ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > ཞིང་ཆེན་ནང་ཁུལ།
2019ལོའི་རྒྱལ་ཡོངས་ཀྱི་སྐོར་བྲོ་འགྲན་སྡུར་ཟི་ལིང་ནས་བསྡུས་པ།
འབྱུང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། 2019/8/13

                                                             

       ཟླ8པའི་ཚེས11ཉིན། 2019ལོའི་རྒྱལ་ཡོངས་ཀྱི་སྐོར་བྲོ་འགྲན་སྡུར་ཟི་ལིང་ནས་བསྡུས་ཤིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོ་ནས་ཡོང་བའི་རུ་ཁག20ལྷག་དང་
འགྲན་ཞུགས་པ500ལྷག་ཐེངས་འདིའི་འགྲན་སྡུར་ཁྲོད་ཞུགས་པ་རེད།
      
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གཙོ་སྒྲུབ་མཛད་ཅིང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་ལྟེ་གནས། མཚོ་སྔོན་དགེ་ཐོན་
སློབ་ཆེན་ལུས་རྩལ་སློབ་གླིང་།  མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ཞབས་བྲོ་མཐུན་ཚོགས་ཀྱིས་རོགས་སྒྲུབ་མཛད། སྐོར་བྲོ་འགྲན་སྡུར་གྱིསལྷད་མེད། མི་ཆོས། བདེ་ཐང་།  འཆམ་མཐུན
བཅས་བརྗོད་གཞིར་བཟུང་སྟེ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྔར་ལས་དར་སྤེལ་དང་། ལུས་རྩལ་དང་རིག་གནས་ཡུལ་སྐོར་ཉོ་ཚོང་སོགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལམ་བུ་ཧུར་བསྐྱེད་སྒོས་འཚོལ་
ཞིབ་བྱེད་པ་དམིགས་འབེན་དུ་བཟུང་ནས། རྒྱལ་ཁབ་རིམ་པའི་གཟུགས་འདས་སྐོར་བྲོའི་དེང་རབས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བྱས། འགྲན་སྡུར་སྔོན་ལ་སྐོར་བྲོའི་གསོ་སྦྱོང་
འཛིན་གྲྭ་དང་སྐོར་བྲོའི་གླེང་སྟེགས་ཡང་བསྡུས་པ་རེད།
                              

       ཉེ་བའི་ལོ་འདི་འགར། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་པ་དང་བསྟུན། སྐོར་བྲོ་ནི་བོད་ཀྱི་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་པའི་ཆ་ནས། སྐོར་བྲོའི་རིག་གནས་རྒྱལ་ཡོངས་
ཀྱི་ས་ཁུལ་སོ་སོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ཚད་ཇེ་མཐོར་སོང་བ་མ་ཟད་བསམ་པའི་རིག་གནས་འཚོ་བ་ཡང་ཕུན་སུམ་ཇེ་ཚོགས་བཏང་བ་རེད།
ཐེངས་འདིའི་སྐོར་བྲོའི་འགྲན་སྡུར་བདེ་བླག་ངང་སྤེལ་བ་དེས། རབ་མཛེས་མཚོ་སྔོན་གྱི་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་ཐུན་མོང་
མ་ཡིན་པའི་མཛེས་ལྗོངས་དང་ཡུན་རིང་བའི་ལོ་རྒྱུས། སྣ་མང་རིག་གནས། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་གྱི་སྣང་བརྙན་དང་རིགས་སོ་སོའི་མི་དམངས་ཀྱི་རང་
སྟོབས་རང་སྤེལ་གྱི་བསམ་པའི་སྣང་བརྙན་མཚོན་པར་བྱེད་པ། རང་ཞིང་གི་དམངས་ཡོངས་ཀྱི་ལུས་སྦྱོང་དང་བདེ་ཐང་འཚོ་བའི་འདུ་ཤེས་མངོན་པར་བསྟན་པ་རེད།




 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།