ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
རྨ་ཆེན་རྫོང་གིས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་སྣ་ཚོགས་བསྒྲུབས།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/26

 

       མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་ཀྲུང་དབྱང་གི་སྐོར་ཐེངས་དྲུག་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་རུ་ཁག་ལ་ཚད་མཐོ་བའི་གདེང་འཇོག་
བྱས་ཏེ།མང་ཚོགས་ཀྱི་གྱོད་དོན་གཏུག་བཤེར་ལས་སྒྲུབ་དང་ལག་བསྟར་དང་བཅོས་སྒྱུར།
 ལྟ་རྟོག་བཅས་རྒྱུན་འཁྱོངས་བྱས་ཏེ།  ཆེས་གཟབ་ནན་གྱི་རེ་བ་དང་རྣམ་འགྱུར་བཟུང་
ནས།
  གནད་དོན་འབུར་ཐོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་བ་སྣ་ཚོགས་བསྒྲུབས།
      
རྨ་ཆེན་རྫོང་གིས་རུ་ཆུང་རྩ་འཛུགས་བྱས་ནས། ལྟ་རྟོག་རུ་ཁག་གིས་གནད་དོན་རིགས་དབྱེ་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་གི་ཇུས་གཞི་གཏན་འབེབ་བྱས་ཤིང་། རྨ་
ཆེན་རྫོང་གི་གད་སྙིགས་སྤུངས་སར་རང་བྱུང་གི་ཆུ་བཞུར་ནས་སྦག་བཙོག་བཟོས་པ་ཚབས་ཆེ་བའི་སྣང་ཚུལ་ལ་དམིགས་ནས།
 ལྟ་རྟོག་རུ་ཁག་ལ་རྫོང་དཔོན་གཞོན་པ་ཞིག་གིས་
མགོ་ཁྲིད་ནས་ཕྱོགས་ཡོངས་ནས་ལག་བསྟར་དང་བཅོས་སྒྱུར་གྱི་གནད་ས་དམ་འཛིན་བྱས།
      
རྟ་བོར་རྣོ་ལྕགས་བཟོ་གྲའི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་མཁའ་དབུགས་འབག་བཙོག་འགོག་པའི་བྱེད་ཐབས་ལག་བསྟར་མ་བྱས་པར་གནས་ཚུལ་ལ་དམིགས་ནས།
རྡོ་སོལ་ཁྲོ་ཐབ་ཀྱི་དུ་བའི་གནད་དོན་བཅོས་སྒྱུར་བྱས་ཤིང་། ལྟ་རྟོག་རུ་ཁག་གིས་ཁེ་ལས་ཀྱིས་ལས་ཀ་གཉེར་མཚམས་བཞག་ནས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དུ་བཅུག་པ་དང་།
རྨ་ཆེན་རྫོང་ཁོར་ཡུག་སྲུང་སྐྱོབ་ཅུའུ་ནས་གྱོད་གཞི་ལ་ཁྲིམས་ལྟར་སྒོར་ཁྲི་ཉི་ཤུའི་ཆད་པ་བཅད་ལ། མིག་སྔར་ད་དུང་བཅོས་སྒྱུར་བྱ་བའི་ལས་རིམ་ལག་བསྟར་བྱེད་ཀྱིན་པའི་སྒང་
རེད།





 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· བདེན་འཚོལ་དུས་དེབ་སྟེང་ཞི་ཅིན་ 2019/9/16

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།