ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་པདྨ་རུ་རྟོག་ཞིབ་གནང་སྐབས། བྱ་བའི་ལས་འགན་ཁག་དངོས་སྒྲུབ་ཞིབ་སྒྲུབ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་།
འབྱུང་ཁུངས།: 2019/8/30

 

       ཟླ8པའི་ཚེས26ཉིན་ནས་ཚེས27ཉིན་བར་ཁུལ་སྲིད་གཞུང་གི་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་ཀྱིས་ཁུལ་དབུལ་སྐྱོར་ཅུས་ཅུས་ཀྲང་རིག་གནས་དང་། སྐྱེ་ཁམས་
ཁོར་ཡུག་སྲུང་སྐྱོབ་ཅུས་ཅུས་ཀྲང་
ཧོ་ཞང་དབྱང་། ཆུ་བེད་ཅུས་ཅུས་ཀྲང་གཞོན་པ་ཐན་ཆིང་ལི། འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་པ་སངས།  སློབ་གསོ་
ཅུས་ཅུས་ཀྲང་གཞོན་པ་རིན་ཆེན་རྡོ་རྗེ་བཅས་སྣེ་ཁྲིད་དེ་པདྨ་
རྫོང་དུ་དབུལ་སྐྱོར་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་། གསང་སྤྱོད་གསར་བརྗེ། ཚད་ལྡན་ཅན་གྱི་སློབ་གྲྭ། སྨན་
བཅོས་བསྒྱུར་བཅོས་ཐུན་མོང་སྒྲིག་གཞི་དང་གཙང(མཚེའུ)དཔོན་ལམ་ལུགས་སོགས་
ཀྱི་ལས་དོན་ལ་རྟོག་ཞིབ་གནང་།  རྫོང་སྲིད་གཞུང་གི་རྫོང་དཔོན་ལིའུ་ཀྲིན་ཝེ། རྒྱུན་
ལས་རྫོང་
དཔོན་གཞོན་པ་རྒྱལ་འབུམ་འཁྲུངས་དང་རྫོང་དཔོན་གཞོན་པ་ཀྲང་ཞེན་དེ་བཞིན་རྫོང་འཕེལ་བསྒྱུར་ཅུས་དང་དབུལ་སྐྱོར་ཅུས།  འགྲིམ་འགྲུལ།  ཞིང་ཕྱུགས་ཆུ་
བེད་ཅུས། སློབ་གསོ་ཅུས་སོགས་ཀྱི་
འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཕེབས་རོགས་འོག་རྟོག་ཞིབ་གནང་པ་རེད། ཁུལ་དཔོན་པད་རྒྱལ་བཀྲ་ཤིས་དང་བཅས་པས་སྔ་རྗེས་
སུ་སྨར་ཁོག་ཞང་དང་གྱི་མཁར་ཞང་། སྟག་མཁར་ཞང་། སེ་ལེ་ཐང་གྲོང་རྡལ་བཅས་སུ་སླེབས་ནས་ས་གནས་གཞན་སྤོས་བཀོད་སྒྲིག་ས་ཚིགས་དང་སློབ་གྲྭ།
   སྨར་ཁོག་ཤིང་
བརྐོས་ལས་སྣོན་བཟོ་གྲྭ།   མིང་ཅང་གཙང་པོ་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ལས་གྲྭ།   པིན་ཧོ་ཤར་ལམ་སོགས་སུ་བསྐྱོད་ནས་ལས་དོན་སྤེལ་ཚུལ་ལ་ཡུལ་དངོས་ནས་
གཟིགས་ཞིབ་གནང་
བ་རེད།
      
ཞང་ཁག་གི་ས་གནས་གཞན་སྤོས་བཀོད་སྒྲིག་བྱ་ཡུལ་དུ།  པད་རྒྱལ་བཀྲ་ཤིས་དང་བཅས་པས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཞིབ་ཕྲས་བཀའ་འདྲི་
གནང་བ་མ་ཟད་ཚགས་
འཇུག་བྱང་བུ་བཟོས་པའི་དབུལ་པོའི་ཁྱིམ་ཚང་དུ་མང་ཚོགས་བཞི་ལ་འཚམས་འདྲི་གནང་བ་དང་དབུལ་ཁྱིམ་དང་བྱམས་བརྩེའི་ངང་གླེང་མོལ་
གནང་ནས་ཁོང་ཚོའི་ཐོན་སྐྱེད་འཚོ་བ་དང་དེ་
བཞིན་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་གནས་པའི་གནད་དོན་ལ་ཞིབ་ཕྲས་བཀའ་འདྲི་
གནང་། ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་མཐོང་སྐབས་
ཧ་ཅང་དགའ་པོ་བྱུང་སྟེ། ཁོས་བསྟན་རྒྱུར། ཨར་ལས་ཀྱི་མྱུར་ཚད་སྔར་བས་ཇེ་མགྱོགས་སུ་བཏང་

སྟེ་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་སྒོས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁྱིམ་ཚང་རེར་གསང་སྤྱོད་ཁང་རེ་ཡོད་པར་བྱས་ཏེ་མང་ཚོགས་ལ་གསང་སྤྱོད་
ཁང་མེད་པའི་དཀའ་
ངལ་མཐའ་གཅིག་ཏུ་ཐག་གཅོད་བྱེད་དགོས།   དུས་མཚུངས་སུགསང་སྤྱོད་གསར་བརྗེའིའཛུགས་སྐྲུན་ལས་འགན་ལ་སྐུལ་འདེད་ཏན་ཏིག་
བཏང་སྟེ་ཚད་གཞི་མཐོ་བའི་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་གསང་སྤྱོད་ཁང་འཛུགས་པ་དང་།  ཤིང་ཆའི་རྒྱུ་ཆ་གཙོ་བོར་བྱེད་པ། བོད་བཟོའི་མཁར་རྫོང་གི་
རྣམ་པའི་མཛེས་བཟོ་བྱེད་པ་དང་།  རུལ་འགོག་དང་བརླན་འགོག དྲོད་སྲུང་། དབྱིབས་འགྱུར་སྔོན་
འགོག་སོགས་ཀྱི་བྱ་ཐབས་ཡག་པོ་སྤྱད་དེ། ནང་ཁུལ་ལ་དེང་རབས་
ཅན་གྱི་སྒྲིག་བཀོད་འཛུགས་སྐྲུན་
བྱེད་པ་དང་།    རྫོང་མཁར་གྱི་ཉམས་འགྱུར་སྒྱུར་བཀོད་དང་ཟུང་འབྲེལ་བྱས་ནས་འཛུགས་སྐྲུན་གྱི་ཉམས་འགྱུར་གཅིག་གྱུར་བྱེད་པ་
བཅས་ཀྱི་ཐོག་ནས་གསང་སྤྱོད་ཁང་ཚང་མ་ཟླ10པའི་སྔོན་ལ་ལས་
མཇུག་སྒྲིལ་རྒྱུའི་འགན་ལེན་བྱེད་དགོས།
      
ཡུལ་དངོས་ནས་ཞང་ཁག་གི་སློབ་གྲྭར་གཟིགས་སྐབས། ཁུལ་དཔོན་པད་རྒྱལ་བཀྲ་ཤིས་དང་བཅས་པས་ཚད་ལྡན་ཅན་གྱི་སློབ་གྲྭ་འཛུགས་སྐྲུན་གནས་ཚུལ་ལ་
གཟིགས་པ་དང་རྣམ་གྲངས་
འཛུགས་སྐྲུན་གྱི་འཕེལ་རིམ་དང་རྣམ་གྲངས་འཛུགས་སྐྲུན་ཁྲོད་ལྷག་པའི་གནད་དོན་དང་དཀའ་ངལ་ལ་བཀའ་འདྲི་གནང་བ་རེད།  ཁོས་
བསྟན་རྒྱུར། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ལ་
དམ་འཛིན་དང་། འོས་འགན་སློབ་གསོ་སྲ་བརྟན་ལ་དམ་འཛིན། དགེ་རྒན་གྱི་ནུས་པ་གསོ་སྦྱོང་ལ་དམ་འཛིན།
དཔུང་ཁག་འཛུགས་སྐྱོང་སྤྱོད་ཚུལ་ལ་དམ་འཛིན་བྱེད་པབཅས་ཀྱི་བསམ་བློ་
གཞིར་བཟུང་ནས། གནས་ཐོན་གསུམསྒྲུབ་སྟེ་སྲིད་གཞུང་གི་གཙོ་ཁྲིད་ལ་ཤུགས་སྣོན་

བརྒྱབ་ནས་འགན་འཁྲི་དོན་ཐོག་ཏུ་འཁྱོལ་པར་ཁག་ཐེག་བྱེད་པ་དང་།  ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་
དགོས་པ། ལས་ཁུངས་ཀྱི་
འགན་ནུས་འདོན་སྤེལ་བྱས་ནས་སློབ་གསོའི་ལས་དོན་གཅིག་གྱུར་འཆར་འགོད་དང་གནད་དུ་འཁེལ་བར་སྐུལ་འདེད་གཏོང་བ་དང་། མགྱོགས་
མྱུར་སྒོས་འོས་འགན་སློབ་གསོ་དོ་སྙོམས་ངང་
འཕེལ་རྒྱས་གཏོང་བ།     སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་བཅས་བྱས་ནས་མི་
དམངས་བློ་ཡིད་ཚིམ་པའི་སློབ་གསོ་སྒྲུབ་ནས། པདྨའི་སློབ་གསོའི་བྱ་
གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དོན་ དངོས་
ཀྱི་གནས་ཚུལ་ལ་གཞིགས་ནས་འཛུགས་སྐྲུན་གྱི་བྱ་ཐབས་མི་འདྲ་བ་སྤྱད་དེ་ཨར་ལས་ཀྱི་
འཆར་གཞི་ལུགས་མཐུན་བཟོས་ནས་སློབ་གྲྭའི་འགྲོ་ལམ་སྲ་འགྱུར་དང་།   སློབ་
ཁུལ་གསལ་བཟོ། གླིང་ཁུལ་གྱི་ལས་གྲྭ་བཅས་ལེགས་པོ་བསྒྲུབ་ཏེ་སློབ་གྲྭའི་ཆུ་མཁོ་འདོན་དང་།  བཙོག་འབུད། དྲོད་
རླངས།  གློག་ལམ་སོགས་ཀྱི་གནད་དོན་ཐག་གཅོད་
ཧུར་ཐག་བྱས་ནས་རྒྱུན་ལྡན་ངང་བེད་སྤྱོད་
ཐུབ་པ་བྱེད་དགོས།  ཞང་ཏང་ཨུ་དང་སྲིད་གཞུང་གིས་སྟོན་དུས་ཀྱི་སློབ་ཞུགས་ལས་དོན་ཡག་པོ་བསྒྲུབ་ནས་བཤོལ་སྡོམ་སྲུང་
འཛིན་འགན་ལེན་ལས་དོན་གྱི་བླང་བྱ་གཞིར་བཟུང་སྟེ་སློབ་ལོ་རན་
པའི་བྱིས་པ་གཅིག་ཀྱང་ཆད་མི་རུང་བའི་འགན་ལེན་བྱེད་དགོས། 
      
སྟག་མཁར་ཞང་གི་ཆུ་ལོག་སྔོན་འགོག་ཆུ་རགས་འཛུགས་སྐྲུན་གྱི་དུམ་མཚམས་རྣམ་གྲངས་ཀྱི་ཡུལ་དངོས་སུ།  པད་རྒྱལ་བཀྲ་ཤིས་དང་བཅས་པས་རྣམ་གྲངས་
འཛུགས་སྐྲུན་ཁྲོད་གནས་པའི་
དཀའ་ངལ་སྐོར་ལ་བཀའ་འདྲི་གནང་བ་རེད།   ཁོས་བསྟན་རྒྱུར།  མིང་ཅང་གཙང་པོ་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་ལས་གྲྭ་ནི་ཡུན་
རིང་བའི་དམངས་ཕན་ལས་གྲྭ་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་མཚོན་
རྟགས་ལས་གྲྭ་ཞིག་ཀྱང་ཡིན་པས་ཞོད་ཟོན་ཐན་འགོག་ལས་དོན་གྱི་གལ་ཆེའི་རང་བཞིན་དང་ཛ་དྲག་རང་
བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བྱེ་རྡོ་མཁོ་འདོན་འགན་ལེན་དང་ཕན་ཡོད་དུས་ཚོད་ཀྱི་མཚམས་ཚིགས་དམ་འཛིན་གྱིས་འཛུགས་སྐྲུན་ལས་འགན་ལ་སྐུལ་འདེད་
གང་མགྱོགས་
གཏོང་དགོས། དུས་མཚུངས་སུ་འཕྲལ་བསྟུན་སྔོན་ཇུས་ཁག་འཐུས་ཚང་དུ་གཏོང་བ་དང་ཆུ་རྒྱས་དུས་ཀྱི་མངོན་མེད་རྐྱེན་ངན་རྩད་ཞིབ་ལ་ཤུགས་སྣོན་བརྒྱབ་
ནས་ཆུ་རྒྱས་དུས་ཀྱི་ལས་དོན་སོ་
སོ་ཡག་པོ་བསྒྲུབ་དགོས།
      
གྲོང་གསེབ་ཁག་གི་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས།པད་རྒྱལ་བཀྲ་ཤིས་ཀྱིས་ནན་བཤད་གནང་རྒྱུར།    གཞི་རིམ་གྱི་ལས་ཀ་ཅུང་དཀའ་ཚེགས་ཆེ་བ་
དང་། ལས་འགན་རྙོག་འཛིང་ཆེ་བ། སྐབས་འགར་མི་གཅིག་གིས་གཉིས་ཀར་སྤྱོད་ཅིང་། གཞི་རིམ་ལས་བྱེད་པའི་འཚོ་བའི་གཞུང་དོན་སྒྲུབ་པའི་ཆ་རྐྱེན་བསྒྱུར་ཏེ། ལས་བྱེད་
པའི་ལས་ཤག་དང་གཞུང་ལས་ཁང་སོགས་ཀྱི་ཐད་ནས་རིམ་བཞིན་
འཐུས་ཚང་དུ་གཏོང་དགོས།   གོམ་སྟབས་རྗེས་མར་མདོ་གོང་མ་ནས་དར་ལག་བར་གྱི་གཞུང་ལམ་རིམ་
སྤོར་སྒྱུར་བཀོད་རྣམ་གྲངས་བརྩོན་ལེན་བྱས་ཏེ་རྫོང་མཁར་དང་ཞང་གྲོང་སྦྲེལ་མཐུད་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ།    དུས་མཚུངས་སུ་ཁུལ་ཨུ་དང་ཁུལ་སྲིད་
གཞུང་གི་ཚབ་ཞུས་ནས་
གཞི་རིམ་སྡེ་བའི་ལས་བྱེད་པར་འཚམས་འདྲི་བྱས་ཏེ་སྡེ་བ་ཚང་མར་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི10བཏང་ནས་དབུལ་སྐྱོར་
ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་།  
སྡེ་བའི་དབུལ་ཁྱིམ་ལ་རྒྱ་མ་ཁྲི5ཡི་འབྲས་ཕྱེ་གནང་ནས་འཚམས་འདྲི་བྱས།   ཞང་ཏང་ཨུ་དང་སྲིད་གཞུང་ལ་དབུལ་ཐར་

འགག་སྒྲོལ་གྱི་མ་དངུལ་སྒོར་ཁྲི10བཏང་ནས་ཞང་གི་ལས་བྱེད་པ་ཚོར་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། གནད་ཁེལ་
དབུལ་ཐར་སྐོར་གླེང་སྐབས་ནན་བཤད་གནང་རྒྱུར། 
  དབུལ་ཐར་འགག་སྒྲོལ་ལས་དོན་དེ་ནམ་མཁའ་ལས་ཆེ་བས་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ཉིན་བརྒྱའི་འགག་
སྒྲོལ་དམག་
འཐབ་དང་བལྟོས་མེད་དབུལ་ཐར་གྱི གཙང་སེལབྱ་སྤྱོད་ཀྱི་ཞང་ཁག་ལ་གནས་པའི་གནད་དོན་གྱི་ཞན་ཆ་གཞིར་བཟུང་སྟེ།   སེམས་ཁྲལ་མེད་པ་གཉིས་
དང་འགན་ལེན་གསུམགྱི་གནད་དོན་
ལ་དམིགས་ནས་ཁྱིམ་ཚང་དབུལ་པོ་དབུལ་ཐར་གྱི་དམིགས་ཚད་ཁག་དྲུག་དང་དབུལ་པོ་སྡེ་བ་དབུལ་ཐར་གྱི་དམིགས་ཚད་ཁག་དྲུག
རྫོང་དབུལ་པོའི་དམིགས་ཚད་ཁག་དྲུག་བཅས་མེད་པ་བཟོ་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིསགནད་དོན་དག་ཐེར་བཅོས་སྒྲིག་དང་། བདེ་འཇགས་འཐུང་ཆུ། དབང་པོ་
སྐྱོན་ཅན་ལ་བཀག་འགོག་མེད་པའི་བགྲོད་ལམ་སྒྱུར་བཀོད།ཐོན་ལས་འཕེལ་རྒྱས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་ཐིག་བརྟོལ་བྱེད་པ།སྡེ་བའི་རྣམ་པ་བཅོས་སྒྲིགསོགས་
འགག་སྒྲོལ་བྱ་སྤྱོད་ཡག་པོ་སྤེལ་ནས་དབུལ་ཐར་འགག་སྒྲོལ་གྱིགཙང་སེལབྱ་སྤྱོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་
མཇུག་མཐའི་མཁར་རྫོང་གཏོར་ཏེ་བདེ་ལེགས་ངང་དབུལ་ཞྭ་ཕུད་པ་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།   
ཕྱོགས་བསྡུས་སྨན་བཅོས་བསྒྱུར་བཅོས་དང་བདེ་ཐང་
དབུལ་སྐྱོར་བྱ་བའི་སྐོར་གླེང་སྐབས་ནན་
བཤད་གནང་རྒྱུར།  པདྨ་རྫོང་འཕྲོད་བསྟེན་ཁང་འཛུགས་སྐྲུན་འཐུས་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་སྨན་
བཅོས་འགན་བཅོལ་སྲིད་ཇུས་ཁག་དོན་འཁྱོལ་ནན་པོ་བྱས་ནས་མི་རེར་སྨན་བཅོས་འགན་བཅོལ་བྱང་བུ་ཡོད་པ་དང་མི་ཚང་མས་སྨན་བཅོས་འགན་བཅོལ་
བྱང་བུ་སྤྱོད་པའི་
ཕན་འབྲས་ཐོན་ཐུབ་པ་བྱེད་དགོས།  ཞང་གྲོང་འཕྲོད་བསྟེན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་མཁོའི་སྨན་རྫས་ཚང་མ་སྒྲོམ་ཐོག་ཏུ་བཞག་ནས་སྨན་པ་དང་
རྨང་
གཞིའི་སྒྲིག་བཀོད་རིམ་བཞིན་བཀོད་སྒྲིག་བྱས་ཏེ་ནད་པར་སྐྱིད་སྣང་ཡོད་པའི་སྨན་བཅོས་བྱེད་ས་མཁོ་འདོན་བྱེད་དགོས།     རིམ་དབྱེའི་ནད་བརྟག་སྨན་བཅོས་རིམ་
བཞིན་འཐུས་སྒོ་ཇེ་ཚང་དུ་བཏང་
ནས་ཞིང་ཆེན་དང་ཁུལ་རིམ་པའི་སྨན་ཁང་སོགས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དང་ཞང་གྲོང་འཕྲོད་བསྟེན་ཁང་གི་ཕྱོགས་གཉིས་ཀྱི་
ལྗང་མདོག་གཞན་སྒྱུར་སྨན་བཅོས་ལས་སྟེགས་བཙུགས་ཏེ་
ནད་པརསྒྱུར་ཐུབ་པ་དང་།  སྡོད་ཐུབ་པ། བཅོས་ཐུབ་པབཅས་ཀྱི་འགན་ལེན་བྱེད་དགོས། གྲོང་རྡལ་ཁྱེར་
དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་
བཅོས་བྱེད་ལམ་གསར་པའིགཅིག་འཐུས་རྣམ་པའིབསྡོམས་རྩིས་ཞབས་ཞུ་
འཐུས་སྒོ་ཚང་དུ་
བཏང་ནས་སྨན་བཅོས་འགན་བཅོལ་ལས་ཁུངས་དང་འབྲེལ་མཐུད་ཚགས་མེད་བྱེད་དགོས།    སྨན་ལ་བརྟེན་ནས་སྨན་བཅོས་བྱེད་པའི་རྣམ་པ་བསྒྱུར་བ་

དང་། སྨན་རྫས་ཀྱི་ཡོང་འབབ་མང་དྲགས་པ་དང་།  སྨན་བཅོས་ཡོང་འབབ་གཞན་དག་དམའ་དྲགས་པ་དང་ལག་རྩལ་རྗེས་ལུས་ཡིན་པའི་ཕན་མེད་ཀྱི་རྣམ་པ་བསྒྱུར་གང་
ཐུབ་བྱ་དགོས།   མཆིན་པའི་ཐུམ་འབུ་སོགས་ཡུལ་ནད་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་ནས་ཧུར་ཐག་གིས་སྨན་བཅོས་འགན་བཅོལ་ནང་ཞུགས་ཏེ་མང་ཚོགས་ལ་སྨན་

བཅོས་བྱེད་པའི་མ་དངུལ་ཡོད་པ་དང་རྒྱལ་ཁབ་ཀྱི་སྨན་བཅོས་སྲིད་ཇུས་ལ་བརྟེན་ནས་མང་ཚོགས་ལ་བདེ་ཐང་གི་དབུལ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་དུ་འཇུག་དགོས།

སློབ་གསོའི་ལས་དོན་སྐོར་གླེང་སྐབས་ནན་བཤད་གནང་རྒྱུར།   གཞོན་ནུ་སྟོབས་ཆེར་ཕྱིན་ན་ཀྲུང་གོ་སྟོབས་ཆེར་འགྲོ་ངེས་ཡིན་པས་ནུས་ཤུགས་ཡོད་རྒུས་ཡག་པོར་བཤོལ་
སྡོམ་སློབ་སྲུང་གི་ལས་དོན་
ལེགས་པོར་བསྒྲུབ་ཏེ་སློབ་ལོ་རན་པའི་བྱིས་པ་ཚང་མར་འོས་འགན་སློབ་གསོ་དང་ལེན་བྱེད་དུ་འཇུག་པ་དང་།     ཤེས་བྱར་བརྟེན་ནས་ལས་
དབང་ལ་འགྱུར་ལྡོག་གཏོང་བ།   ཤེས་བྱར་བརྟེན་ནས་སློབ་གྲྭར་ཞུགས་
ཚད་མཐོ་རུ་གཏོང་བ་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།   ཐོན་ལས་འཕེལ་
རྒྱས་གཏོང་བའི་སྐོར་གླེང་སྐབས་ནན་བཤད་གནང་རྒྱུར། 
སྨར་ཁོག་ཤིང་བརྐོས་ལས་སྣོན་བཟོ་གྲྭ་དང་ཕྱུགས་ལས་མཉམ་ལས་ཁང་། གེ་སར་མགྲོན་ཁང་ཆེན་མོ་སོགས་ཐོན་
ལས་
འཕེལ་རྒྱས་ཡག་པོ་ཕྱིན་ཡོད་ལ་གྲུབ་འབྲས་ཀྱང་ཐོབ་ཡོད།   ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ནན་ཏན་གྱིས་ཇུས་འགོད་བྱས་ཏེ་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་
སྲིད་ཇུས་དང་རྒྱུ་ནོར་ཡོང་འབབ་
སོགས་ཀྱི་ཐད་ནས་ཡོང་འབབ་མང་དུ་གཏོང་བ་དང་།  ཕྱོགས་གཞན་ཞིག་ནས་ལས་ཞུགས་ཐབས་ལམ་ལ་ཤུགས་སྣོན་རྒྱག་དགོས་པ་མ་
ཟད། དབུལ་སྐྱོར་ཐོན་ལས་ལ་བསམ་གཞིག་བྱེད་དགོས་པ།  ད་
དུང་ཁྱིམ་ཚང་དབུལ་པོ་མིན་པའི་ཐོན་ལས་འཕེལ་རྒྱས་ལ་ནན་ཏན་གྱིས་ཚད་ལེན་བྱས་ཏེ་རོང་འབྲོག་མང་
ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་སོགས་ཀྱི་བྱེད་ཐབས་བརྒྱུད་ལོ་མང་
རིང་ཆགས་པའི་སྒྱིད་ལུག་གི་རྣམ་པ་རྩ་བ་ནས་འགྱུར་ལྡོག་གཏོང་དགོས། ས་ཁམས་
ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་། "སྡེ་བ་རེར་ཇུས་འགོད་རེ"དང"སྡེ་བ་རེར་ཚོང་རྟགས་རེ"བསྐྲུན་
ཏེ། ཐོན་ལས་དབུལ་སྐྱོར་གྱིས་དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་ཡོང་བར་སྐུལ་ཁྲིད་བྱེད་དགོས།  
མི་སྡོད་ཁོར་ཡུག་བཅོས་སྒྲིག་སྐོར་གླེང་སྐབས་ནན་བཤད་གནང་རྒྱུར།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།   གྲོང་གསེབ་ཀྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱ་རྒྱུ་
གཙོ་གནད་དུ་ལེགས་པོ་བསྒྲུབ་དགོས།  ཞང(གྲོང་རྡལ)
སྡོད་གནས་ཀྱི་འཕྲོད་བསྟེན་གཙང་སེལ་དང་འགྲིམ་འགྲུལ་ལམ་རྒྱུད་གཙང་སེལ། སློབ་གྲྭའི་ཁོར་ཡུག་གཙང་སེལ།
ཨར་ལས་རྣམ་གྲངས་བྱ་ཡུལ་སོགས་ཀྱི་འཕྲོད་བསྟེན་གཙང་སེལ་ལས་དོན་སྤེལ་དགོས། 
སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས་རྩྭ་ཐང་དང་ནགས་ཁུལ།  བརླན་ས་བཅས་ཀྱི་དོ་
དམ་འགན་འཁྲི་འདོན་སྤེལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་དགོས།   ནག་འཇོམས་ངན་སེལ་
དང་ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཀྱི་གོ་སྐབས་གང་
ལེགས་སྤྱད་དེ་འབྲོག་པ་མང་ཚོགས་ལ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་གྲོང་སྡེ་རེ་
རེར་བརྒྱུད་སྤྲོད་བྱས་ནས་
ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་ཏུ་འཇུག་དགོས། 

       སྲིད་དོན་ཞབས་ཞུའི་ལྟེ་གནས་ལ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་རྒྱུར། འདི་ནི་ཁུལ་ཡོངས་ཀྱི་བྱ་བའི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཡིན་
པ་དང་། འཆར་འགོད་དང་ཇུས་འགོད་ལུགས་མཐུན་ཡིན་པ། སྒྲིག་བཀོད་ཆ་ཚང་བ། གནས་སྡོད་ལས་ཁུངས་མང་བ་དང་ལས་ཆོད་ཆེ་བ་
བཅས་ཡིན་པས། མུ་མཐུད་དུ་
བྱེད་ནུས་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། ཚད་ལྡན་དང་ལས་
ཆོད་ཆེ་བའི་སྒོ་ནས་འཁོར་སྐྱོད་བྱེད་པ། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་སྟབས་བདེ་བཟོ་བ་བཅས་བྱ་
དགོས། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ།གློད་སྡོམ་ཞབས་
གསུམསྒྱུར་བཅོས་ཀྱི་བླང་བྱ་
ནན་པོར་གཞིགས་ཏེ་ཞིབ་མཆན་འགོད་པའི་བརྒྱུད་རིམ་དང་ལྷུ་ཚིགས་ཁུ་བསྡུ་བྱེད་པ།  དཔང་ཡིག་གི་དོན་ཚན་སྔར་བས་ཁུ་བསྡུ་བྱེད་པ།
ལས་སྒྲུབ་ཀྱི་རྒྱུ་ཆ་ཉུང་དུ་གཏོང་བ་དང་བརྒྱུད་རིམ་ལེགས་སུ་གཏོང་བ།  ལས་སྒྲུབ་ཀྱི་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ། མང་ཚོགས་དང་ཁེ་ལས་ཀྱིས་ལས་དོན་སྒྲུབ་པར་
སྟབས་བདེ་ཆེ་ཤོས་བཅས་ཀྱི་སྒོ་ནས་ཞབས་ཞུ་ལྟེ་གནས་དེགཅིག་འཐུས་རྣམ་པའི་ཞབས་ཞུ
དང “མང་ཤོས་ལ་ཐེངས་གཅིག་རྒྱུག་པཅན་གྱི་ཁུལ་ཡོངས་ཀྱི་དཔེ་
སྟོན་སྲིད་དོན་ཞབས་ཞུའི་ལས་སྟེགས་ཤིག་ཏུ་གཏོད་བརབརྩོན་ལེན་བྱེད་དགོས།
      
པིན་ཧོ་ཤར་ལམ་གྱི་རྣམ་གྲངས་སྤེལ་ཡུལ་དུ་པད་རྒྱལ་བཀྲ་ཤིས་ཀྱིས་ནན་བཤད་གནང་རྒྱུར།  རྣམ་གྲངས་འཛུགས་སྐྲུན་ནི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་
ཐབས་ལམ་ནུས་ལྡན་ཞིག་ཡིན་པས།
ཞང་གྲོང་རྡལ་སོ་སོ་དང་ལས་ཁུངས་སོ་སོ། རྣམ་གྲངས་ལག་བསྟར་སྡེ་ཁག་སོ་སོས་ཤུགས་སྒྲིལ་མཉམ་ལས་དང་མཉམ་ཤུགས་ཆགས་
པར་བྱས་ཏེ་རྣམ་གྲངས་ལས་འགོ་འཛུགས་རྒྱུ་དེ་མིག་སྔའི་གཙོ་
གནད་ལས་དོན་ཞིག་ཏུ་བརྩིས་ནས་རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རྣམ་གྲངས་རེ་རེ་
བཞིན་གཙང་བཤེར་བྱེད་པ། རྣམ་གྲངས་རེ་རེ་བཞིན་དམ་འཛིན་ཏན་ཏིག་བྱེད་པ།རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དང་དུས་བཀག་ཁ་གསལ་བཟོ་བ་བཅས་བྱས་
ཏེ་འཕྲལ་མར་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། འགན་ནུས་འདོན་སྤེལ་གང་ལེགས་སྒོས་ཐབས་ཤེས་ཡོད་རྒུ་
བཏོན་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྟབས་བདེ་བཟོ་
བ་དང་གློག་ལྗང་བཀར་བ། ཆ་རྐྱེན་བཅས་
བསྐྲུན་དགོས།བདེ་འཇགས་ཐོན་སྐྱེད་དང་རྣམ་གྲངས་ཀྱི་འགྲོ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་འཛུགས་སྐྲུན་
རྣམ་གྲངས་རེ་རེ་བཞིན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་པ། 
འཛུགས་སྐྲུན་གྱི་གོ་རིམ་དང་འགྲོ་ལུགས་ཁྲིམས་དང་མཐུན་པ་བཅས་བྱེད་དགོས།  དེ་དང་ཆབས་ཅིག་
རྣམ་གྲངས་མ་འཇོག་གི་གཅིག་གྱུར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་།  གཅིག་གྱུར་རྣམ་
གྲངས་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་གཅིག་གྱུར་དགོས་རིགས་གཅིག་
གྱུར་བྱེད་ཐུབ་པའི་འགན་
ལེན་བྱེད་དགོས། ལྔ་བཅུ་བཞི་པའིའཆར་འགོད་སྒྲིག་བཟོ་བའི་སྐོར་གླེང་སྐབས་ནན་བཤད་གནང་རྒྱུར། ཚན་རིག་དང་མཐུན་པའི་སྒོ་ནས
ལྔ་བཅུ་བཞི་པའིའཆར་འགོད་བཟོ་
འགོད་དང་སྒྲིག་འཛུགས་ལག་བསྟར་བྱས་ཏེ།   འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་གྱི་མགོ་ལོག་གསར་པ་མགྱོགས་མྱུར་
ངང་འཛུགས་སྐྲུན་བྱེད་པ་དང་།  ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་བརྗིད་ཉམས་ལྡན་པའི་དམིགས་འབེན་མངོན་འགྱུར་
བྱེད་པར་དོན་སྙིང་གལ་ཆེན་ལྡན། གཙོ་གནད་ལས་འགན་དང་གཙོ་གནད་ཁྱབ་ཁོངས། གལ་ཆེའི་ལས་གྲྭ་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྒྱུར་བཅོས་
གསར་གཏོད་མངོན་གསལ་དོད་པོ་ཡོང་བ། འཆར་འགོད་ཀྱི་དམིགས་སའི་
རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཆར་འགོད་ཀྱིས་དངོས་ཡོད་གནད་དོན་
ཐག་
གཅོད་ཐུབ་པ་བྱེད་དགོས། ཞང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོས་མ་ལག་གི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱ་རྒྱུར་དོ་སྣང་བྱས་ཏེ་རང་འགུལ་ངང་མཐུན་སྦྱོར་
བྱེད་པ་དང་མཉམ་འབྲེལ་བརྟག་
ཞིབ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་བསམ་ཚོད་ལ་གཞིགས་ཏེ་བཟོ་བཀོད་བྱེད་པ་དང་རང་སོ་སོས་དམག་འཐབ་མི་བྱེད་པར་རང་རྫོང་
གི་དམིགས་སའི་རང་བཞིན་ཅུང་ཆེ་བའི་འཐབ་ཇུས་རང་བཞིན་གྱི་བསམ་ཕྱོགས་དང་གཏད་ཇུས་བྱེད་ཐབས་ཞིབ་འཇུག་བྱ་དགོས། ད་དུང་ཡུལ་དངོས་ནས་རྫོང་མཁར་
གྱི་སྡོད་ཁུལ་རྙིང་པ་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་དང་། མཚམས་བརྒལ་ལམ་བུ་འཛུགས་སྐྲུན་དང་
གྲོང་ཁྱེར་དང་གྲོང་རྡལ་གྱི་སྦུག་དྲ་སྒྱུར་བཀོད་སོགས་རྣམ་གྲངས་གལ་
ཆེན་ལ་བརྩིས་ནས་ཡིག་ཐོག་སྙན་ཞུ་ཕུལ་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས།
      
རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་ཐེངས་འདིའི་རྟོག་ཞིབ་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་དམ་འཛིན་
ཡག་པོ་བྱ་རྒྱུ་ཡིན་ལ།    ཞང(གྲོང་
རྡལ)སོ་སོས་ཧུར་བརྩོན་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་ངེས་པར་དུ་
ད་ལོའི་
ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས་ཤིང་།  ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་ལ་ཡིད་ཚིམ་པའི་ལན་ཅིག་འབུལ་དགོས་པའི་རྣམ་
འགྱུར་བསྟན།


 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།