ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
མཛའ་བརྩེ་སྦྲེལ་ཟམ་བཙུགས་ནས་རོགས་སྐྱོར་ཐབས་ལམ་རྒྱ་བསྐྱེད་པ། ཧྲང་ཧའེ་ཆིང་ཕུའུ་ཆུས་སྲང་ལམ་གྲོང་རྡལ་གྱི་འཐུས་མི་ཚོགས་པ་པདྨ་རྫོང་དུ་ཕེབས་ནས་རྟོག་ཞིབ་སྤེལ་རེས་གནང་།
འབྱུང་ཁུངས།: 2019/8/27

 

      སྔར་ལས་ལྷག་པའི་སྒོ་ནས་ཧྲང་ཧའེ་གྲོང་ཁྱེར་ཆིང་ཕུའུ་ཆུས་དང་པདྨ་རྫོང་གཉིས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བ་སྐུལ་འདེད་གཏོང་བ་དང་། གོམ་གང་མདུན་སྤོས་ཀྱིས་
རོགས་སྐྱོར་ཐབས་ལམ་རྒྱ་
བསྐྱེད་ཕྱིར། ཟླ8པའི་ཚེས25ནས་ཚེས27ཉིན་གྱི་བར། ཀྲུའུ་ཅ་ཅའོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲེན་ཀྲང་ཆའོ་ཧུའེ་ཧྥེང་། ཏང་ཨུའི་ཨུ་ཡོན་
ཀྲུའུ་ཆའོ་ཆི་དང་ཞུས་ཅིང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའི་
ཅི་གཞོན་པ་ཧྲེན་ཡུང་ལེན། གྲོང་གཙོ་གཞོན་པ་ཧྲེན་ཅི་སོགས་འཁོར་དང་བཅས་པའི་མི་བཅུ་གཅིག་ཆིང་ཕུའུ་ཆིས་སྲང་
ལམ་གྲོང་རྡལ་གྱི་འཐུས་མི་ཚོགས་པས་ས་མཐོའི་དབྱང་རླུང་མི་འདང་བ་ཁྱད་
བསད་བྱས་ཏེ་ངལ་དུབ་ལ་མི་འཛེམ་པར་ལེ་དབར་སྟོང་ཕྲག་མང་པོ་བརྒྱུད་དེ་པདྨ་རྫོང་དུ་ཕེབས་

ནས་ཁ་གཏད་རོགས་སྐྱོར་དང་རྟོག་ཞིབ་སྤེལ་རེས། མ་དངུལ་ཞལ་འདེབས་འབུལ་བ་སོགས་ཀྱི་ལས་ དོན་སྤེལ།
      
ཚེས25ཉིན་གྱི་ཕྱི་དྲོར།  རྫོང་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཐོག་ཁང་གསུམ་པའི་གྲོས་ཚོགས་ཁང་དུ་ཧྲང་ཧའེ་ཆིང་ཕུའུ་ཆུས་སྲང་ལམ་གྲོང་རྡལ་འཐུས་མི་ཚོགས་

པས་པདྨ་རྫོང་གི་ཁ་གཏད་རོགས་སྐྲུན་བཞུགས་མོལ་ཚོགས་འདུ་དང་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས།  ཆིང་ཕུའུ་ཆུས་སྲང་ལམ་གྲོང་རྡལ་འཐུས་མི་ཚོགས་པའི་མི་སྣ་
ཡོངས་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་
ལིའུ་ཀྲིན་ཝེ། རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་གཞུང་རྒྱུན་ལས་རྫོང་དཔོན་གཞོན་པ་རྒྱལ་འབུམ་འཁྲུངས། རྫོང་ཨུའི་རྒྱུན་ཨུ། རྫོང་སྲིད་
གཞུང་རྫོང་དཔོན་གཞོན་པ་ལུའུ་ཧུའེ་དང་དེ་བཞིན་ཡར་ཐར་ཞང་
དང་དྷི་མདའ་ཞང་། རྫོང་སློབ་གསོ་ཅུས་སོགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཤིང་།
ཚོགས་འདུ་ལ་རྫོང་དཔོན་གཞོན་པ་ཝང་ཀྲི་ཀང་གིས་འགོ་འཛིན་བྱས།
ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་ཀྲུའུ་ཅ་ཅའོ་གྲོང་རྡལ་དང་ཞུས་ཅིང་གྲོང་རྡལ་མི་དམངས་སྲིད་
གཞུང་གིས་ཕྱོགས་སོ་སོ་ནས་པདྨ་རྫོང་མི་དམངས་སྲིད་གཞུང་ལ་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི50ཞལ་འདེབས་སུ་ཕུལ་བ་དང་། ཡར་ཐང་ཞང་དང་དྷི་མདའ་
ཞང་མི་
དམངས་སྲིད་གཞུང་ལ་ཕྱོགས་སོ་སོ་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི50ཡི་ཞལ་འདེབས་ཕུལ། ཞུས་ཅིང་གྲོང་རྡལ་གྱི་གཅེས་སེམས་ཁེ་ལས་ཀྱིས་པདྨ་རྫོང་ལ་རོགས་སྐྱོར་
མ་དངུལ་སྒོར་ཁྲི10ཞལ་
འདེབས་སུ་ཕུལ་བ་དང་།  ཧྲང་ཧའེ་ཅིན་ཧྥ་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། ཧྲང་ཧའེ་ཀྲུང་པིན་ཡུལ་སྐོར(ཚོགས་པ)ཚད་ཡོད་ཀུང་སི་
བཅས་ཀྱིས་ཕྱོགས་སོ་སོ་ནས་པདྨ་རྫོང་གི་དཀའ་ངལ་ཡོད་པའི་སློབ་མར་སྒོར་ཁྲི5ཡི་རོགས་སྐྱོར་བྱས་པ་རེད།    ཐེངས་འདིའི་ཞལ་འདེབས་མཛད་
སྒོ་ལ་ཁྱོན་བསྡོམས་སྒོར་ཁྲི
220ཞལ་འདེབས་སུ་ཕུལ།
     
རྫོང་དཔོན་ལིའུ་ཀྲིན་ཝེ་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་ཤིས་ཚིག་གནང་སྟེ།  པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་བཞིན་རྫོང་ཡོངས་ཀྱི་རིགས་སོ་སོའི་
མི་དམངས་ཀྱི་ཚབ་
བྱས་ནས་ཀྲུའུ་ཅ་ཅའོ་གྲོང་རྡལ་དང་ཞུས་ཅིང་གྲོང་རྡལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོས་བསྟན་རྒྱུར།
ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་
པ་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་།  ཆིང་ཕུའུ་ཆུས་ཏང་ཨུ། ཆུས་སྲིད་གཞུང་བཅས་ཀྱིས་ཁ་གཏད་རོགས་
སྐྱོར་གྱི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་ཕུལ་བྱུང་ལས་བྱེད་པ་པདྨ་རྫོང་དུ་ལས་དོན་སྤེལ་བར་མངགས་གཏོང་བྱས་ནས་པདྨ་རྫོང་དུ་ཁ་
གཏད་རོགས་སྐྱོར་བྱེད་
ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་པདྨ་རྫོང་གི་དཔལ་འབྱོར་དང་
སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་
པ་ཐོན་ཡོད། དེར་མ་ཟད་རྫོང་སྲིད་གཞུང་གི་ཚབ་ཞུས་ནས་སླད་ཕྱིན་གྱི་བྱ་བའི་ཁྲོད་རྫོང་ཡོངས་ཀྱི་གོང་འོག་ཚང་མས་འགན་འཁྲིའི་སྙིང་སྟོབས་སྔར་བས་ཆེ་རུ་གཏོང་བ་དང་།
འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ།  ཆོད་སེམས་དེ་བས་ཆེ་བ་དང་དངོས་དོན་གཉེར་བའི་བྱ་བའི་སྤྱོད་ཚུལ་སྔར་བས་ཇེ་ཟབ་ཏུ་གཏོང་བ།  རྣམ་གྲངས་དོ་དམ་ལ་རྒྱུན་ཆད་
མེད་པར་ཤུགས་སྣོན་རྒྱག་པ།
 བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རོགས་སྐྲུན་རྣམ་གྲངས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་ཐུབ་པའི་འགན་ལེན་
བྱ་རྒྱུ།
     
ཞལ་འདེབས་འབུལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀའི་མགོ་ཁྲིད་ཀྱིས་པདྨའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕྱོགས་གཉིས་ཀའི་སྤེལ་རེས་
མཉམ་ལས་སྔར་བས་
གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས་བཞུགས་མོལ་སྤེལ་རེས་བྱས་པ་རེད། སྤེལ་རེས་ཁྲོད་རྒྱུན་ལས་རྫོང་དཔོན་གཞོན་པ་རྒྱལ་འབུམ་འཁྲུངས་ཀྱིས་ཞིབ་
ཕྲ་སྒོས་པདྨའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ།  ལྷག་པར་དུ་ཡུལ་སྲོལ་གོམས་གཤིས་དང་། མདོག་གསུམ་པདྨའིའཕེལ་
རྒྱས་ཀྱི་འདུ་ཤེས། དེ་བཞིན་
པདྨ་རྫོང་གིས་དབུལ་ཐར་འགག་སྒྲོལ་དང་།  འོས་འགན་སློབ་གསོ་དོ་
སྙོམས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཐད་སྤྱད་པའི་བྱ་ཐབས་དང་ཕན་འབྲས་སོགས་
མཚམས་སྦྱོར་བྱས།   ཀྲེན་ཀྲང་ཆའོ་ཧུའེ་ཧྥེང་དང་ཧྲུའུ་ཅི་གཞོན་པ་ཧྲེན་ཡུང་ལེན་གྱིས་
ཕྱོགས་གཉིས་ཀའི་སྤེལ་རེས་མཉམ་ལས་སྔར་བས་ཇེ་ཟབ་ཏུ་བཏང་ནས་རོགས་སྐྱོར་གྱི་
འགན་འཁྲི་
འཁུར་བ་དང་རྒྱུན་མཐུད་ངང་གནད་ཁེལ་ཤུགས་འདོན་བྱས་ཏེ་ཁ་གཏད་རོགས་སྐྱོར་དེརང་ འཁྲིའི་བྱ་བཞིག་ཏུ་བརྩིས་ནས་བློ་སེམས་རྩེ་གཅིག་དང་སྟོབས་
ཤུགས་གཅིག་སྒྲིལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྨན་བཅོས་འགན་ལེན། འོས་འགན་སློབ་གསོ་
དོ་སྙོམས་སོགས་ཀྱི་ཐད་པདྨ་རྫོང་ལ་
རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     
མཇུག་མཐར་པདྨ་རྫོང་གི་ཚོགས་ཞུགས་མགོ་ཁྲིད་ཀྱིས་པདྨ་ལ་སྒེར་སེམས་མེད་པར་རོགས་སྐྱོར་བྱེད་མཁན་གྱི་ཀྲུའུ་ཅ་ཅའོ་གྲོང་རྡལ་དང་ཞུས་ཅིང་གྲོང་རྡལ་ལ་སླར་
ཡང་སྙིང་ཐག་པ་ནས་བཀའ་
དྲིན་ཆེ་ཞུས་པ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཆིང་ཕུའུ་ཆུས་ཀྱི་མགོ་ཁྲིད་ཚོས་པདྨ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་
ལ་དོ་ཁུར་མང་ཙམ་བྱེད་པ་དང་། པདྨར་མང་ཙམ་
ཕེབས་ནས་གཞི་རིམ་དུ་རྟོག་ཞིབ་བྱས་ཏེ་བཀའ་སློབ་གནང་བ་དང་། ཉམས་མྱོང་བཟང་པོ་སྤེལ་བ།  མཛའ་བརྩེ་སྔར་བས་
གཏིང་ཟབ་ཏུ་གཏོང་བ། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་།  མཉམ་
ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་བསྐྲུན་བྱ་རྒྱུའི་རེ་

བ་བཏོན་པ་རེད།
      
ཚོགས་འདུའི་རྗེས། ཧྲང་ཧའེ་གྲོང་ཁྱེར་ཆིང་ཕུའུ་ཆུས་སྲང་ལམ་གྲོང་རྡལ་འཐུས་མི་ཚོགས་པའི་ཁོངས་མི་དང་པདྨ་རྫོང་ཚོགས་ཞུགས་མགོ་ཁྲིད་དང་བཅས་པས་ཏང་
སྲིད་ཐོག་ཁང་གི་མདུན་ནས་མཉམ་པར་བསྐྱོན་པ་རེད།



 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།