ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་བཞི་དབྱི་རག་ཤར་ཕྱོགས་ས་ཁུལ་ནས་བསད།
འབྱུང་ཁུངས།:མཚོ་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/8

 

       དབྱི་རག་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་བདུན་ཉིན་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཉིན་དེར་དབྱི་རག་ཤར་ཕྱོགས་ཀྱི་
ཏིས་ཡཱ་ལཱ་ཞིང་ཆེན་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་ཞིག་ལ་འཇབ་རྒོལ་བྱས་ཏེ།
  རང་སྲོག་གཅོད་པའི་འགས་གཏོར་
འཇབ་རྒོལ་དོན་རྐྱེན་སྤེལ་རྩིས་ཡོད་པའི་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་བཞི་བསད་ཟེར།
       ཏིས་ཡཱ་ལཱ་ཞིང་ཆེན་གྱི་ཧྲིན་ཀྲང་ཐཱ་མུས་མུས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཏིས་ཡཱ་ལཱ་ཞིང་ཆེན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་ཉིན་དེར་ཞིང་
ཆེན་དེའི་ལྟེ་གནས་གྲོང་ཁྱེར་པཱ་ཀུའུ་པེད་ཤར་ངོས་ཀྱི་སྤྱི་ལེ་རེ་ལྔའི་མཚམས་སུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་ཞིག་ལ་འཇབ་རྒོལ་
བྱས་པ་དང་། དེར་སྦས་སྐོང་བྱེད་པའི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་ཏེ། རང་སྲོག་གཅོད་པའི་འགད་རྫས་ལྭ་བ་གྱོན་པའི་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་བཞི་བསད་
པ་དང་།
འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གི་དམག་མི་གཅིག་ལ་འགུལ་སྐྱོད་དེའི་ཁྲོད་རྨས་ཕོག་ཟེར།
      
ཐཱ་མུས་མུས་ཀྱིས་བཤད་རྒྱུར།  དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་གིས་དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་དེ་ནས་མཚོན་ཆ་དང་འགད་རྫས་
མང་བོ་རྙེད་ཡོད་ཟེར།
  ཐཱ་མུས་མུས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་དེ་བཞི་བོ་རྒྱལ་ཁབ་གང་གི་ཡིན་པ་གསལ་བོར་བརྗོད་
མེད།



 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།