ཚོགས་ཆེན་གཉིས་ཀྱི་ཆེད་དོན་ལེ་ཚན། པདྨ་རྫོང་མི་དམངས་སྲིད་གཞུང་།  
ཤོག་ངོས་དང་པོ། :> སྲིད་དོན་ཆ་འཕྲིན། > རྒྱལ་སྤྱི།
ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་ཞལ་འདེབས་ཕུལ།
འབྱུང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། 2019/8/31

 

       ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་བར་ཞལ་འདེབས་འབུལ་བའི་གྲོས་མཐུན་བཀོད་པ་དང་། ཀྲུང་གོ་ཡིས་
ཅཱ་ཧྲ་ས་ཁུལ་གྱི་ཡུལ་གྱར་བའི་ཟས་རིགས་ལས་གཞིའི་ཐད་ཞལ་འདེབས་ཕུལ་བ་རེད།
      
ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་། ཕཱ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་གཅོད་ཁང་གི་ཀྲུའུ་རིན་ཀུའོ་ཝེ་ཡིས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་
ཡིས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་འཕྲོད་བསྟེན་དང་སློབ་གསོ།      དེ་མིན་རྨང་གཞིའི་ཞབས་ཞུ་གཞན་པ་འདོན་སྤྲོད་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་
གཟེངས་བསྟོད་བྱས། ཁོས་ད་རུང་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བ་དང་ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་བྱེད་འདོད་ཡོད་ཟེར།
      
དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ནི་གཅིག་སྟོང་དགུ་བརྒྱ་ཞེ་དགུའི་ལོར་བཙུགས་པ་དང་།  གཙོ་བོ་ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་དུ་
འཚོ་སྡོད་བྱེད་པ་དང་།  དེ་མིན་ཅོར་ཏན་དང་སི་རི་ཡཱ། ལེ་པཱ་ནུན་བཅས་སུ་ཡོད་པའི་ཕཱ་ལེ་སི་ཐན་གྱི་ཐོ་འགོད་བྱས་པའི་ཡུལ་གྱུར་བར་མི་ཆོས་རིང་ལུགས་ཀྱི་རོགས་
སྐྱོར་དང་སློབ་གསོ། སྨན་བཅོས་སོགས་ཞབས་ཞུ་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད།




 

 
 
· ལིག་ཀྲིན་དབུས། 2018/5/11
· རྒྱལ་འབུམ་འཁྲུངས། 2018/5/11
· ལྷ་ཆེན་ཚེ་རིང་། 2018/5/11
· ཀརྨ་སྐྱིད། 2018/5/11
· ལའོ་ཧོང་ལིན། 2018/5/11
· ལི་ཧྥུ་ཉན། 2018/5/11
· མཚོ་སྔོན་ཀན་སུའུ་སི་ཁྲོན་མཐའ་འ 2019/8/23

2008-2012 པདྨ་རྫོང་མི་དམངས་སྲིད་གཞུང་། All Rights Reserved
09758322651 མགོ་ལོག པདྨ  ཆ་འཕྲིན་རབ་གསལ། :814100
པདྨ་རྫོང་མི་དམངས་སྲིད་གཞུང་།