ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་མཚོ་སྔོན་གཙག་དྲུབས་འགྲེམ་སྟོན་སྐབས་གཉིས་པ་དང་གཙག་དྲུབས་འགྲན་སྡུར་ཆེན་མོ་དངོས་སུ་འགོ་བརྩམས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། 2019/9/1

 

       ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་མཚོ་སྔོན་གཙག་དྲུབས་འགྲེམ་སྟོན་དང་གཙག་དྲུབས་
འགྲན་སྡུར་ཆེན་མོ་དངོས་སུ་འགོ་བརྩམས་ཤིང་། 
 ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་
ཀྱིས་གཏམ་བཤད་པ་དང་།
 ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།  དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་འགྲན་སྡུར་ཆེན་མོ་འགོ་བརྩམས་པ་ཁྱབ་སྒྲོག་བྱས། ཧྲིན་ཀྲང་གཞོན་
པ་ཡང་ཧྥིན་ཁྲོན་གྱིས་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས།
 ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་དང་ཞིང་ཆེན་སྲིད་
གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་འགོ་རྩོམ་མཛད་སྒོར་ཞུགས།
      
མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་།  རིག་གནས་དང་ཡུལ་སྐོར་པུའུ།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀོང་ཏུང་ཞིང་ཆེན། དེ་མིན་ད་དུང་དུས་ཡུན་རིང་པོར་མཚོ་སྔོན་གྱི་གཙག་དྲུབས་ཐོན་ལས་ལ་རྒྱབ་སྐྱོར་ཟབ་ཞུགས་གནང་མཁན་གྱི་
སྤྱི་ཚོགས་ལས་རིགས་སོ་སོའི་ཁྱབ་ཁོངས་ལ་བཀའ་དྲིན་ཞུས།
 ཁོས་བཤད་རྒྱུར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཐོང་ཆེན་བླ་མེད་དང་རྒྱབ་སྐྱོར་ཤུགས་ཆེན་འོག་ནས།
མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་མཚོ་སྔོན་གཙག་དྲུབས་འགྲེམ་སྟོན་དང་གཙག་དྲུབས་འགྲན་སྡུར་སྐབས་ཐོག་མ་དངོས་སུ་སྤེལ་བ་ལ།    སྤྱི་ཚོགས་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་ནས་
གདེང་འཇོག་གང་ལ་གང་འཚམ་ཐོབ་པར་མ་ཟད།
 རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་གཙག་དྲུབས་ལག་རྩལ་སྦྱོང་བར་སྣེ་ཁྲིད་བྱས་པ་ལས་གཞན།  སྤྱི་ཚོགས་ལས་རིགས་སོ་སོའི་
ཁྱབ་ཁོངས་ཀྱི་མི་སྣ་རྣམས་གཙག་དྲུབས་ཐོན་ལས་ཁྲོད་ཞུགས་པར་ཚུར་འགུགས་བྱས་མཐར།
 ད་ཆ་མཚོ་སྔོན་གྱི་གཙག་དྲུབས་འདི་ཉིད་འཐེན་ཐུག་དཔལ་འབྱོར་གྱི་དོ་ཟླར་ཉན་པའི་
ཐོན་ལས་ཁྱད་ཆོས་ཅན་ཞིག་ཏུ་གྱུར་ཡོད།  
 སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གཙག་དྲུབས་ཀྱི་ཐོན་ལས་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་སེམས་ཤུགས་གང་ཡོད་
བཏོན་ནས།
 མཚོ་སྔོན་གྱི་གཙག་དྲུབས་འདི་ཉིད་མི་རིགས་མཐུན་སྒྲིལ་སྔོན་ཐོན་དང་སྐྱེ་ཁམས་སྲུང་སྐྱོབ། ཁྱད་ལྡན་རིག་གནས་བཅས་ཀྱི་གཟི་འོད་ངོམ་སའི་སྒེའུ་ཁུང་ཞིག་ཏུ་འགྱུར་
བར་བྱེད་དགོས་ལ།    
སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་མི་རིགས་སྔོན་ཐོན་གྱི་ཞིང་ཆེན་ཆེ་གྲས་བསྐྲུན་པ་དང་རིག་གནས་ཀྱི་མིང་གྲགས་ཞིང་ཆེན་བསྐྲུན་པ།   དབུལ་ཐར་
མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་བཅས་ལ་རོགས་འདེགས་བྱེད་སྤྱད་ལེགས་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།