ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རིག་གནས་པུའུ་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཧན་གོའི་རིན་ཁྲོན་ནས་སྤེལ།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། 2019/9/1

 

       ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རིག་གནས་པུའུ་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་ཧན་གོའི་རིན་ཁྲོན་ནས་སྤེལ།
ཀྲུང་གོའི་རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་ལོ་ཧྲུའུ་ཀང་དང་། ཧན་གོའི་རིག་གནས་ལུས་རྩལ་གནས་སྐོར་པུའུ་ཀྲང་ཕེའོ་ལིང་ཡུས། འཇར་པན་རིག་གནས་པུའུ་ཡི་
ཚན་རྩལ་བློན་ཆེན་ཁྲེ་ཧྲན་ཁྲང་ཡན་བཅས་མཉམ་དུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ།
 ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྱིག་གོ་ཧོང་དང་
ཧན་གོར་སྡོད་པའི་འཇར་པན་གྱི་གཞུང་ཚབ་ཆེན་མོ་ཁྲང་ལིན་ཨན་ཀྲིན་གྲོས་ཚོགས་ལ་ཞུགས།
      
ཚོགས་ཐོག་ནས་རྒྱལ་ཁབ་གསུམ་གྱི་པུའུ་ཀྲང་གིས་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་ཀྱི་རིག་གནས་པུའུ་ཀྲང་གི་གྲོས་ཚོགས་ཐེངས་བཅུ་བའི་ཚུན་ལ་བླངས་
པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་།
 མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་དངོས་གཉེར་མཉམ་ལས་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།  པུའུ་ཀྲང་
ཚོགས་འདུའི་རྗེས་སུ།
  རྒྱལ་ཁབ་གསུམ་གྱི་པུའུ་ཀྲང་གིས་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་ཀྱི་རིག་གནས་པུའུ་ཀྲང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་རིན་ཁྲོན་
བསྒྲགས་གཏམ་ཞེས་པའི་གྲུབ་འབྲས་ཡིག་ཆ་བཀོད་པར་མ་ཟད།
  སོ་སོར་ཀྲུང་གོའི་དབྱང་ཀྲིག་གྲོང་ཁྱེར་དང་ཧན་གོའི་ཧྲོན་ཐེན་གྲོང་ཁྱེར།  འཇར་པན་གྱི་ཅིག་ཀྲིག་གྲོང་
ཁྱེར་བཅས་ལ་ཉིས་སྟོང་ཉི་ཤུ་ལོའི་ཨེ་ཤ་ཡཱ་ཤར་མའི་རིག་གནས་ཀྱི་ཕ་ས་ཞེས་པའི་གཟི་བརྗིད་མཚན་སྙན་གནངས།
དེ་ལས་གཞན་གྲོས་ཚོགས་སྐབས་སུ་ད་རུང་ཀྲུང་གོ་དང་
ཧན་གོ།
 ཀྲུང་གོ་དང་འཇར་པན་གྱི་རིག་གནས་པུའུ་ཀྲང་གི་ཕྱོགས་གཉིས་གྲོས་མོལ་སྤེལ་བར་མ་ཟད།  ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་སྒྱུ་རྩལ་དུས་ཆེན་སོགས་བྱ་
འགུལ་སྤེལ་བ་རེད།
      
ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རིག་གནས་པུའུ་ཀྲང་གི་གྲོས་ཚོགས་ནི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་བར་གྱི་གྲོས་མོལ་རྐྱེན་སྲོལ་གལ་ཆེན་ཞིག་ཡིན་པ་
དང་།
རྒྱལ་ཁབ་གསུམ་གྱི་རིག་གནས་པུའུ་ཀྲང་གིས་དུས་བཅད་ལྟར་བསམ་འཆར་བརྗེ་རེས་བྱེད་པར་སྟེགས་བུ་བཟང་བོ་འདོན་སྤྲོད་བྱས་ཡོད། ཀྲུང་གོ་དང་འཇར་པན། ཧན་
གོ་བཅས་ཕྱོགས་གསུམ་གྱི་མཉམ་དུ་འབད་བརྩོན་བྱས་འོག
 སྐབས་སོ་སོའི་གྲོས་ཚོགས་ཀྱིས་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་རིག་གནས་བརྗེ་རེས་
དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
 གྲོས་ཚོགས་ཐེངས་བཅུ་གཅིག་པ་དེས་མུ་མཐུད་དུ་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་

ཀྱི་རིག་གནས་ཁྱབ་ཁོངས་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་རེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།