ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་ཁྲིམས་འཛིན་ཅུས་ཅུས་ཀྲང་གཞོན་པ་སུའེ་ཞའོ་ཁྲན་དང་བཅས་པས་པདྨ་རྫོང་གི་འཐུང་ཆུའི་མགོ་ཁུངས་ཀྱི་ཁོར་ཡུག་གནད་དོན་བཅས་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་གནང་།
འབྱུང་ཁུངས།:ཉིན་རེ་པདྨའི་འཕྲིན་སྟེགས། 2019/9/8

 

       རྒྱལ་ཡོངས་ཀྱི་རྫོང་རིམ་པའི་འཐུང་ཆུའི་མགོ་ཁུངས་སྲུང་སྐྱོབ་ལས་དོན་སྲ་བརྟན་དང་། ཆུའི་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་ཇེ་མཐོར་གཏོང་བ། མང་
ཚོགས་ཀྱི་
འཐུང་ཆུའི་བདེ་འཇགས་ཁག་ཐེག་བྱེད་ཆེད།  ཟླ9ཚེས6ཉིན་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུའེ་ཞའོ་ཁྲན་དང་བཅས་
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་སི་ཝུན་ཤོན་དང་མགོ་ལོག་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཅུས་ཀྲང་ཧོ་ཡཱང་ཡཱང་གི་སྣེ་ཁྲིད་འོག་པདྨ་རྫོང་གི་འཐུང་ཆུའི་
མགོ་ཁུངས་གྱི་ཁོར་ཡུག་གནད་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་། ཁུལ་ཨུའི་རྒྱུན་ཨུ། 
པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་རྫོང་དཔོན་ལིའུ་ཀྲིན་ཝེ། རྫོང་
དཔོན་གཞོན་པ་ཝང་ཀྲི་ཀང་། དེ་མིན་རྫོང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཅས་ཐེངས་འདིའི་ཞིབ་བཤེར་ལས་དོན་ལ་ཞུགས།
     
ཐོག་མར་ལྟ་ཞིབ་ཚོགས་ཆུང་གིས་པདྨ་རྫོང་གི་འཐུང་ཆུའི་མགོ་ཁུངས་ལེགས་སྒྲིག་ལག་བསྟར་ཇུས་གཞི་དང་ཆུ་མགོའི་སྲུང་སྐྱོབ་ས་ཁུལ་དབྱེ་མཚམས་བཅད་པའི་མཆན་
བཀོད་བཀའ་ལན་དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་སོགས་ལ་ལྟ་ཞིབ་བྱས་པ་མ་ཟད་ཁས་ལེན་གང་ལེགས་གནང་། 

       དེ་རྗེས་ལྟ་ཞིབ་ཚོ་ཆུང་སེ་ལེ་ཐང་གྲོང་རྡལ་ཆུའི་མགོ་ཁུངས་དུ་སོང་ནས་ས་གནས་དངོས་ལ་བརྟག་དཔྱད་དང་བཅར་འདྲི་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་རང་རྫོང་
གི་འཐུང་ཆུའི་མགོ་ཁུངས་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས། གཙོ་གནད་སྲུང་སྐྱོང་ཁུལ་གྱི་མཐའ་མཚམས་མཚོན་རྟགས་དེ<<འཐུང་
ཆུའི་ཆུ་མགོའི་སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་ལག་རྩལ་གྱི་བླང་བྱ>>(HJ/T433-2008)ཚད་གཞི་ལྟར་བཟོས་ཡོད་མེད། འཐུང་ཆུའི་མགོ་ཁུངས་དུ་བཙོག་བཟོ་བྱེད་
པ། ཁྲིམས་འགལ་གྱི་འཛུགས་བསྐྲུན་ལས་གཞི་རྣམ་གྲངས་ཡོད་མེད་དང་།   འཐུང་ཆུ་མགོ་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་ཚུལ<<གཅིག་སྡུད་རྣམ་པའི་འཐུང་ཆུའི་
མགོ་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལག་རྩལ་གྱི་བླང་བྱ>>(HJ773-2015)དང་མཐུན་ཡོད་མེད།  ཞིབ་བཤེར་བྱེད་པའི་བརྒྱུད་རིམ་
ནང་རང་རྫོང་གི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་ལས་དོན་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།   གཙོ་
གནད་སྲུང་སྐྱོང་ཁུལ་གྱི་མཐའ་མཚམས་མཚོན་རྟགས་དེ<<འཐུང་ཆུའི་ཆུ་མགོའི་སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་ལག་རྩལ་གྱི་བླང་བྱ>>(HJ/T433-2008)ཚད་
གཞི་ལྟར་བཟོས་ཡོད་མེད། འཐུང་ཆུའི་ཆུ་མགོའི་ཁུལ་དུ་བཙོག་འབུད་བྱེད་ས་དང་། ཁྲིམས་འགལ་གྱི་འཛུགས་སྐྲུན་རྣམ་གྲངས། ཁྲིམས་འགལ་གྱི་དྲ་སྒམ་གསོ་ཚགས་བཅས་དང་
དེ་བཞིན་སྦགས་བཙོག་གི་བྱེད་སྒོ་གཞན་དག་ཡོད་མེད་དང་། འཐུང་ཆུའི་ཆུ་མགོའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱ་ཚུལ<<གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཚད་
ལྡན་ཅན་གྱི་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལག་རྩལ་གྱི་བླང་བྱ>>(HJ773-2015)དང་མཐུན་ཡོད་མེད།   ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་རང་རེའི་
རྫོང་གི་ཆུ་མགོའི་ཉེན་བརྡ་གཏོང་བའི་བྱང་བུ་ཅུང་ཆུང་བ་དང་།  རྒྱལ་ཁབ་ཀྱི་བླང་བྱའི་ཚད་གཞི་དང་ཆུ་མགོའི་ཉེ་འགྲམ་དུ་གད་སྙིགས་ལུས་ཡོད་པ་སོགས་ཀྱི་གནད་དོན་ལ་
ལན་བརྒྱབ་པ་མ་ཟད།  ས་གནས་ས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱ་རྒྱུའི་གྲོས་གཞི་བཏོན་པ་སྟེ།གཅིག་ནས<<འཐུང་ཆུའི་ཆུ་མགོའི་སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་ལག་རྩལ་གྱི་
བླང་བྱ>>(HJ/T3433-2008)ལ་བརྟེན་ནས་ཆུ་མགོའི་སྲུང་སྐྱོང་ཁུལ་གྱི་ས་མཚམས་ཀྱི་ས་ཁམས་མཚོན་རྟགས་དང་ཉེན་བརྡའི་མཚོན་རྟགས་སྔར་བས་འཐུས་ཚང་
དུ་གཏོང་དགོས་པ་དང་། གཉིས་ནས་ཆུ་མགོའི་ཁུལ་གྱི་ཉེ་འཁོར་གྱི་གད་སྙིགས་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་ནས་འཐུང་ཆུའི་ཆུ་མགོའི་ཁུལ་གྱི་མཐའ་འཁོར་གཙང་མ་དང་
སྦགས་བཙོག་མེད་པ་བྱེད་དགོས།གསུམ་ནས<<གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལག་རྩལ་གྱི་བླང་བྱ>>
(HJ773-2015)
ཚད་གཞི་ལྟར་འཐུང་ཆུའི་ཆུ་མགོའི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་བཏང་སྟེ་རྫོང་ཡོངས་ཀྱི་མི་དམངས་ལ་བདེ་ཐང་དང་བདེ་
འཇགས་ཀྱི་བློ་བདེའི་ཆུ་འཐུང་རྒྱུ་ཡོད་པའི་འགན་ལེན་བྱེད་དགོས། 
      
ཐེངས་འདིས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་བརྒྱུད་ང་ཚོས་ལྟ་སྐུལ་དང་དོ་དམ་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལྟ་ཞིབ་ཚོགས་ཆུང་གིས་བཏོན་
པའི་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱས་ནས་རྫོང་ཡོངས་ཀྱི་མི་དམངས་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན།


  

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།