ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་ནང།
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིན་ནས་ཚོགས་འགོ་བརྩམས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/27

 
                                                   

       ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་
བརྒྱད་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་ཝང་དབྱང་གྲོས་ཚོགས་ལ་ཞུགས།
      
སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་
ནས་ཚོགས་འགོ་བརྩམས་པ་དང་།
མི་དམངས་ཡིད་ཚིམ་པའི་སློབ་གསོ་བཟང་བོར་སྒྲུབ་དགོས་ཞེས་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་
སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།
 རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་ནས་སྙན་ཞུ་
ཕུལ།
 ཁོ་མོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་སློབ་གསོ་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་
ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ།
  ཁྱོན་ཡོངས་ནས་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་།  སྤྱོད་བཟང་མི་
བཟང་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པ།
  ཚན་རིག་གི་སློབ་གསོའི་འདུ་ཤེས་བརྟན་པོར་འཛུགས་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དཀའ་ཁག་གི་གནད་དོན་
དག་སེལ་བྱེད་པ་བཅས་བྱས་ནས།
  སྤྱོད་ཡོན་ཀུན་འཛོམས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་མང་པོ་གསོ་སྐྱོང་བྱས་པ་དང་། ཆེས་ཐོག་
མར་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།
 སློབ་གསོར་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་
བསྣན།
སློབ་གསོའི་མི་འདང་སར་ཁ་གསབ་བྱེད་པ་དང་སློབ་སྔོན་སློབ་གསོ་ཁྱབ་བརྡལ་དུ་གཏོང་བར་སྐུལ་འདེད་བཏང་ནས། ཞིང་སྡེ་ཉམས་ཞན་དང་གྲོང་རྡལ་དུ་འཚང་
ཁ་རྒྱག་པའི་གནད་དོན་ཐག་བཅད།
མཐོ་རྒྱུགས་བཅོས་བསྒྱུར་དང་སློབ་གསོའི་གདེང་འཇོག་བཅོས་བསྒྱུར།  དེར་མ་ཟད་སློབ་ཁྲིད་བྱེད་སྟངས་དང་སློབ་དེབ་བཅོས་བསྒྱུར་
བཅས་གཏིང་ཟབ་ཏུ་སྤེལ་ཏེ།
  དམངས་སྒྲུབ་སློབ་གསོའི་འཕེལ་རྒྱས་ཚད་ལྡན་དུ་གཏོང་བར་རྒྱབ་སྐྱོར་བྱས།  མཐོ་རིམ་སློབ་གྲྭས་ཚན་རྩལ་གསར་སྐྲུན་ལ་ཤུགས་སྣོན་བྱེད་
པར་སྐུལ་འདེད་བཏང་ནས་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་།
   སློབ་གསོའི་དབུལ་ཐར་མཁྲེག་གཏོར་གྱི་བྱ་བ་བཟང་བོར་སྒྲུབ་ནས་མི་
དམངས་ཡིད་ཚིམ་པའི་སློབ་གསོ་བཟང་བོར་སྒྲུབ་དགོས་པར་མ་ཟད།
 ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་
གསོ་བྱ་བའི་འབྲེལ་ཡོད་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཟེར།
      
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཆི་པོ་དང་ཏུང་ཅན་
ཧྭ།
ཝན་ཀང་། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ་སོགས་གྲོས་ཚོགས་ལ་ཞུགས།



                

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།