ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
པདྨ་རྫོང་ཨུའི་ཏང་གི་སློབ་གྲྭས2019ལོའི་ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་དང་ཏང་ཞུགས་ཧུར་བརྩོན་ཅན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས།
འབྱུང་ཁུངས།: 2019/8/11

 

       ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་དང་ཏང་ཞུགས་ཧུར་བརྩོན་ཅན་གྱིས་ཏང་ལ་ངོས་འཛིན་བྱེད་ཚད་སྔར་བས་ཡར་རྒྱས་དང་གཏིང་ཟབ་ཏུ་གཏོང་བ། ཏང་ཞུགས་ཀུན་སློང་ཡོ་བསྲང་བྱེད་པ།
ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་འཛིན་ཤུགས་
ཆེ་རུ་གཏོང་བ་དང་།  ཏན་ཏིག་གིས་ཏང་ཡོན་གསར་པ་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་བ།  ཏང་ཡོན་
འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཟབ་ནན་དང་། ཚད་ལྡན། བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད།  རྫོང་ཨུ་རྩ་འཛུགས་པུའུ་ཡི་བརྡ་སྦྱོར་གྱི་བླང་བྱ་གཞིར་བཟུང་སྟེ། རང་སློབ་གྲྭས་ཟླ8པའི་
ཚེས5ནས་ཚེས7ཉིན་བར།2019ལོའི་ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་དང་ཏང་ཞུགས་ཧུར་བརྩོན་ཅན་གྱི་གསོ་སྦྱོང་འཛིན་གྲྭ་སྤེལ།  གསོ་སྦྱོང་བྱ་ཡུལ་ནི་ཞང་གྲོང་རྡལ་དང་ལས་ཁུངས་ཁག་གི་
ཏང་ཀྲི་པུའུ་དང་།  རྫོང་ཡོངས་ཀྱི་ཐད་གཏོགས་ལས་ཁུངས་དང་སྡེ་ཁག  ཞིང་ཆེན་དང་ཁུལ་གྱི་རྫོང་སྡོད་ཁག་གི་ཏང་ཀྲི་པུའུ་བཅས་ཁྱོན་ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་དང་ཏང་ཞུགས་ཧུར་

བརྩོན་ཅན80ལྷག་དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་ནང་ཞུགས་པ་རེད།
      
རྫོང་ཨུའི་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་པད་མ་རྒྱལ་གྱིས་མཛད་སྒོའི་འགོ་འཛིན་བྱས་པ་དང་།  རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ལི་གཡང་
དཀར་གྱིས་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་སྐུལ་སློང་གཏམ་བཤད་གནང་། ཁོ་མོས་དོན་སྙིང་གསལ་བོ་ཞིག་གི་སྟེང་ནས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་རང་ངོས་
ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། སློབ་སྦྱོང་གི་རྣམ་འགྱུར་ཡོ་བསྲང་དང་སློབ་སྦྱོང་གི་ཕན་འབྲས་དངོས་འགན་ལེན་བྱེད་པ་སོགས་ཀྱི་ཐད་ནས་ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ཡག་པོ་གཉེར་དགོས་
པའི་བླང་བྱ་གསལ་བོར་བཏོན། 
རྫོང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་སོ་སོསཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའུ་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)གསལ་འགྲེལ་དང་ཚོགས་ཆེན་བཅུ་དགུ་
པའི་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་བྱས་ཏེ་དུས་རབས་ཀྱི་ཚད་ལྡན་ཏང་ཡོན་ཞིག་བྱེད་པ་དང
ཏང་གི་སྒྲིག་ཡིགགསར་པའི་ཏང་ཡོན་གྱི་དབང་ཆ་དང་འོས་འགན།  ཏང་འཛུགས་སྐྱོང་ལ་བརྟེན་
ནས་དབུལ་ཐར་ལ་སྐུལ་འདེད་གཏོང་བ། ནག་འཇོམས་ངན་སེལ་སོགས་ཀྱི་ཆེད་དོན་ཤེས་བྱ་གོ་རིམ་ལྡན་པའི་ངང་ཟུར་ཁྲིད་བྱས།  དུས་མཚུངས་སུ། རྫོང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྫོང་ཨུའི་
རྩ་འཛུགས་པུའུ་ཡི་འགན་འཁུར་བློ་མཐུན་གདན་ཞུ་བྱས་ཏེ
ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཚད་གཞིཡི་སྐོར་ནས་ཏང་ཡོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཆེད་དོན་ཟུར་ཁྲིད་
བྱས་པ་རེད།
        རིགས་གཞུང་སློབ་སྦྱོང་བྱས་རྗེས་དགེ་སློབ་ཡོངས་ཀྱིས་མཉམ་དུ་མི་སེམས་འགུལ་བ་དང་གསོན་ཉམས་ལྡན་པའིམདེལ་གཉིས་སྐར་གཅིག་ལ་ལེགས་སྐྱེས་འབུལ་བའི་སྙིང་སྟོབསདང་།
སྐལ་བཟང་གི་མཚལ་ཡིག་སྙིང་སྟོབས》《ཡུལ་ཤུལ་ས་འགུལ་གནོད་སེལ་གྱི་འབད་བརྩོན་སྙིང་སྟོབསབཅས་ཀྱི་ཆེད་དོན་གློག་བརྙན་ལ་བལྟས་པ་དང་།   ཆེད་དོན་གློག་བརྙན་ལ་བལྟས་པ་
བརྒྱུད། སློབ་མ་ཡོངས་ལ་སེམས་འགུལ་ཐེབས་པའི་ཏང་གཤིས་སློབ་གསོའི་སློབ་ཁྲིད་ཐེངས་ཤིག་བྱས་ཏེ
འདུ་ཤེས་བཞིསྔར་བས་ཇེ་དྲག་དང་།ཡིད་རྟོན་བཞིཇེ་བརྟན། སྲུང་སྐྱོབ་གཉིས
སྒྲུབ་ཐུབ་པ་བཅས་བྱས་ཏེ། བསམ་བློའི་ངོས་འཛིན་མཐོ་རུ་ཕྱིན་པ་དང་།  ཆབ་སྲིད་ཀྱི་འགན་ཁུར་བྱེད་ཤུགས་ཆེ་རུ་བཏང་ཡོད།  ཚང་མས་མདེལ་གཉིས་སྐར་གཅིག་ལ་ལེགས་སྐྱེས་འབུལ་བའི་སྙིང་
སྟོབས་དང་། ཧྲེང་ཀྲང་སྐལ་བཟང་གི་དུས་རབས་ཀྱི་དཔེ་བཟང་སྙིང་སྟོབས། ཡུལ་ཤུལ་ས་འགུལ་གནོད་སེལ་གྱི་དམངས་སེམས་མཐུན་པའི་སྙིང་སྟོབས་བཅས་བྱ་བའི་ནང་དུ་འདྲེས་པར་བྱས་ཏེ། རང་
འགུལ་ངང་མདུན་སྐྱོད་དང་འབད་འཐབ་བྱེད་ཕོད་བྱས་ནས་ལས་སྒྲུབ་ལས་གཏོད་ཁྲོད་རང་ངོས་གསར་བཅོས་དང་།  རང་ངོས་ཡར་རྒྱས་ཡོང་བར་བྱས་ཏེ་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་ཡིན་
ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད་པ་རེད།
  སློབ་སྦྱོང་གི་ལས་འགན་འགྲུབ་རྗེས་སློབ་མ་ཡོངས་ལ་སྦྱངས་ཟིན་པའི་ནང་དོན་རྒྱུགས་བླངས་པ་རེད། རྒྱུགས་རའི་སྒྲིག་ལམ་ནན་མོ་དང་དོ་དམ་ནན་
མོ་ཡིན་པ།  སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ཅི་ཡང་མ་བྱུང་པ་རེད།
   ཐེངས་འདིའི་གསོ་སྦྱོང་ནི་སློབ་མའི་སློབ་ཞུགས་བརྩོན་ལེན་བྱས་ཚད་ཀྱིས30%ཟིན་པ་དང་།  སློབ་སྦྱོང་ཟིན་བྲིས་ཀྱིས
30%ཟིན་པ། རྒྱུགས་འབྲས་ཀྱིས40%ཟིན་པའི་བསྡུར་ཚད་ལྟར་ཕྱོགས་བསྡུས་ཀྱིས་དཔྱད་བསྡུར་གཏན་འབེབས་བྱས་ཐོག་སྦྱངས་འབྲས་བཟང་བའི་སློབ་མར་སློབ་མཇུག་སྒྲིལ་བའི་ལག་ཁྱེར་
གནང་བ་རེད།
      
ཐེངས་འདིའི་གསོ་སྦྱོང་མཇུག་རྫོགས་རྗེས་སློབ་མ་ཚོས་ཐེངས་འདིའི་གསོ་སྦྱོང་ལ་དམིགས་ནས་སློབ་སྦྱོང་གི་མྱོང་ཚོར་བྲིས་པ་མ་ཟད། དུས་ཡུན་ཐུང་བའི་གསོ་སྦྱོང་གོ་སྐབས་ཤིག་ཏུ་བཟུང་
སྟེ་བསམ་བློའི་ངོས་འཛིན་ཇེ་མཐོར་གཏོང་བ་དང་།  ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ཀྱི་གཏམ་སྤྱོད་ལ་ཞིབ་བསྡུར་ནན་མོ་བྱེད་པ།  ཏང་རྩ་འཛུགས་ཀྱི་རྟོག་ཞིབ་ལ་རང་རྟོགས་ཀྱིས་དང་ལེན་
བྱེད་པ་དང་།  རང་རྟོགས་ཀྱིས་ཏང་ཡོན་གྱི་འོས་འགན་སྒྲུབ་པ།  ལས་གནས་ལ་རྐང་འཛུགས་པ། ལས་བཀུར་སྐྱེས་འབུལ་བྱེད་པ་བཅས་ཀྱིས་གང་ས་གང་ནས་མིག་དཔེ་སྟོན་རྒྱུ་བརྩོན་ལེན་བྱས་ཏེ།
བྱ་སྤྱོད་དངོས་ཀྱི་ཐོག་ནས་སྔ་མོ་ནས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུ་བརྩོན་ལེན་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད་པ་རེད། 



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།