ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/27

 

       ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་གསར་འགྱུར་ཁྲུའུ་ཡིས་ཚེས་ཉེར་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ལྷོ་ཕྱོགས་དམག་ཁུལ་གྱིས་ཉིན་དེ་ནས་བཟུང་གཞི་རྒྱ་ཆེ་བའི་
དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར།
      
སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་དམག་སྤྱི་ཏི་བོ་ཨར་ནེ་ཁི་ཧྥུའུ་ཡིས་བཀོད་འདོམ་བྱེད་
པའི་འགན་ཁུར་ཡོད་ཅིང་།
ཨུ་རུ་སིའི་སྐམ་དམག་ཨང་བརྒྱད་པ་དང་། ཨང་ཞེ་དགུ་བ། ཨང་ང་བརྒྱད་པ། མཁའ་སྲུང་དམག་དཔུང་། མཚོ་ནག་གི་གྲུ་གཟིངས་རུ་ཁག
ལི་ཧེ་ས་ཁུལ་གྱི་གྲུ་གཟིངས་རུ་ཁག་སོགས་དམག་དོན་སྟོབས་ཤུགས་སྦྱོང་བརྡར་ལ་ཞུགས་རྒྱུ་རེད། དམག་དོན་སྦྱོང་བརྡར་དེ་ལོ་སི་ཐའོ་ཧྥུའུ་ཀྲིག་དང་། ཧྥུའུ་ཨར་ཅཱ་ཀི་
ལེ་ཀྲིག
 ཨ་སི་ཐི་ལཱ་ཧན་ཀྲིག སི་ཐཱ་ཧྥུའུ་ལོ་པའོ་ཨར་མཐའ་མཚམས་ས་ཁུལ།  ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ་བཅས་ཀྱི་མདའ་འཕེན་ར་བ་མང་བོ་ནས་
སྤེལ་རྒྱུ་རེད་ཟེར།
      
སྤྱི་སྒྲོག་ལས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དཔོན་དམག་སྟོང་བརྒྱད་པའི་ཉིས་བརྒྱར་བསླེབ་ཡོད་པ་དང་། མཚོན་ཆ་དང་
སྒྲིག་ཆས་སྟོང་གཉིས་དང་ལྔ་བརྒྱ་ལྷག་བཀོལ་སྤྱོད་བྱས་ཡོད་ལ།
དེའི་ནང་འཐབ་འཛིང་གནམ་གྲུ་སུམ་ཅུ་དང་གྱེན་འཕུར་གནམ་གྲུ་དྲུག་ཅུ ཐན་ཁི་འཁོར་ལོ་བརྒྱ་ལྷག
དམག་གྲུ་འགའ་བཅས་འདུས།
      
ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་ནི་དམག་རིགས་མང་བོས་རོགས་རེས་འཐབ་འཁྲུག་བྱེད་པའི་ནུས་པར་སྦྱོང་བརྡར་བྱས་ཏེ།  སྔར་
ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་རེད།
  སྤྱི་སྒྲོག་ལས་ཐེངས་འདིའི་དམག་དོན་སྦྱོང་བརྡར་
དེ་དུས་ནམ་ཞིག་ལ་མཇུག་རྫོགས་པ་གསལ་བོར་ཁྱབ་སྒྲོག་བྱས་མེད།



                    

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།