ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > པདྨ
ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་སྨན་ཁང301དང་། 303 305བཅས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་རང་རྒྱལ་རྫོང་དུ་ཕེབས་ནས་ཐུམ་འབུའི་ནད་ཀྱི་ཚགས་བཤེར་བྱེད་སྒོ་སྤེལ།
འབྱུང་ཁུངས།: 2019/8/5

 

       ཟླ8ཚེས1ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་གི་ཐུགས་ཁུར་དང་རྒྱབ་སྐྱོར། མཐུན་སྦྱོར་བཀོད་སྒྲིག་འོག རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འབྲེལ་མཐུད་ཧུར་ཐག་བྱས་པ་བརྒྱུད་
ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་།
ཀྲུང་གོ་གསོ་རིག་དངོས་རྫས་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་བཅས་ཀྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་
སྨན་ཁང
301དང་། 303  305བཅས་ཀྱིས་གྲུབ་པའི་སྨན་བཅོས་རུ་ཁག་དང་མཉམ་འབྲེལ་སྒོས་པདྨ་ རྫོང་དུ་ཕེབས་ཏེ་ཐུམ་འབུའི་ནད་ཚགས་བཤེར་དང་འགོག་བཅོས་ལས་དོན་སྤེལ་
བ་རེད།

      
ཉིན་དེའི་ཕྱི་དྲོར། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཏང་ཀྲི་པུའུ་ལྔ་བས་པདྨ་རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་དང་མཉམ་འབྲེལ་སྒོས་རྒྱལ་ཡོངས་རྒྱལ་
གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི།  པདྨ་རྫོང་གི་དམར་དམག་ལུང་བར
ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་ཡིད་ལ་དམ་པོར་བཅངསཞེས་བརྗོད་དོན་
གཙོ་བོར་དམིགས་ནས་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ།
 གསར་བརྗེའི་རྗེས་ཤུལ་ལ་ལྟ་བ་དང་། དམར་དམག་གི་གཏམ་རྒྱུད་ལ་ཉན་པ། དམར་དམག་འཐབ་འཛིང་པར་མཆོད་འབུལ་བྱེད་པ། ཏང་
ཞུགས་མནའ་ཚིག་ལ་བསྐྱར་
དྲན་བྱེད་པ་དང་།  རྒྱང་སྐྱོད་ལམ་བུ་བསྐྱར་དུ་སྐྱོད་པ་སོགས་རྣམ་པ་མང་པོ་བརྒྱུད་ནས་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ།  བསམ་བློའི་རྨང་གཞི་
སྔར་བས་ཇེ་བརྟན་དུ་གཏོང་བ་དང་ཕུགས་བསམ་དང་དད་
སེམས་སྲ་བརྟན་དུ་གཏོང་བའི་བསམ་པའི་འདེགས་སྐྱོར་སྔར་བས་ཇེ་བརྟན་དུ་བཏང་སྟེ་ཏན་ཏིག་གིས
འདུ་ཤེས་བཞིཇེ་དྲག་ཏུ་
གཏོང་བ། ཏང་གི་རྗེས་སུ་འབྲང་བ་
དང་སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། སྔར་བས་རང་རྟོགས་སྒོས་བསམ་བློ་དང་།
 ཆབ་སྲིད། བྱ་སྤྱོད་བཅས་
ཀྱི་ཐོག་
ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་
ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ།  གསར་བརྗེའི་ཡིད་ཆེས་དེ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་བྱ་གཞག་
ནང་ཞུགས་པའི་བསམ་པའི་སྒུལ་ཤུགས་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་རྒྱུ། 





 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལུའོ་ཧུང་ལིན། 2018/5/11
· ལི་ཧྥུའུ་ཉེན། 2018/5/11
· 000 2019/11/28 14:58:49

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།