ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > མགོ་ལོག
ལིག་ཐོ་ཡིས་མགོ་ལོག་ཏུ་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་ཇེ་མཐོར་བཏང་སྟེ་འགན་འཁྲི་ཡིད་ལ་ཉར་བ་དང་རང་འགུལ་གྱིས་བྱ་སྤྱོད་སྤེལ་བ་དང་ཐོག་མའི་བསམ་འདུན་ལག་བསྟར་བཟང་བོ་བྱེད་དགོས་བྱེད་ཟེར།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/15

 

     ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་ནས་བཅུ་བཞི་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཐོ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྗོང་དང་གཅིག་སྒྲིལ་རྫོང་།
པད་མ་རྫོང་། དགའ་བདེ་རྫོང་། དར་ལག་རྫོང་སོགས་སུ་ཚོང་ཟོག་འཁོར་རྒྱུགས་དང་དྲྭ་ལམ་ཉོ་ཚོང་། ཁྲོམ་རའི་ལྟ་སྐུལ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཆ་འཕྲིན་དང་ཞབས་ཞུའི་གནས་
ཚུལ། 
སྔོན་གཤེགས་དཔའ་བོའི་རྗེས་དྲན་སྒྲིག་ཆས་འཛུགས་བསྐྲུན་དོ་དམ་སོགས་བྱ་བར་བརྟག་དཔྱད་བྱས། ཤེས་རྟོགས་ཇེ་མཐོར་བཏང་སྟེ་འགན་འཁྲི་ཡིད་ལ་ཉར་བ། རང་འགུལ་གྱིས་བྱ་སྤྱོད་སྤེལ་བ་
དང་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཏེ་ཕྱོགས་སོ་སོའི་བྱ་བ་ནན་ཏན་གྱིས་སྒྲུབ་དགོས་ཟེར།
      
ལིག་ཐོ་ཡིས་བསྟན་དོན། ཕྱུགས་ལས་ནི་རང་རེ་ཞིང་ཆེན་གྱི་སྲོལ་རྒྱུན་གྱི་ཐོན་ལས་དང་ལྗང་མདོག་ཐོན་ལས། སྔོན་ཐོན་ཐོན་ལས་བཅས་ཡིན་པས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་
དཔེ་སྟོན་ཞིང་ཆེན་གྱི་འཛུགས་བསྐྲུན་སྐུལ་འདེད་ཀྱི་རྨང་གཞི་གཙོ་བོ་ཡིན་ལ་མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གཙོ་ཁྲིད་ཀྱི་གོ་གནས་བཟུང་ཡོད།  འདོན་སྤྲོད་ཕྱོགས་ཀྱི་སྒྲིག་
གཞི་གཏིང་ཟབ་བཅོས་བསྒྱུར་དང་ལྗང་མདོག་འཕེལ་རྒྱས་སྐུལ་འདེད།
དམངས་འཚོས་འགན་སྲུང་ལེགས་བཅོས་ཀྱི་ཐབ་ལམ་གལ་ཆེན་ཡིན། དྲྭ་ལམ་ཉོ་ཚོང་ལ་ཤུགས་སྣོན་དང་ཚོང་རྟགས་ཐོ་འགོད་
སྲུང་སྐྱོབས་སོགས་ཞབས་ཞུ་ལ་རྒྱབ་སྐྱོར་བྱས་ཏེ་ཐོན་ལས་རིམ་འཕར་ལ་ཤུགས་བསྣན་ཞིང་གོ་རིམ་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར།
 དམར་བོའི་རིག་གནས་ཐོན་ཁུངས་སྔོག་འདོན་
དང་གཏིང་ཟབ་ལེགས་སྒྲིག་བྱས་ཏེ་དམར་བོའི་རིག་གནས་རྗེས་ཤུལ་ལ་སྲུང་སྐྱོབས་གང་ལེགས་བྱ་དགོས།
 སྔོན་གཤེགས་དཔའ་བོའི་རྗེས་དྲན་འཛུགས་སྐྲུན་ལ་སྲུང་སྐྱོབ་དོ་དམ་བྱས་ཏེ་སྔོན་གཤེགས་
དཔའ་བོར་དུས་རྒྱུན་དྲན་གསོ་བྱ་དགོས་ཞེས་ནན་གྱིས་བསྟན།

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།