ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། 2019/8/30

 

       ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་
གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
  ཚོགས་

ཐོག་ནས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་མཐར་ཕྱིན་བྱས་པ་
དང་།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་བྱ་བར་ཞིབ་འཇུག་བྱས་པ་ལས་གཞན། ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འོས་

འགན་སྐུལ་སྤེལ་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་མོལ་བྱས།
      
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཉིང་ཚོགས་འདུར་ཞུགས།
      
གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བའི་སྟེང་

གི་གསུང་བཤད་གལ་ཆེན་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་
ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་དང་གཞི་གཅིག་ཏུ་སྦྲེལ་ནས།
 བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་གི་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་པ་དང་།  ཐོག་
མཐའ་བར་གསུམ་ཀུན་ཏུ་བཅོས་སྒྱུར་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་དགོས།
  བློ་བརྟན་འགྱུར་མེད་ངང་ཁེ་ཕན་སྲ་འགྱུར་གྱི་སྐྱོན་ཆ་དང་འཕེལ་རྒྱས་ལ་འགོག་རྐྱེན་
བཟོ་བའི་སྒྲིག་སྲོལ་ལམ་སྲོལ་ཅི་རིགས་སེལ་དགོས་པ་ལས་གཞན།
  འཕེལ་རྒྱས་ལ་འགོག་པའི་སྒྲིག་སྲོལ་དང་ལམ་སྲོལ་སྐྱོན་ཆ་ཅི་རིགས་སེལ་དགོས།  བློ་བརྟན་འགྱུར་མེད་ངང་
བཅོས་སྒྱུར་ལས་རིམ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་དུ་བསད་དེ།
  གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་ལས་དོན་གཏིང་ཟབ་ས་
དང་བདེན་དངོས་རང་བཞིན་ལ་སྤེལ་དགོས་པར་མ་ཟད།
 དངོས་ཐོག་བདེན་འཚོལ་གྱི་གྲུབ་འབྲས་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཟེར།
      
གྲོས་ཚོགས་ལས་ནན་གྱིས་བསྟན་དོན།  ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་བྱ་བས་དུས་རིམ་རང་བཞིན་གྱི་ཕན་འབྲས་ངེས་ཅན་བླངས་ཡོད།

སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་དོན་
འཁྱོལ་བྱས་ནས།
ཏང་ཀྲུང་དབྱང་གི་བཅོས་སྒྱུར་གོམ་རྗེས་དམ་པོར་དེད་དེ། མཚོ་སྔོན་གྱི་ལས་དོན་དམ་འཛིན་བདེན་འཛིན་བྱེད་དགོས་ཟེར།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།