད་ལ།  རྫོང་ཡོངས་
ཀྱི་ཞང་བརྒྱད་དང་གྲོང་རྡལ་གཅིག་ཏུ་བྱིས་སྐྱོང་ཁང་ཚང་མ་
ཡོངས་སུ་ཁྱབ་ཡོད་པ་དང་། སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད100%ཟིན་ཡོད། གསུམ་ནི་སློབ་སྒྲུབ་
ཆ་རྐྱེན་མུ་མཐུད་དུ་འཐུས་ཚང་དུ་སོང་བ། 
2018ལོར་སློབ་གསོའི་སྤྱིའི་གཏོང་སྒོ་སྒོར་ཁྲི11356ལ་སླེབས་པ་དེས་རྫོང་ཡོངས་ཀྱི་ནོར་སྲིད་སྤྱིའི་གཏོང་སྒོའི10%ཟིན་
ཡོད། མ་དངུལ་སྒོར་ཁྲི6401བཏང་ནས་སློབ་གསོའིཞན་ཆ་ཁྱོན་ཡོངས་ནས་ལེགས་སུ་གཏོང་བའིརྣམ་གྲངས་ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི་སློབ་ཁྲིད་ཐད་བཀོལ་
པའི་སློབ་ཁང་དང་། དགེ་སློབ་ཀྱི་
ཁང་པ། བྱིས་སྐྱོང་ཁང་།  སློབ་གྲྭའི་ལུས་རྩལ་ར་བ་སོགས་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འབོར་ཆེན་འཛུགས་སྐྲུན་བྱས་ནས་
འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་སློབ་
སྒྲུབ་ཆ་རྐྱེན་ཡོད་ཚད་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཚད་གཞིར་སླེབས་ཡོད་པ་རེད།  བཞི་ནི་སློབ་གསོ་སྒྱུར་
བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་བ།
  སློབ་གསོའི་དབུལ་སྐྱོར་སྲིད་
ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་།  སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་
གཞི་ལག་བསྟར་གཏིང་ཟབ་བྱས་པ། 
གསར་བརྗེའི་སློབ་གསོའི་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་།  པདྨ་རྫོང་མི་རིགས་སློབ་འབྲིང་བདེ་ལེགས་ངང་རྒྱལ་
ཡོངས་དམར་དམག་སློབ་ཆུང་འཛུགས་
སྐྲུན་ལས་གྲྭའི་ལས་འཛིན་ལྷན་ཚོགས་ཀྱིསཀྲུང་གོ་བཟོ་ཞིང་དམར་དམག་མཚོ་སྔོན་ཞིང་ཆེན་པདྨའི་དམར་དམག་སློབ་གྲྭཞེས་
མཚན་སྙན་གནང་པ་དང་།  ཡར་ཐང་ཞང་བཅའ་སྡོད་སློབ་ཆུང་དང་དྷི་མདའ་ཞང་པན་ཆེན་སྡེ་བའི་དམར་དམག་སློབ་ཆུང་
བཅས་ལ་དམར་དམག་སློབ་ཆུང་གི་ཡན་ལག་
སློབ་གྲྭའི་མཚན་སྙན་གནང་།ལྔ་སྐྱོདསློབ་ར་སོགས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ། སློབ་མ་ཐག་ཉེ་སར་སློབ་
ཞུགས་བྱེད་པ་དང་དུས་མཚུངས་གཅན་ཚ་རྫོང་དང་ཁྲི་ཀ་རྫོང་
བཅས་ས་ཆ་གཞན་དུ་སློབ་གཉེར་
བྱེད་པའི་སློབ་མ115ཡོད་པ་དང་། པེ་ཅིང་དང་། ཁྲུང་ཆིང་། ཧྲེན་དབྱང་། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་ཀྱི་ཁོངས་གཏོགས་སུ་མི
76ཡིས་སློབ་གཉེར་བྱེད་བཞིན་ཡོད་ལ། ཞིང་ཆེན་ཕྱི་ནང་དུ་སློབ་
མ་བསྡུ་བ་སོགས་ཀྱི་བྱ་ཐབས་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ལྔ་ནི་དགེ་རྒན་གྱི་དཔུང་སྡེ་མུ་མཐུད་
དུ་ཇེ་ལེགས་སུ་གཏོང་བ། 
སློབ་གྲྭ་ཆུང་འབྲིང་གི་ཏང་འཛུགས་སྐྱོང་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། རྫོང་
ཡོངས་ཀྱི་སྒྲིག་
ཁོངས་སུ་ཚུད་པའི་དགེ་རྒན269ཡོད་པ་དང་།  དེའི་ནང་སྒྲིག་ཁོངས་སུ་མེད་པའི་དགེ་རྒན179ཡོད་ལ།  ལས་ཀ་འདྲ་བ་དང་ཐོབ་ཆ་འདྲ་བའི་དགེ་རྒན
55གདན་ཞུ་བྱས་པ་དང་། དམིགས་བསལ་
ལས་གནས་ཀྱི་དགེ་རྒན11དང་མཚོ་སྔོན་ལྷོ་རྒྱུད་སློབ་སྐྱོར་དགེ་རྒན55ཡོད་པ། དོན་ལས་སྡེ་ཁག་དུ་ཤེས་ལྡན་མི་སྣ་མི་འདང་
བ་ནང་འདྲེན་སོགས་ཀྱི་བྱ་བ་བརྟན་བརླིང་སྐུལ་འདེད་བཏང་བ་དང་། སློབ་གསོའི་བདེ་སྡོད་ལས་གྲྭ། དགེ་རྒན་གྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་དོན་
འཁྱོལ་
བྱས་པ། སློབ་གསོའི་བགྲོ་གླེང་སྤེལ་རེས་དང་སྤུས་ལེགས་སློབ་ཁྲིད་དཔྱད་འདེམས། དྲ་ཐོག་ནས་སློབ་ཁྲིད་འགྲེམ་པ་སོགས་སློབ་དཔྱོད་སློབ་སྒྱུར་གྱི་བྱེད་སྒོ་ཕན་ནུས་ལྡན་པའི་
ངང་སྤེལ་ཡོད།
      
ཤ་བོ་སྐྱབས་ཀྱིས་བསྟན་རྒྱུར། དུས་བབ་གསར་པའི་འོག་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་བླང་བྱ་དང་། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་རེ་འདུན། ཞིང་
ཆེན་ཡོངས་དང་ཁུལ་
ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་བསྡུར་ཚེ་རང་རྫོང་གི་སློབ་གསོའི་ལས་དོན་ལ་སྔར་བཞིན་དཀའ་ངལ་དང་གནད་དོན་མང་པོ་ཡོད་
པ་དང་སློབ་གསོའི་བྱ་གཞག་རྒྱུན་མཐུད་
དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་སྔར་བཞིན་དཀའ་ཁག་ཡོད་པ་ང་ཚོས་ངེས་པར་དུ་་་་་་
གསལ་བོར་ཤེས་དགོས།  གཅིག་ནི་འོས་འགན་སློབ་གསོ་དོ་སྙོམས་ངང་
འཕེལ་རྒྱས་འགྲོ་བའི་རྨང་གཞི་ད་དུང་བརྟན་པོ་མིན་པ་དང་ཞང་དང་གྲོང་རྡལ་གྱི་སློབ་གསོའི་སློབ་
ཁྲིད་ཀྱི་སྤུས་ཚད་སྔར་བཞིན་ཞན་པ་དང་། 
གཉིས་ནི་སློབ་གསོའི་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་གཏིང་ཤུགས་ད་རུང་མི་འདང་བ་དང་སྐད་གཉིས་སློབ་གསོའི་
ཞིབ་འཇུག་
དང་ལག་ལེན་ད་དུང་གཏིང་ཟབ་མིན་པ། གསུམ་ནི་སློབ་གསོའི་མ་ལག་ད་དུང་སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་། སློབ་ཁྲིད་ཀྱི་བཟང་ཆ་མངོན་གསལ་
དོད་པོ་མིན་པ།
  རིག་གཞུང་ཚན་ཁག་གི་གྲུབ་ཆ་ལུགས་མཐུན་མིན་པ་དང་།  ཆེད་ལས་དགེ་རྒན་དཀོན་པ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ། གནད་དོན་
དང་ཧེ་བག་འདི་དག་ནི་བྱ་བའི་གནོན་ཤུགས་ཡིན་ལ། འབད་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན།  ང་ཚོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་གཙོ་
གནད་དེ་བས་ཀྱང་
ཡིན་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་བྱེད་ཐབས་ནུས་ལྡན་སྤྱད་
དེ་ནན་ཏན་གྱིས་ཐག་གཅོད་བྱ་དགོས།
      
ཤ་བོ་སྐྱབས་ཀྱི་ནན་བཤད་གནང་རྒྱུར།  ཉེ་བའི་ལོ་ཤས་རིང་པདྨ་རྫོང་གིས་སློབ་གསོའི་ལས་རིགས་ཚད་མཐོའི་མཐོར་འདེགས་གཏོང་བ་དང་མི་དམངས་ཡིད་ཚིམ་
པའི་སློབ་གསོ་སྒྲུབ་པས། 
སྤྱི་ཚོགས་ལས་རིགས་ཁག་གིས་ཚད་མཐོའི་མཐོང་ཆེན་དང་ཤུགས་ཆེན་པོའི་རྒྱབ་སྐྱོར་ཐོབ་ཡོད་ལ།  རྒྱ་ཆེའི་སློབ་གསོའི་བྱ་བ་གཉེར་མཁན་རྣམས་
ཀྱིས་འབད་འབུངས་ལྷོད་མེད་དང་སྒེར་སེམས་མེད་
པའི་ལེགས་སྐྱེས་ཕུལ་ནས་ཕུལ་བྱུང་མི་སྣ་སྐོར་དང་སྐོར་སྐྱེད་སྲིང་བྱས་པས་སྤྱི་ཚོགས་ཡོངས་ཀྱི་བསྔགས་བརྗོད་དང་བརྩི་་་་
འཇོག་ཐོབ་ཡོད། 
མིག་སྔར་པདྨའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་གོ་སྐབས་བཟང་པོ་ཞིག་ཏུ་
སླེབས་ཡོད་པ་དེས་ང་ཚོའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་
བཏིང་ཞིང་ཆ་རྐྱེན་སྐྲུན་ཡོད།  ང་ཚོས་པདྨའི་ཞི་མཐུན་བརྟན་བརླིང་འཕེལ་རྒྱས་ཀྱི་སྤྱི་
ཡོངས་ལ་
དམིགས་ཏེ་ནུས་ཤུགས་བཏོན་ནས་མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་སྒྲུབ་སྟེ། ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ནན་ཏན་
གྱིས་འཁུར་དགོས།   གཅིག་ནི་
ནུས་ཤུགས་ཡོད་རྒུས་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ།  གཉིས་ནི་ནུས་ཤུགས་ཡོད་རྒུས་སློབ་གསོ་
འཕེལ་རྒྱས་འགན་སྲུང་བྱེད་པ། གསུམ་ནི་སློབ་གསོའི་སློབ་
ཁྲིད་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། བཞི་ནི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་
པ།  ལྔ་ནི་སློབ་གསོ་ལ་མཐོང་ཆེན་དང་སློབ་གྲྭ་དར་རྒྱས་གཏོང་བའི་རྣམ་པ་ལེགས་
པོ་ཞིག་ཧུར་ཐག་གིས་བསྐྲུན་དགོས། གནས་བབ་གསར་པའི་འོག་རྫོང་ཡོངས་ཀྱི་རྒྱ་ཆེའི་
སློབ་གསོ་
དང་སློབ་གསོའི་བྱ་བ་གཉེར་མཁན་རྣམས་ཀྱིས་སྲོལ་རྒྱུན་བཟང་པོ་མུ་མཐུད་ནས་རྒྱུན་འཁྱོངས་དང་དར་སྤེལ་བཏང་སྟེ་ཚད་མཐོའི་བྱ་བའི་སྤྲོ་སེམས་དང་འབད་
འབུངས་ལས་སྒྲུབ་ཀྱི་སྙིང་སྟོབས་བསམ་ཐོག་ནས་ལས་གཅེས་ལས་བརྩོན་དང་ལས་སྒྲུབ་ཏན་ཏིག་བྱས་ཏེ་ཧུར་ཐག་གིས་རང་རྫོང་གི་སློབ་
གསོའི་བྱ་གཞག་རྣམ་པ་གསར་པ་
བཏོད་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་
ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་རྒྱུའི་རེ་བ་བཏོན་པ་རེད།
      
རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས<<སྟོབས་ཤུགས་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱས་ཏེ་པདྨའི་སློབ་གསོའི་རྒྱང་སྐྱོད་ལམ་བུ་གསར་པ་
འབྱེད་དགོས>>ཞེས་པ་བརྗོད་
གཞི་བྱས་ཏེ་རྫོང་ཡོངས་ཀྱི་སློབ་གསོའི་བྱ་བའི་གསུང་བཤད་གནང་། ལིའུ་ཀྲིན་ཝེ་ཡིས་བསྟན་རྒྱུར།  རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མི་
དམངས་ཀྱི་ཡིད་ཚིམ་པའི་སློབ་གསོ་གཉེར་རྒྱུ་དམིགས་འབེན་དུ་བྱས་ནས་ནང་དོན་འཕེལ་རྒྱས་དང་།  ཤེས་ལྡན་མི་སྣའི་སློབ་གསོ་སྟོབས་ཆེར་གཏོང་བ། ཐོན་ཁུངས་གཅིག་
གྱུར་འཆར་འགོད།  སྒོ་འབྱེད་གསར་གཏོད་བཅས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་
འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་རྫོང་ཡོངས་ཀྱི་གོང་འོག་ཚང་མར་སློབ་གསོ་འཕེལ་
རྒྱས་
ལ་སྐུལ་འདེད་གཏོང་བ་དང་སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་མངོན་གསལ་ཐོབ་ཡོད།  གཅིག་ནི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་
གྲོང་ཁྱེར་དང་
གྲོང་གསེབ་ཀྱི་སློབ་གྲྭའི་ཆ་རྐྱེན་སྔར་བས་ཇེ་ལེགས་སུ་བཏང་བ་དང་།  སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་ཁྲིད་
སྒྲིག་ཆས་ཉིན་བཞིན་འཐུས་སྒོ་ཆ་ཚང་
དང་།  སློབ་གྲྭའི་རིག་གནས་བྱེད་སྒོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་གཉིས་ནི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་
སྣོན་བརྒྱབ་ནས། དགེ་རྒན་གྱི་སྤྱི་ཡོངས་བྱང་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་བ།
 ཕྱིར་སྐྱོད་པ་དང་ནང་ལ་གདན་འདྲེན་ཞུ་བའིསློབ་ཁྲིད་བྱེད་སྟངས་སྤེལ་ཏེ།
རྫོང་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་།  རྫོང་ཡོངས་ཀྱི་གོང་འོག་ཚང་མར་སློབ་གསོ་གཉེར་བ་དང་སློབ་གསོ་བསམ་པ།
སློབ་གསོ་འཛིན་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་སུ་བཅུག་ཡོད། 
གསུམ་ནི་དབུལ་སྐྱོར་སློབ་རོགས་བྱ་རྒྱུ་རྒྱུན་འཁྱོངས་དང་དབུལ་ཐར་འགག་སྒྲོལ་ལ་རྒྱུན་ཆད་མེད་
པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་དང་། སློབ་བྱོལ་ཚོད་འཛིན་འགན་ལེན་ལས་དོན་དམ་འཛིན།  སློབ་གསོའི་སློབ་ཞུགས་རོགས་དངུལ་གཅིག་
གྱུར་འཆར་འགོད་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་དོ་ཁུར་བྱེད་ཚད་དང་། རེ་ལྟོས་བྱེད་ཚད། རོགས་སྐྱོར་བྱེད་ཤུགས་བཅས་ཟམ་
མི་ཆད་པར་ཆེ་རུ་སོང་ཡོད།
      
ལིའུ་ཀྲིན་ཝེ་ཡིས་ནན་བཤད་གནང་རྒྱུར། སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་དེ་བླང་བྱ་གསར་པ་དང་འཚམ་དགོས་པ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་
པ་དང་བསྟུན་ནས་རྫོང་ཡོངས་
ཀྱི་སློབ་གསོའི་བྱ་གཞག་ལ་མཆོང་སྐྱོད་དང་འཕེལ་རྒྱས་གསར་པ་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། གཅིག་ནས་དགེ་རྒན་
ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་
རྣམ་པ་གཏོད་དགོས་པ་དང་། གཉིས་ནས་སློབ་སྒྲུབ་ཆ་རྐྱེན་མགྱོགས་མྱུར་སྒོས་ཇེ་ལེགས་སུ་གཏོང་དགོས་པ། གསུམ་ནས་
སློབ་བྱོལ་ཚོད་འཛིན་འགན་ལེན་ལས་དོན་རྒྱུན་མཐུད་ངང་དམ་འཛིན་
ལེགས་པོ་བྱེད་དགོས། བཞི་ནས་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ལྔ་ནས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  དྲུག་ནས་སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་དགོས།  བདུན་ནས་
དགེ་རྒན་གྱི་ཀུན་
སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་རྒྱག་དགོས། 
      
རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་གཡང་དཀར་གྱིས་ཀྲུང་གུང་པདྨ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི<<སློབ་གསོའི་ཁོངས་གཏོགས2018ལོ་ནས2019
ལོའི་ཕུལ་བྱུང་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས>>ཁྱབ་བསྒྲགས་བྱས་པ་རེད།  པདྨ་རྫོང་སེ་ལེ་ཐང་གྲོང་རྡལ་སོགས་སློབ་གྲྭ་
ལྔ་ཁུལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་དང་འབྲིང་རྒྱུགས་ཀྱི་ཕུལ་བྱུང་སློབ་གྲྭའིགཟི་བརྗིད་མཚན་སྙན་ཐོབ་ལ།  རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་གསུམ་
2018ལོའི་སློབ་གསོའི་ཁོངས་གཏོགས་ཀྱི་ཐུན་མོང་ཕྱོགས་བསྡུས་དཔྱད་ཞིབ་བྱ་དགའིགཟི་བརྗིད་མཚན་སྙན་ཐོབ། ནོར་བུ་མཚོ་བཅས་བློ་མཐུན39ཕུལ་བྱུང་དགེ་
རྒནགྱི་གཟི་བརྗིད་
མཚན་སྙན་ཐོབ་པ་དང་། ཚེ་ལྷ་མོ་སོགས་བློ་མཐུན19ཕུལ་བྱུང་འཛིན་བདགགི་གཟི་བརྗིད་ མཚན་སྙན་ཐོབ་ཅིང་། མེ་ཏོག་ལྷ་མཛེས་སོགས་བློ་
མཐུན
49སྔོན་ཐོན་སློབ་གསོའི་བྱ་བ་བྱེད་མཁནགྱི་གཟི་བརྗིད་མཚན་སྙན་ཐོབ།  དབྱངས་མོ་སོགས་བློ་མཐུན7ཚེ་གང་སློབ་ཁྲིད་བྱེད་པའི་དགེ་རྒནགྱི་གཟི་
བརྗིད་མཚན་སྙན་ཐོབ་ཡོད་ལ།
  ལྷ་མོ་རྒྱལ་མཚན་སོགས་བློ་མཐུན4ཕུལ་བྱུང་སློབ་གཙོཡི་གཟི་བརྗིད་མཚན་སྙན་ཐོབ་པ་དང།  བན་དེ་བྱམས་སོགས་བློ་མཐུན4
ཕུལ་བྱུང་སློབ་དོན་ཀྲུའུ་རེནགྱི་གཟི་བརྗིད་མཚན་སྙན་ཐོབ།
  དཔའ་ཐར་སོགས་བློ་མཐུན19ཕུལ་བྱུང་ལྟ་སྐུལ་པའིགཟི་བརྗིད་མཚན་སྙན་ཐོབ།   ཚེ་བརྟན་
སོགས་སློབ་
གྲོགས15ཕུལ་བྱུང་གསུམ་བཟང་སློབ་མའིགཟི་བརྗིད་མཚན་སྙན་ཐོབ་པ་རེད། མཁའ་འགྲོ་མཚོ་སོགས་སློབ་གྲོགས11ཡུལ་གཞན་ནས་སློབ་གཉེར་
གྱི་མཐོ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་ཕུལ་བྱུང་སློབ་མའིགཟི་བརྗིད་མཚན་སྙན་ཐོབ་པ་དང་། 
རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གི་སྔོན་ཐོན་ཏང་ཀྲི་པུའུ་དང་།   སྔོན་ཐོན་སྡེ་
ཚོགས་ཀྲི་པུའུ། ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་དང་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཐོན་ཐུན་མོང་། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་གི་སྔོན་ཐོན་མི་སྒེར།
ཕུལ་བྱུང་
རྒྱབ་ཕྱོགས་ལས་སྒྲུབ་མི་སྣ34བཅས་ལ་གཟེངས་བསྟོད་བྱས་པ་རེད།
      
སློབ་གསོའི་ལས་དོན་གཟེངས་བསྟོད་ཚོགས་ཆེན་གྱི་རྗེས་སུ། རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་དགའ་བསུ་ཞུ་བ་དང་ཐེངས35དགེ་རྒན་དུས་ཆེན་
རྟེན་ལ་འབྲེལ་ཞུ་བའིརིག་རྩལ་
འཁྲབ་སྟོན་སྤེལ་པ་རེད།  སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོས་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་ཀྱི་བརྗོད་དོན་ལ་དམིགས་
ཏེ་ལོ་ཆུང་བྱིས་པ་རྣམས་ཀྱིས་དུས་རབས་གསར་པའི་ཀྲུང་
གོའི་ཕུགས་འདུན་མངོན་འགྱུར་ཡོང་ཕྱིར་ཕུགས་འདུན་རེ་རེ་བཞིན་འབད་བརྩོན་བྱས་ནས་མདུན་སྐྱོད་ཀྱི་སྙིང་་་་་
སྟོབས་ལ་ཡར་སྐུལ་བྱས་ཤིང་།  བྱིས་པ་རྣམས་ཀྱིས་རྒན་བཀུར་དྲིན་བཟོ་དང་བདེ་སྐྱིད་
ལྡན་པའི་བསམ་པའི་ཉམས་འགྱུར་མངོན་ཡོད།
       ཞང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་ཞང་ཀྲང་། སློབ་གསོའི་བྱ་བར་ལས་བགོས་འགན་གཉེར་བྱེད་པའི་མགོ་ཁྲིད། ཞང་གྲོང་རྡལ་སོ་སོའི་རྩྭ་སྲུང་དོ་དམ་པ་
དང་ནགས་སྲུང་བ། རྫོང་ཨུའི་ལས་ཁུངས་སོ་སོ་དང་
རྫོང་ཐད་གཏོགས་ལས་ཁུངས་དང་རྫོང་དུ་སྡོད་པའི་ཞིང་ཆེན་དང་ཁུལ་གྱི་ལས་ཁུངས་སོ་སོ། རིགས་སོ་སོའི་མང་ཚོགས་
ཚོགས་པ་དང་ཁོ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་དང་དེ་བཞིན་ཞང(གྲོང་
རྡལ)ཁག་གི་ལོ་རིམ་གསུམ་པ་ཡན་གྱི་སློབ་མ་དང་།  དགེ་རྒན།  སློབ་མའི་ཁྱིམ་བདག  རྫོང་
ཁོངས་
གཏོགས་སློབ་གྲྭ་ལྔ་ཡི་དགེ་སློབ་དང་། ཁྱིམ་བདག་སོགས་མི་སྟོང་བརྒྱད་ལྷག་ཐེངས་འདིའི་སློབ་གསོའི་ལས་དོན་གཟེངས་བསྟོད་ཚོགས་ཆེན་དང་རིག་རྩལ་འཁྲབ་སྟོན་
ལ་ཞུགས་ཡོད་པ་རེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།