ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་མུ་མཐུད་དུ་དབུལ་ཕོངས་སྡེ་བར་ཟབ་ཞུགས་བྱས་ཏེ་དབུལ་ཐར་འགག་སྒྲོལ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་།
འབྱུང་ཁུངས།: 2019/9/2

 

       ཟླ8པའི་ཚེས31ཉིན། ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྫོང་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཀྲུན་རེན་དབང་འབུམ་ཚེ་རིང་དང་རྫོང་
སྲིད་གཞུང་གི་
རྫོང་དཔོན་གཞོན་པ་ཀྲང་ཞིན། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་སྐྱིད། རྫོང་དབུལ་ སྐྱོར་ཅུས་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཁྲིད་དེ་སེ་
ལེ་ཐང་གྲོང་རྡལ་གྱི་དྷི་ནང་སྡེ་བ་དང་མདོ་གོང་མ་ཞང་སྨར་དང་བོ་སྡེ་བ། སྨར་ཁོག་ཞང་རྩིས་སྟོད་སྡེ་བ། གྱི་མཁར་ཞང་
དགོང་འབྲིང་སྡེ་བ། གྲུབ་ཆེན་ཞང་མཁས་མར་སྡེ་བ་
དང་གྲུབ་ཆེན་སྡེ་བ་བཅས་ལ་ཡུལ་དངོས་
ནས་དབུལ་ཐར་འགག་སྒྲོལ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་། རྫོང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་
ཚེ་རིང་དྲི་མེད་དང་རྫོང་མི་དམངས་འཐུས་ཚོགས་ཀྱི་
རྒྱུན་ལས་ཀྲུན་རེན་གཞོན་པ་དོན་ཆུང་། རྫོང་རིམ་པ་གཞོན་པའི་དགོན་པར་མཛུབ་སྟོན་པ་དགེ་འདུན་དང་གཞན་ཞང་
གྲོང་རྡལ་གྱི་འབྲེལ་ཡོད་བློ་མཐུན་གྱིས་ཕེབས་རོགས་འོག་ས་
གནས་སོ་སོར་རྟོག་ཞིབ་གནང་།

                         
      
ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ས་གནས་གང་ལ་ཐོན་དུས་སྡེ་བའི་ཕྱོགས་བསྡུས་གཞུང་ལས་ཞབས་ཞུ་ལྟེ་གནས་ཀྱི་བེད་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་། སྡེ་བའི་
ཐུན་མོང་
དཔལ་འབྱོར་ཐིག་རྟོལ་གནས་ཚུལ་དང་མཉམ་ལས་ཁང་གི་འཁོར་སྐྱོད་གནས་ཚུལ་བཅས་ལ་ཞིབ་ཕྲས་བཀའ་འདྲི་གནང་བ་དང་། སྡེ་བ་དབུལ་པོའི་གཞི་རིམ་ལས་
བྱེད་པ་དང་། ཧྲུའུ་ཅི་
དང་པོ། སྡེ་སྡོད་རུ་མི་སོགས་དང་བཞུགས་མོལ་སྤེལ་རེས་གནང་སྟེ།  ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་མིས་སྡེ་བའི་བཟའ་གྱོན་སྡོད་གསུམ་དང་
སྨན་བཅོས། སློབ་གསོ། ཉེན་ཁང་
སྒྱུར་བཀོད་སོགས་ཀྱི་ཐད་གནས་པའི་གནད་དོན་གྱི་སྙན་ཞུར་ནན་ཏན་གྱིས་ཉན་ཏེ་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་ལ་མཉམ་
དུ་གྲོས་མོལ་བྱས།    དུས་མཚུངས་སུ་དབུལ་
ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོ་ན་འབད་བརྩོན་ལྷོད་མེད་བྱེད་བཞིན་པའི་ལས་བྱེད་ལས་བཟོ་བར་འཚམས་འདྲི་དང་
བཀའ་དྲིན་ཞུས་པ་རེད།   ཁོང་གིས་སྡེ་བ་སོ་སོའི་གནས་
ཚུལ་ལ་གཞིགས་ཏེ་ས་གནས་ཀྱི་དགེ་མཚན་ལྡན་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས་སྡེ་བའི་ཐུན་མོང་
དཔལ་འབྱོར་འཕེལ་རྒྱས་དང་གནད་འཁེལ་དབུལ་ཐར་གྱི་ཟུང་
འབྲེལ་བྱ་ཡུལ་བཙལ་ཏེ་མི་རིགས་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་ཤུགས་ཆེན་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་
རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། ཁོང་གིས་ནན་
གྱིས་བསྟན་དོན། ཞང་དང་གྲོང་རྡལ་ཁག་གི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་
གིས སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམགྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་
ཆེན་གྱི་
དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་སྤྱོད་ཚུལ་རྒྱུན་མཐུད་ངང་བསྒྱུར་ཏེ་ཕྱོགས་ཡོངས་
ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་དབུལ་ཐར་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་ལག་བསྟར་བྱས་ནས་དུས་
བཀག་ལྟར་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་་་་་
ལེགས་འགྲུབ་བྱེད་དགོས།
                         
                         
      
ཧྲུའུ་ཅི་ཤ་བོ་སྐྱབས་དང་བཅས་པ་གྲུབ་ཆེན་བཙུན་མའི་བཀོད་སྒྲིག་ས་ཚིགས་སུ་ཕེབས་ནས་རྣམ་གྲངས་ལས་གྲྭའི་འཕེལ་རིམ་ལ་ལྟ་ཞིབ་གནང་བ་དང་། བཙུན་མ་
རྣམས་ཀྱི་འཚོ་
བའི་ཁྲོད་འཕྲད་པའི་དཀའ་ངལ་གྱི་གནད་དོན་བཀའ་འདྲི་གནང་བ་མ་ཟད།   བཙུན་མ་རྣམས་ཀྱིས་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་བསམ་
འཆར་དང་གྲོས་གཞི་ལ་
ཉན་ཏེ། དགུན་དུས་དྲོད་རླངས་མཁོ་འདོན་དང་།  འགྲོ་ལམ་སྲ་འགྱུར།  གསང་སྤྱོད་ཁང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་འབྲེལ་ཡོད་བླང་བྱ་
བཏོན་པ་རེད།།
                        


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།